མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུ་ཁོལ་ཁུ་ནག་གི་ཉེས་སྐྱོན།

2024-02-29 11:21:37   |   746

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས།  ཁམས་པའི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


t010547037f36fa5227.jpg

  • གཅིག ཁུ་ཁོལ་ཁུ་ནག་ནང་ཁོ་ཧྥེའི་དབྱིངས་ཡོད་པས་འཐུངས་དྲགས་ན་སྙིང་ཁ་འཕར་ཤུགས་ཆེ་རུ་འགྲོ་ཡི་འདུག།

  • གཉིས། ཁུ་ཁོལ་ཁུ་ནག་འཐུངས་དྲགས་ན་དེའི་ནང་གི་རྫས་འགྱུར་དངོས་པོ་ལེམ་སྐྱུར་དང་དབྱང་གཉིས་ཐཱན་འགྱུར་ཞུ་ནས་སོ་རུལ་འགྲོ་ཡི་འདུག། 

  • གསུམ།  ཁུ་ཁོལ་ཁུ་ནག་ནང་མངར་ཆ་མང་བས་ཤ་རྒྱགས་པ་ཆགས་ཀྱི་འདུག། གཟུགས་བྱད་ལ་དང་དོད་གནང་མཁན་ཚོས་འཛེམས་ན་ཡག་པོ་འདུག།

  • བཞི། ཁུ་ཁོལ་ཁུ་ནག་གིས་མངལ་འཁོར་བའི་སྦྲུམ་མར་གནོད་པ་ཆེ།  ཁུ་ཁོལ་ཁུ་ནག་ནང་གི་ཁོ་ཧྥེའི་དབྱིངས་ཀྱིས་ཕྲུ་གུའི་ཀླད་པ་དང་སྙིང་སོགས་ལ་གནོད་འཚེ་ཆེ་བས་ཕྲུ་གུ་ཡ་མ་གཟུགས་སྐྱེས་པའམ་ལྷན་སྐྱེས་རང་བཞིན་གྱི་ནད་ཕོག་ཉེན་ཆེ།

  • ལྔ།  ཁུ་ཁོལ་ཁུ་ནག་འཐུང་རྒྱུར་དགའ་བའི་མིའི་རུས་པ་སོབ་སོབ་ཆགས་ཚད་ཁུ་ཁོལ་ཁུ་ནག་མི་འཐུང་མཁན་ལས་ལྡབ5ཡིས་ཆེ་བ་ཡོད། དེ་ནི་ཁུ་ཁོལ་ཁུ་ནག་ནང་གི་རྫས་འགྱུར་དངོས་པོ་ལེམ་སྐྱུར་གྱིས་ལུས་པོའི་འཚོ་བཅུད་ཀལ་བསྡུ་ལེན་བྱེད་ཀྱི་ཡོད་པས་ཡིན།

  • དྲུག  ཁུ་ཁོལ་ཁུ་ནག་འཐུངས་དྲགས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེ། དེ་སྔར་མི་ཞིག་གིས་ཁུ་ཁོལ་ཁུ་ནག་གི་ལྕགས་ཀྲིན་ནང་ལྕགས་གཟེར་གཅིག་བླུགས་ནས་ཚོད་ལྟ་བྱེད་སྐབས། དུས་ཚོད་གང་འཚམ་སོང་རྗེས་ལྕགས་གཟེར་དེ་ཞུ་འདུག། དེར་བརྟེན་གལ་སྲིད་ང་ཚོས་རྒྱུན་དུ་ཁུ་ཁོལ་ཁུ་ནག་འཐུངས་དྲགས་ན་ཕོ་བ་དང་རྒྱུ་མར་གནོད་པ་ཆེན་པོ་བཟོ་ཡི་འདུག 

  • ཡག་ཤོས་བྱུང་ན་ནམ་རྒྱུན་ང་ཚོས་ཁུ་ཁོལ་ཁུ་ནག་འཐུང་རྒྱུ་མེད་པ་དང་། འཐུང་ནའང་ཚད་རན་པོ་བྱེད་རྒྱུ་དེ་ཤིན་ཏུ་གལ་ཆེའོ།།


མཉམ་སྤྱོད།