མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་ཀྱིས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་རྟོག་ཞིབ་གནང་པ།

2024-03-01 10:47:22   |   197

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་བྱང་ཁུལ་འབྲུ་སྣུམ་ཉོ་ཚོང་སྤྱི་གཉེར་ཁང་དང་། མཚོ་སྔོན་ཁའེ་ཏེ་ལི་སྦུག་ལམ་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་ཧྭ་ཐེ་ལི་ཆིང་ཚད་ཡོད་སྤྱི་གཉེར་ཁང་། མཚོ་སྔོན་ཝུའུ་ཧྥེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་སོགས་སུ་བསྐྱོད་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ལ། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། བརྩེ་སེམས་ལ་བརྟེན་ནས་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རྒྱུར་ནུས་ཤུགས་ཡོད་རྒུས་ཤུགས་སྣོན་པ་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་ཕན་འབྲས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་པ་ནན་གྱིས་བསྟན།

1.jpg

མཚོ་བྱང་ཁུལ་འབྲུ་སྣུམ་ཉོ་ཚོང་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་ཀྱིས་དམག་འབྲུ་གསོག་འཇོག་དང་འབྲུ་རིགས་ཉོ་སྒྲུབ་ཀྱི་སྲིད་ཇུས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་ནན་གྱིས་བསྟན་དོན། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་འབྲུ་རིགས་བདེ་འཇགས་ཀྱི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏང་ནས་གསོག་འཇོག་དང་ལས་སྣོན། འཁོར་རྒྱུག མཁོ་སྤྲོད་སོགས་ལྷུ་ཚིགས་སོ་སོར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས། ཁྲོམ་ར་ཕྱོགས་སྟོན་དུ་འཛིན་པ་དང"ཆེད་ལས་དང་སྤུས་ལེགས། ཁྱད་ལྡན། གསར་པ"བཅས་ཁ་ཕྱོགས་སུ་བཟུང་སྟེ་སྣ་ཁ་མང་བ་དང་རིམ་པ་མང་བའི་འབྲུ་སྣུམ་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་གསར་སྤེལ་དང་ཐོན་སྐྱེད་བྱས་ནས་ལས་སྣོན་གཞན་སྒྱུར་གྱི་གནས་ཐང་འཕར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཁག་སོ་སོས་ས་གནས་ཀྱི་ཞིང་ལས་ཐོན་རྫས་ཉོ་ཚོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་།  ཁུལ་བཟོ་འཕྲིན་དང་འབྲུ་རིགས། འགྲིམ་འགྲུལ་སོགས་སྡེ་ཁག་གིས་ཁེ་ལས་དང་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དམིགས་ཏེ། བཅད་གྲངས་ཡན་གྱི་ཚོང་དོན་ཁེ་ལས་གསོ་སྐྱོང་དང་རྒྱ་སྐྱེད་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་དངོས་ཟོག་མཛོད་འཇུག་སྒྲིག་བཀོད་དང་རླངས་འཁོར་འཇོག་ས་འཛུགས་སྐྲུན་སོགས་ཞན་ཆ་གསབ་པའི་བྱ་བ་ལེགས་པར་སྒྲུབ་རོགས་བྱས་ཏེ། མང་ཚོགས་ཀྱིས་ཉོ་སྒྲུབ་བྱེད་པར་སྟབས་བདེ་སྔར་ལས་མང་བ་འདོན་སྤྲོད་དང་ཚོང་དོན་ཁེ་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏོང་དགོས་ཟེར།

2.jpg

མཚོ་སྔོན་ཁའེ་ཏེ་ལི་སྦུག་ལམ་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་དང་ཁེ་ལས་ཀྱི་འགན་འཁུར་བས་བརྗེ་རེས་གཏིང་ཟབ་བྱས་ནས་ཁེ་ལས་ཀྱི་ཐོན་ནུས་དང་ཐོན་རྫས། ཕྱིར་འཚོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ནས་ནན་གྱིས་བསྟན་དོན། རང་ས་གནས་ཀྱི་ཁེ་ལས་ལ་ཞབས་ཞུ་ཡག་པོ་སྒྲུབ་རྒྱུ་ནི་ཚོང་འགུགས་མ་འདྲེན་ཡག་ཤོས་ཤིག་ཡིན་པས་ཁུལ་སྡོད་ཁང་འཛུགས་སྐྲུན་དང་ཆུ་བེད་སོགས་སྡེ་ཁག་གིས་རང་འགུལ་ངང་སྒོ་རྩར་བསྐྱོད་ནས་རྟོག་ཞིབ་བྱས་ཏེ་མཉམ་ལས་བྱེད་པའི་ཆ་འཚོལ་བ་དང་རང་ས་གནས་ཀྱི་ཁེ་ལས་ཀྱི་ཐོན་རྫས་ཧུར་ཐག་སྒོས་འོས་སྦྱོར་དང་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ་ཁེ་ལས་ཀྱི་བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་དགོས་ཤིང་།  ཁེ་ལས་ཀྱིས་ཚོང་འགུགས་ཐབས་ལམ་བརྒྱུད་དེ་འབྲེལ་ཐག་རིང་དུ་གཏོང་བ་དང་ཁ་གསབ་བྱེད་པ། སྟོབས་ཆེར་གཏོང་བ་བཅས་ཀྱི་ཐད་ཤུགས་བསྣན་ཏེ་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུའི་ཐད་ཤུགས་སྣོན་པ་དང་། མངགས་ཐོ་བརྩོན་ལེན་བྱས་ཏེ་ཁྲོམ་ར་རྒྱ་བསྐྱེད་པའི་ཐད་ཕན་འབྲས་དངོས་ཐོན་པར་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།

3.png

མཚོ་སྔོན་ཧྭ་ཐེ་ལིས་ཆིང་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་དང་ཁེ་ལས་ལ་རོགས་སྐྱོར་དང་དྲོད་ཁོལ་སྐྱེལ་བའི་བྱ་ཐབས་ཐད་ཀྱི་བསམ་འཆར་དང་གྲོས་མགོ་བསྡུ་ལེན་བྱས་ཤིང་། ཁེ་ལས་ཀྱིས་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་དང་ཐབས་ལམ་མང་པོར་བརྟེན་ནས་སྔོན་ཐོན་ལག་རྩལ་ནང་འདྲེན། ཐོན་ལས་ཧྲིལ་པོའི་འབྲེལ་ཐག་འཐུས་ཚང་དུ་གཏོང་བ། རང་འགུལ་གྱིས་འགྲིམ་འགྲུལ་སྡེ་ཁག་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། འགྲིམ་འགྲུལ་མ་རྐང་སྟངས་འཛིན་སྡེ་ཚོགས་དང་ལས་སྒོའི་མཉམ་ལས་རྒྱ་སྐྱེད་དུ་གཏོང་བ། ཡིད་ཆེས་བརྟན་པོ་དང་ཚོང་ར་གསར་གཏོད་བཅས་བྱས་ནས་ཁེ་ལས་ཀྱི་ཐོན་ལས་ཕན་ནུས་དང་ལྟེ་བའི་འགྲན་རྩོད་བྱེད་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཉེན་ཁ་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཐོན་མ་ཐག་མེད་པར་བཟོས་ཏེ་བདེ་འཇགས་དང་ཐོན་སྐྱེད་ཀྱི་དོན་ཆེན་གཉིས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་།

4.jpg

མཚོ་སྔོན་ཝུའུ་ཧྥེང་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཤ་བོ་སྐྱབས་བཟོ་ཁང་དང་འཁོར་ཁང་དུ་བསྐྱོད་དེ་ཡུལ་དངོས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་ཡུལ་དངོས་ནས་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱས་ཏེ་ནན་གྱིས་བསྟན་དོན། རང་བྱུང་ཕྱུགས་རའི་ལུད་བེད་སྤྱོད་གང་ལེགས་བྱས་ཏེ་ཚན་རིག་དང་མཐུན་པའི་སྡེབ་སྦྱོར་དང་སྔོན་ཐོན་བཟོ་རྩལ་ལ་བརྟེན་ནས་ལས་སྣོན་ཞིབ་ཚགས་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཐོན་རྫས་རྒྱལ་ཡོངས་ཀྱི་ཁྲོམ་རར་བྲིན་ཐུབ་པར་བྱེད་དགོས་ཤིང་། ཁུལ་ཞིང་ཕྱུགས་དང་ནགས་རྩྭ་སྡེ་ཁག་གིས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་ལ་དྲོད་ཁོལ་སྐྱེལ་བའི་བྱ་ཐབས་སོ་སོ་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་ཆེན་དང་ཐིན་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་ཧུར་ཐག་བྱས་ནས་ཁེ་ལས་ལ་འབྲེལ་ལམ་བཙུགས་ཏེ་གསེར་གྱི་རྟགས་མའི"ཏེན་ཞའོ་ཨེར(店小二)"ཡག་པོ་བྱས་ནས་ཁེ་ལས་ཀྱི་ཚོགས་པ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ནོར་སྲིད་དང་བཟོ་འཕྲིན་སྡེ་ཁག་གིས་དཀའ་ངལ་སེལ་རོགས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཁེ་ལས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་དགོས་ཟེར།

5.png

ཁུལ་རྡུལ་ཕྲན་མཁར་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས་སུ་ཤ་བོ་སྐྱབས་ཀྱིས་འགྲུལ་སྐྱེལ་ས་ཚིགས་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་དང་བྱེད་ནུས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་སྟེ་ནན་གྱིས་བསྟན་དོན། ཚོགས་དོན་གསོ་སྐྱོང་གི་ཐོན་ལས་རྟེན་གཞི་གཏོད་རྒྱུར་དམིགས་ནས་མཚོ་སྔོན"མདེལ་གཉིས་སྐར་གཅིག"ལས་བྱེད་སློབ་གླིང་དང་། སྲིད་ཁྲིམས་དང་འཐབ་ཕྱོགས་གཅིག་གྱུར། མང་ཚོགས་ཚོགས་པ། མི་སྤྱི་གསོ་སྦྱོང་ལྟེ་གནས་བཅས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་གཏན་འཁེལ་བྱས་པའི་འགྲུལ་སྐྱེལ་ཞབས་ཞུ་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། ནུབ་མཚོ་ནས་འབྲོང་ཡུལ་བར་གྱི་ལམ་ཐིག་ཤར་གཏོང་བྱས་ཏེ་འགྲུལ་སྐྱེལ་ཞབས་ཞུ་སྣ་མང་ཅན་དུ་འགྱུར་བའི་དགོས་མཁོ་ཕྱོགས་ཡོངས་ནས་སྐོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱས་ཏེ་མི་སྣ་གསོ་སྐྱོང་དང་ནང་ཁུལ་དོ་དམ་ལ་ཤུགས་བསྣན་ནས་ངེས་པ་དོན་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་ཟེར།

6.jpg 

དེའི་རིང་ཁུལ་རིམ་པའི་ཐོན་ལས་གླིང་ཁུལ་གྱི་གནས་ས་འདེམས་པའི་གནས་ཚུལ་ལ་ཡུལ་དངོས་ནས་གཟིགས་ཞིབ་གནང་། 

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཚའོ་ཅི་ཆང་། ཁུལ་འཕེལ་སྒྱུར་དང་། བཟོ་འཕྲིན། ཁོར་སྲུང་། འགྲིམ་འགྲུལ། རང་བྱུང་ཐོན་ཁུངས། མཁོ་བསྟུན། སྡོད་ཁང་འཛུགས་སྐྲུན། ནགས་རྩྭ། ཆུ་བེད་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་གནང་།


མཉམ་སྤྱོད།