མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་ཁྲིམས་འགལ་བྱ་སྤྱོད9དམར་འདོན་བྱས།

2024-02-29 09:17:55   |   631

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དཔྱིད་གསར་སྐྱེལ་འདྲེན་རིང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ནས་གཙོ་གནད་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ལ་དོ་དམ་ནན་མོ་དང་ཐག་གཅོད་ནན་མོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱ་ཆེད་མཚོ་སྔོན་མྱུར་བགྲོད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལས་སྒྲུབ་རུ་ཆེན་སོ་སོ་བཀོད་སྒྲིག་བྱས་ཏེ་ཆང་འཐུང་ནས་རླངས་འཁོར་བསྐོར་བ་གཅིག་སྡུད་བཅོས་སྒྲིག་གི་གཅིག་གྱུར་བྱ་སྤྱོད་དང་འགྲིམ་འགྲུལ་ཁྲིམས་འགལ་ཚབས་ཆེན་བཅོས་སྒྲིག་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་རྒྱུ་བཀོད་སྒྲིག་བྱས།

ཉེ་དུས་རྩད་ཆོད་བྱུང་བའི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན9དམར་འདོན་བྱས་པ།

2024ལོའི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད23དང་སྐར་མ3ཙམ་ལ། ཐུང་ཧའེ་ལམ་ནས་རླངས་འཁོར་ཨང་བྱང་མཚོ་སྔོནBXX292རྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བ་ལུའི་ཆེ་གེ་མོས་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་ཤེས་རྟོགས་བྱུང་ལ། ཡུལ་དངོས་ནས་དབུགས་གཏོང་རྣམ་པའི་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་ཤིང་དེའི་ཁྲག་ནང་དུ་ཆང་བཅུད་འདུས་ཚད74mg/100﹪ཡིན་པས། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་དོགས་གཞི་ཡོད་པ་རེད།

微信图片_20240229094849.jpg

2024ལོའི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད23དང་སྐར་མ15ཙམ་ལ། ཐུང་ཧའེ་ལམ་ནས་རླངས་འཁོར་ཨང་བྱང་མཚོ་སྔོནAXX39Jརྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བ་ལི་ཆེ་གེ་མོས་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་ཤེས་རྟོགས་བྱུང་ལ། ཡུལ་དངོས་ནས་དབུགས་གཏོང་རྣམ་པའི་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་ཤིང་དེའི་ཁྲག་ནང་དུ་ཆང་བཅུད་འདུས་ཚད76mg/100mLཡིན་པས། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་དོགས་གཞི་ཡོད་པ་རེད།

微信图片_20240229094854.jpg

2024ལོའི་ཟླ2པའི་ཚེས10ཉིན་གྱི་ཆུ་ཚོད23དང་སྐར་མ29ཙམ་ལ། ཐུང་ཧའེ་ལམ་ནས་རླངས་འཁོར་ཨང་བྱང་མཚོ་སྔོནXX850ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བ་པའེ་ཆེ་གེ་མོས་ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་ཤེས་རྟོགས་བྱུང་ལ།ཡུལ་དངོས་ནས་དབུགས་གཏོང་རྣམ་པའི་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་ཤིང་དེའི་ཁྲག་ནང་དུ་ཆང་བཅུད་འདུས་ཚད64mg/100mLཡིན་པས།ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་དོགས་གཞི་ཡོད་པ་རེད།

微信图片_20240229094859.jpg

2024ལོའི་ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད22དང་སྐར་མ25ཙམ་ལ། ཟི་ལིང་ནས་སྐུ་འབུམ་བར་གྱི་མྱུར་ལམ་གྱི་མཁར་ལྷོའི་ཕྱིར་གཏོང་ལམ་ནས་རླངས་འཁོར་ཨང་བྱང་མཚོ་སྔོནBB2755ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བ་སུང་ཆེ་གེ་མོས་ཆང་བཏུངས་རྗེས་རླངས་འཁོར་བསྐོར་བ་ཤེས་རྟོགས་བྱུང་ལ། ཡུལ་དངོས་ནས་དབུགས་གཏོང་རྣམ་པའི་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་ཤིང་དེའི་ཁྲག་ནང་དུ་ཆང་བཅུད་འདུས་ཚད་ནི53mg/100mLཡིན་པས། ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་དོགས་གཞི་ཡོད་པ་རེད།

微信图片_20240229094904.jpg

2024ལོའི་ཟླ2པའི་ཚེས12ཉིན་གྱི་ཆུ་ཚོད23དང་སྐར་མ30ཙམ་ལ། ཐུང་ཧའེ་ལམ་ལས་སྒྲུབ་ས་ཚིགས་ནས་རླངས་འཁོར་ཨང་བྱང་མཚོ་སྔོནAXXY27ཡིན་པའི་རླངས་འཁོར་ཆུང་གྲས་ཀྱི་ཁ་ལོ་བ་ལིའུ་ཆེ་གེ་མོས་ཆང་འཐུང་རྗེས་རླངས་འཁོར་བསྐོར་བའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་ལ། ཡུལ་དངོས་ནས་དབུགས་གཏོང་རྣམ་པའི་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད་དེའི་ཁྲག་ནང་དུ་ཆང་བཅུད་འདུས་ཚད་ནི52mg/100mLཡིན་པས། ཆང་འཐང་རྗེས་རླངས་འཁོར་བསྐོར་བའི་དོགས་གཞི་ཡོད་པ་རེད།

微信图片_20240229094909.jpg

2024ལོའི་ཟླ2པའི་ཚེས23ཉིན་གྱི་ཆུ་ཚོད21དང་སྐར་མ45སྟེང་། འགག་སྒོའི་ཕྱིར་གཏོང་ལས་སྒྲུབ་ས་ཚིགས་ནས་ཁ་ལོ་བ་བསོད་ནམས་ཆེ་གེ་མོས་ཨང་བྱང་མཚོ་སྔོནAXXV65རྟགས་ཅན་གྱི་རླངས་འཁོར་ཆུང་གྲས་བསྐོར་བ་ལ་ནུས་ལྡན་གྱི་ཁ་ལོ་བའི་འཛིན་ཡིག་མེད་པར་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པ་རྩད་ཆོད།

微信图片_20240229094914.jpg

2024ལོའི་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད15དང་སྐར་མ35སྟེང་། ཟི་ལིང་ལྷོ་ཕྱོགས་དངུལ་བསྡུ་ས་ཚིགས་ནས་ཁ་ལོ་བ་ཝང་ཆེ་གེ་མོས་ཨང་བྱང་མཚོ་སྔོནA527XXརྟགས་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་དཀྱུས་མ་བསྐོར་བ་ལ་ནུས་ལྡན་གྱི་ཁ་ལོ་བའི་འཛིན་ཡིག་མེད་པར་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པ་རྩད་ཆོད།

微信图片_20240229094919.jpg

2024ལོའི་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད15དང་སྐར་མ55སྟེང་། ཟི་ལིང་ལྷོ་རྒྱུད་ཀྱི་དངུལ་བསྡུ་ས་ཚིགས་ནས་ཁ་ལོ་བ་སྙིང་ཆེ་གེ་མོས་ཨང་བྱང་ཧྲནAXXD7Nཡིན་པའི་འགྲུལ་སྐྱེལ་རླངས་འཁོར་དཀྱུས་མ་བསྐོར་བ་ལ་ནུས་ལྡན་གྱི་ཁ་ལོ་བའི་འཛིན་ཡིག་མེད་པར་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པ་རྩད་ཆོད།

微信图片_20240229094925.jpg

2024ལོའི་ཟླ2པའི་ཚེས26ཉིན་གྱི་ཆུ་ཚོད11དང་སྐར་མ00སྟེང་། མཚོ་ཤར་ནུབ་རྒྱུད་ཀྱི་དངུལ་བསྡུ་ས་ཚིགས་ནས་ཁ་ལོ་བ་ཝང་ཆེ་གེ་མོས་ཨང་བྱང་མཚོ་སྔོནAXX952ཡིན་པའི་འགྲུལ་སྐྱེལ་རླངས་འཁོར་དཀྱུས་མ་བསྐོར་བ་ལ་ནུས་ལྡན་གྱི་ཁ་ལོ་བའི་འཛིན་ཡིག་མེད་པར་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་ཀྱི་དོགས་གཞི་ཡོད་པ་རྩད་ཆོད།

微信图片_20240229094930.jpg


མཉམ་སྤྱོད།