མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-01 07:48:37   |   241

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ2ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་བའི《སྲིད་གཞུང་གི་ལས་དོན་སྙན་ཞུའི》མ་ཟིན་ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

  • ཞིན་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ལས་བྱེད་པའི་སློབ་སྦྱོང་དང་གསོ་སྦྱོང་གི་སློབ་དེབ་ཁག་དྲུག་པར་གླེང་གཞི་བྲིས་ཏེ། རིམ་པ་ཁག་གི་ལས་བྱེད་པས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་བྱ་སྤྱོད་པ་དང་ལག་ལེན་པ་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་ཡོད། 

  • ཟླ3ཚེས1ཉིན། པར་སྐྲུན་བྱས་པའི་དུས་ཐེངས་ལྔ་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མི་དམངས་སྲིད་གྲོས་ཀྱི་ལས་དོན་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་གཏོང་བ》ཞེས་པ་འགྲེམས་སྤེལ་བྱས་པ་རེད། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གིས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་བཏོན་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་མགོ7955དང་སྲིད་གྲོས་ཀྱི་གྲོས་གཞི4525སྒྲུབ་འགན་འཁུར་བ་ཚང་མ་དུས་ཐོག་ཏུ་ཐག་གཅོད་བྱས་པ་རེད།  

  • རྒྱལ་ཁབ་སྡོམ་རྩིས་ཅུས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཐོག་མའི་ཞིབ་རྩིས་བྱས་པ་བརྒྱུད2023ལོའི་ལོ་ཧྲིལ་པོར་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང(GDP)སྒོར་དུང་ཕྱུར་ཁྲི126ལས་བརྒལ་བ་དང་། དེ་ལོ་གོང་མ་ལས5.2%འཕར་ཡོད་པ་རེད། 

  • 2023ལོའི་ལོ་ཧྲིལ་པོར་རང་རྒྱལ་གྱིས་གཉེར་སྐྱོང་དུད་ཚང་ཁྲི3273གསར་དུ་བཙུགས་པ་དང་ཉིན་རེར་ཆ་སྙོམས་བྱས་ན་ཁེ་ལས་ཁྲི2.7གསར་དུ་བཙུགས་ཡོད། 

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱིས་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར612.5ཟིན་པ་དང་། དེ་དུས་མཚུངས་ལས30.9%འཕར་ཡོད་པ་རེད། 

  • ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་དོན་ཁང་ནས་གནས་ཚུལ་འབྱོར་བ་ལྟར་ན། ད་ལོ་ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གྱིས་བར་སྣང་ས་ཚིགས་ཉེར་སྤྱོད་དང་འཕེལ་རྒྱས། མི་བཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། 

01.jpg

  • ཟླ2ཚེས29ཉིན་གྱི་ཆུ་ཚོད21དང་སྐར་མ03ཐོག  རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་མཐོ་བའི་སྲུང་སྐར01རྒྱལ་ཁའི་ངང་འཕེན་གཏོང་བྱས་པ་རེད། 

02.jpg

  • ཟླ2ཚེས28ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཀྲའོ་ཝ300རིམ་པའི་Fརིམ་པའི་འབར་རླངས་འཕྲུལ་འཁོར་ཆེ་ཤོས་ཀྱི་འདྲ་བཟོའི་འཕྲུལ་ཆས་ཧྲང་ཧའེ་ལིན་ཀང་དུ་སྒྲིག་སྦྱོར་བྱས་པ་དང་། དེ་ནི་རྒྱལ་ནང་དུ་ཤུགས་ཚད་ཆེ་བའི་འབར་རླངས་འཕྲུལ་འཁོར་ཆེ་གྲས་རང་བརྟེན་ཇུས་འགོད་དང་བཟོ་སྐྲུན་བྱེད་ཐེངས་དང་པོ་ཡིན་པ་རེད། 

སྤྱི་ཚོགས། 

  • དེ་རིང་། གྲང་རླུང་གི་ཤུགས་རྐྱེན་ཐེབས་པས་དབང་གིས་ཧྭ་བྱང་དང་བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཧོང་ཧོའེ་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4℃ཡས་མས་སུ་མར་ཆག་པ་དང་། དེའི་ཁྲོད་དུ་བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་ས་ཁུལ་གྱི་ས་ཆ་ཁ་ཤས་ཀྱི་དྲོད་ཚད8℃ཡན་དུ་མར་ཆག་རྒྱུ་རེད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ2ཚེས24ཉིན་བར། ད་ལོའི“དཔྱིད་རླུང་བྱ་སྤྱོད”ནང་ཁྱོན་སྡོམ་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཁྲི2.5སྤེལ་བ་དང་ལས་གནས་ཁྲི1600ཁྱབ་བསྒྲགས་བྱས་པ་རེད། 

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་དུ་ལོ་རེར་མི་རེས་ཆ་སྙོམས་ཀྱི་མྱུར་སྐྱེལ་སྤྱོད་ཚད90ལས་བརྒལ་ཡོད་པ་རེད། 

  • ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བདེ་ཐང་ལྟ་སྐྱོང་པའི(ཡུན་རིང་ལྟ་སྐྱོང་པ)རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཁྱབ་བསྒྲགས་བྱས། དེ་ནི་རང་རྒྱལ་གྱི་ཡུན་རིང་ལྟ་སྐྱོང་པའི་རྒྱལ་ཁབ་ཀྱི་ལས་རིགས་ཚད་གཞི་ཐོག་མ་དེ་རེད། 

  • ཧྲན་ཤིས་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ལི་ཀོང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་དང་གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་པ་རེད། 

  • ཀྲེ་ཅང་སློབ་ཆེན་གྱིས་ལས་ཁུངས་མང་པོ་ཞིག་དང་མཉམ་འབྲེལ་བྱས་ཏེ། གློག་གི་གཤེར་ཁུ་གསར་བ་ཞིག་ཇུས་འགོད་བྱས་ཤིང་། སྐར་མ་བཅུའི་ནང་དུ་ལིས་གློག་གཡུས་ལ་མགྱོགས་མྱུར་ངང་གློག་སྣོན་ཐུབ་པ་རེད། 

  • ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ལྕགས་རིགས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣས་ངལ་དུབ་འགོག་པའི་ནུས་པ་ཆེ་བའི3Dཔར་འདེབས་ཐེ་བསྲེས་ལྕགས་རྒྱུ་ཆ་བཟོས་པ་རེད། 

03.png

  • ཉེ་ཆར། ཀྲེ་ཅང་ལུང་ཆོན་ཉེན་རྟོག་ཕྱོགས་ཀྱིས་ལག་ཁྱེར་རྫུས་མ་འཚོང་མཁན་ཚོགས་པ་ཞིག་མེད་པ་བཟོས་ནས་ལག་ཁྱེར་རྫུས་མ་ཁྲི4ལྷག་ཙམ་བཙན་ཉར་བྱས་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་སྟོང་ལས་བརྒལ་ཡོད་པ་རེད། 

04.gif

  • ཧེ་པེ་ཚང་ཀྲོའུ་ཡི་རླངས་འཁོར་ཞིག་ལ་མེ་ཤོར་ནས་མི་གཉིས་ཉེན་ཁར་འཕྲད།  ལམ་བར་གྱི་སུན་མིན་ཧྲིན་མྱུར་དུ་མདུན་དུ་བསྐྱོད་དེ། མེ་ཤོར་བའི་རླངས་འཁོར་ལས་ཉེན་ཁར་འཕྲད་པའི་མི་གཉིས་བསྐྱབས། 

སྲིད་ཇུས། 

  • ཨན་ཧུའེ་ཡིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པའི་གྲོང་མིས་རང་ཉིད་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་བླངས་ནས་རང་ཉིད་དང་བཟའ་ཟླ་ཕྱོགས་གཉིས་པོའི་ཕ་མའི་སྡོད་ཁང་གི་གློག་སྐས་སོགས་སྒྱུར་བཀོད་ལ་སྤྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། 

  • ཧྲན་ཤིས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་སློབ་མས་རིག་ཚན་མིན་པའི་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་མཇུག་འགྲིལ་བའི་དུས་ཚོད20:30ལས་འཕྱི་མི་རུང་ལ་དྲ་ཐོག་གསོ་སྦྱོང་མཇུག་འགྲིལ་བའི་དུས་ཚོད་ཀྱང21:00ལས་འཕྱི་མི་རུང་ཞེས་གཏན་འབེབས་བྱས་པ་རེད། 

  • ཀོང་ཏུང་ཀོང་ཀྲོའུ་ཡིས་གཞུང་གི་བོགས་གཏོང་ཁང་པའི་སྒུག་སྡོད་དང་བོགས་གཏོང་སྲིད་ཇུས་གསར་པ་བཏོན་ནས་ན་སོ་དར་ལ་མ་བབས་པའི་ཕྲུ་གུ་གསུམ་གྱི་ཁྱིམ་ཚང་དང་མེ་ཟོན་རོགས་སྐྱོབ་མི་སྣ་སོགས་སྔོན་ལ་བགོ་བཤའ་རྒྱག་ཡུལ་དུ་བཅུག་ཡོད། 

དེ་རིང་གི་གནམ་གཤིས། 

05.jpg

  • བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ། བོད་ལྗོངས་ཀྱི་ནུབ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། དེའི་ནང་ཤིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་བ་འབབ་རྒྱུ་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་སོགས་ས་ཁུལ་དུ་ཁངས་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ཤར་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཧྭ་ནན་གྱི་ལྷོ་རྒྱུད། ཐའེ་དབན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ལ་ཆར་ཆུང་ཆུང་ནས་འབྲིང་ཙམ་འབབ་ཀྱི་རེད། 


མཉམ་སྤྱོད།