མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྩོམ་བསྡུའི་གསལ་བརྡ།

2024-03-01 09:27:53   |   2293

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


22.jpg

ལོ་ཙཱ་ལ་མོས་མཁན་རྣམ་པའི་སྙན་ལམ་དུ་ཞུ་གསོལ།

《རྒྱ་བོད་ལོ་ཙཱ》ཞེས་པའི་དུས་དེབ་འདི་ནི་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་རྣམས་ཀྱི་རྒྱབ་སྐྱོར་བླ་མེད་ལ་བརྟེན་ནས2024ལོར་གསར་དུ་འདོན་འཆར་ཡོད་པའི་ལོ་ཕྱེད་དུས་དེབ་ཅིག་ཡིན་ཞིང་། དུས་དེབ་འདི་གཉེར་བའི་དམིགས་ཡུལ་ནི་རིག་གཞུང་ལ་ཞབས་ཞུ་དང་། ལོ་ཙཱའི་ཉམས་མྱོང་སྤེལ་རེས། ལོ་ཙཱའི་ཤེས་བྱ་ཁྱབ་སྤེལ། ལོ་ཙཱའི་མི་སྣ་གསོ་སྐྱོང་བཅས་བྱ་རྒྱུ་དེ་ཡིན། དུས་དེབ་འདི་ནི་འགྱུར་གཞུང་ཞིབ་འཇུག་དང་། འགྱུར་རྩོམ་མྱོང་དཔྱད། ཆེད་མཁས་བཅར་འདྲི། རྩོམ་ཕུད་འདེམ་སྒྱུར། ལོ་ཙཱའི་མྱུག་གསར། མིང་བརྡ་བཏུས་བསྒྱུར། ལོ་ཙཱའི་མཐོང་ཐོས་བཅས་སྡེ་ཚན་དྲུག་གིས་གྲུབ་པའི་བདག་ཉིད་ཅན་ཞིག་ཡིན། ལོ་ཙཱའི་ཕྱག་ལས་གནང་མཁན་དང་ལོ་ཙཱ་ལ་དགའ་མོས་ཡོད་མཁན་རྣམས་ཀྱིས་མ་འོངས་པར་དུས་དེབ་འདི་ལ་ཐུགས་ཁུར་དང་རྒྱབ་སྐྱོར་རྒྱུན་མར་གནང་རྒྱུར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྒོས་སུ་སྨྱུག་ཐོགས་པ་རྣམས་ནས་གོང་གི་སྡེ་ཚན་དང་འཚམ་པའི་འགྱུར་རྩོམ་དང་དཔྱད་རྩོམ་གང་རིགས་ངེད་རྩོམ་སྒྲིག་ཁང་ལ་བསྐུར་བའི་རེ་བ་སྙིང་ནས་ཞུ། ང་ཚོས་དུས་དེབ་སྟེང་བཀོད་པའི་རྩོམ་ཡིག་ལ་གང་འཚམ་གྱི་རྩོམ་ཡོན་འབུལ་འཆར་ཡོད་པའང་ཀུན་གྱི་ཐུགས་ལ་འཇགས་པར་འཚལ།

རྩོམ་ཡིག་སྐུར་སྐབས་དོ་སྣང་བྱ་དགོས་པ་ནི།

གཅིག དུས་དེབ་འདི་ནི་ལོ་ཙཱའི་སྐོར་གྱི་དུས་དེབ་ཅིག་ཡིན་པས། བརྗོད་བྱའི་ཆ་ནས་ལོ་ཙཱའི་གཞུང་ལུགས་དང་འགྱུར་ཡིག་སྐོར་ཡིན་དགོས།

གཉིས། དཔྱད་རྩོམ་གྱི་སྐོར་ལ་རྩོམ་གྱི་མཚན་བྱང་དང་། ནང་དོན་གནད་བསྡུས། གནད་ཚིག་བཅས་ཚང་དགོས་པ་མ་ཟད། རྩོམ་པ་པོའི་མཚན་དང་ལས་ཁུངས། གོ་མིང་བཅས་གསལ་པོར་བྲི་དགོས་ལ། མཇུག་ཏུ་རྩོམ་པ་པོའི་འབྲེལ་གཏུག་ས་གནས་དང་། ཁ་པར་ཨང་གྲངས། གློག་རྡུལ་ཡིག་ཟམ་བཅས་གསལ་པོར་བྲི་དགོས།

གསུམ། འགྱུར་རྩོམ་ཡིན་ན་མ་ཡིག་དང་འགྱུར་ཡིག་གཉིས་ཀ་བསྐུར་དགོས་ཤིང་། གློག་རྡུལ་ཡིག་ཆར་ངེས་པར་དུpdfདངwordགཉིས་ཀ་ཡོད་དགོས།

བཞི། ཧི་མ་ལ་ཡའི་ཡིག་གཟུགས་ཡིན་དགོས་ལ། དཔྱད་རྩོམ་དང་འགྱུར་རྩོམ་དུ་ཡོད་པའི་ཨང་ཀི་རྣམས་ཨ་རབ་ཀྱི་ཨང་ཀི་ལྟར་བྲི་དགོས། དེབ་མིང་རྣམས་དཔེ་རྟགས《》ནང་དུ་འགོད་པ་དང་། ལུང་ཚིག་རྣམས་འདྲེན་རྟགས“”སུ་འགོད་དགོས། ཡིག་ནོར་དང་ཆད་ལྷག་མེད་པར་ཞུ་དག་ནན་མོ་བཏང་ནས་བསྐུར་དགོས།

ལྔ། དཔྱད་རྩོམ་གྱི་མཆན་འགྲེལ་ཚང་མ་ཞབས་མཆན་གྱི་རྣམ་པར་འགོད་པ་སྟེ། ལུང་ཁུངས་ཀྱི་གོ་རིམ་འགོད་སྟངས་ནི། རྩོམ་པ་པོའི་མཚན་དང་། དཔྱད་ཡིག་གི་མཚན་བྱང་། དཔྱད་ཡིག་གི་མཚོན་རྟགས། དཔེ་སྐྲུན་ཁང་གི་མིང་དང་གནས་ཡུལ། དཔེ་སྐྲུན་དུས་ཚོད་དང་དཔར་ཐེངས། ཤོག་གྲངས་བཅས་རིམ་པ་བཞིན་དུ་གསལ་པོར་བྲི་དགོས།

དྲུག འདི་གར་བསྐུར་བའི་དཔྱད་རྩོམ་དང་འགྱུར་རྩོམ་དག་རང་ཉིད་ཀྱི་བརྩམས་ཆོས་དངོས་ཡིན་དགོས་པ་ལས། བཤུ་འབྲི་བྱས་པ་སོགས་རྩོམ་གྱི་བདག་དབང་དང་འགལ་བའི་མཇུག་འབྲས་རང་ཉིད་ཀྱིས་འགན་འཁུར་དགོས།

བདུན། རྩོམ་ཡིག་བསྐུར་རྗེས་ཀྱི་ཟླ་བཞིའི་ནང་འགོད་བརྡ་མ་འབྱོར་ཚེ་དུས་དེབ་གཞན་པར་བསྐུར་ཆོག་པ་བཅས་ཐུགས་འཇགས་གནང་འཚལ།

རྩོམ་སྐུར་ཡིག་ཟམ།  myzx5250@163.com

ཁ་པར་ཨང་གྲངས།  0970-8642108

མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།

2024ལོའི་ཟླ3པའི་ཚེས1ཉིན།


མཉམ་སྤྱོད།