མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་གི་ལས་བྱེད་པས་གཞི་རིམ་དུ་ཡིག་ཆ་ཨང་དང་པོ་སྒྲོག་མགོ་ཚུགས།

2024-02-29 09:10:50   |   299

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས26ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི2024ལོའི་ལས་བྱེད་པ་གཞི་རིམ་དུ་སོང་ནས“སློབ་སྦྱོང་གཅིག་དང་འཆད་ཁྲིད་གཉིས། སྐུལ་འདེད་གསུམ། མཐོར་གཏོང་བཞི”ཡི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས། ཁུལ་ཡོངས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་མི་སྣ297གཙོ་བྱས་ནས་ཐིང་རིམ་པའི་མགོ་ཁྲིད32དང་རྫོང་རིམ་པའི་མགོ་ཁྲིད110ཁོ་རིམ་པ་དང་དེའི་མན་གྱི་ལས་བྱེད་པ285ཁུལ་ཡོངས་ཀྱི་ཞང་དང་གྲོང་རྡལ30ཡི་སྡེ་བ214ལ་མངགས་ནས་སྒྲོག་འགྲེལ་བྱ་རྒྱུ་རེད།

ཐེངས་འདིའི་བྱ་འགུལ་དེ་ཟླ2པའི་ཚེས26ཉིན་ནས་མགོ་བརྩམས་ཏེ་ཟླ3པའི་ཚེས25ཉིན་མཇུག་བསྒྲིལ་རྒྱུ་དང་། ཉིན30ཡི་དུས་ཚོད་བེད་སྤྱད་དེ་སྒྲོག་འགྲེལ་ལས་བྱེད་པ་གཞི་རིམ་མང་ཚོགས་དང་ཉེ་བཅར་བྱ་རྒྱུའི་སྐུལ་སློང་བྱས་ནས“ཉམས་མྱོང་སློབ་སྦྱོང་དང་། སྲིད་ཇུས་སྒྲོག་པ་དང་གཏམ་རྒྱུད་སྒྲོག་པ། འཆམ་མཐུན་ལ་སྐུལ་འདེད། ཐོན་སྐྱེད་ལ་སྐུལ་འདེད། དར་རྒྱས་ལ་སྐུལ་འདེད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་བ། གྲོང་གསེབ་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་གཏོང་བྱེད་པ། གྲོང་གསེབ་ཀྱི་བཅོས་སྐྱོང་ཆུ་ཚད་མཐོར་གཏོང་བྱེད་པ། གྲོང་གསེབ་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཆུ་ཚད་མཐོར་གཏོང་བྱེད་པ”སོགས་ཀྱི་ནང་དོན་ལ་གཞིགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་འཕེལ་རྒྱས་སྲིད་ཇུས་སྒྲོག་འགྲེལ་བྱེད་པ། ལྷག་པར་འབྲུ་རིགས་བདེ་འཇགས་འགན་ལེན་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ། མཐོ་སྒང་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་བཅོས་བསྒྱུར་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཏང་གི་ཞིང་སྟོབས་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་བྱེད་ཐབས་དག་རོང་འབྲོག་ཁུལ་དང་ཐོན་སྐྱེད་འཐབ་ས་དང་པོར་དྲིལ་སྒྲོག་ཡག་པོ་བྱས་ཏེ། མང་ཚོགས་ཀྱིས“ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བར”ཁྲིད་སྟོན་བྱས་ཏེ། རོང་འབྲོག་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ངར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད། །


མཉམ་སྤྱོད།