མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་ཁོར་སྲུང་ལྟ་ཞིབ་བཅོས་སྒྲིག་གི་སྐུལ་སློང་ཚོགས་འདུ་འཚོགས།

2024-03-01 09:31:41   |   1072

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240301113150.jpg

ཟླ2པའི་ཚེས29ཉིན། མཚོ་བྱང་ཁུལ་གྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བཅོས་སྒྲིག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ལ། ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པའི་ལྡོག་འདྲེན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ། ཞིང་ཆེན་སྲིད་གཞུང་གི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚུར་ལན་གནད་དོན་བཀོད་གཏོང་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། རྐང་ཚ་རྫོང་དང་མདོ་ལ་རྫོང་གི་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་བྱས་ཚུལ་གྱི་སྙན་ཞུར་གསན་པ་དང་ཁུལ་ཡོངས་ཀྱི་བཅོས་སྒྲིག་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཕེབས།   

微信图片_20240301113155.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་ཇུས་འགོད་དང་བཀོད་སྒྲིག སྐུལ་འདེད་གནང་པའི་བྱ་བ་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་སྲོལ་གསར་གཏོད་དང་བཅོས་སྒྱུར་གྱི་བྱ་ཐབས་གལ་ཆེན་ཞིག་ཀྱང་ཡིན་པས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི“གཏན་འཁེལ་གཉིས”ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ཤིག་དང་མཛེས་སྡུག་ལྡན་པའི་མཚོ་བྱང་གཏོད་པའི་དོན་དངོས་ཀྱི་བླང་བྱ་ཞིག་ཡིན་པར་མ་ཟད་མི་དམངས་མང་ཚོགས་ཀྱི་སྐྱེ་ཁམས་བདེ་སྐྱིད་བསྐྲུན་རྒྱུའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཀྱང་ཡིན་ཟེར།

微信图片_20240301113159.jpg

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་ནུས་པའི་ཁུལ་གལ་ཆེན་ཞིག་ཡིན་པ་དང་མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་པང་དུ་གནས་ཡོད་པས་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་དེ་ཕྲག་སྟེང་དུ་བབས་པའི་འགན་འཁུར་ཞིག་དང་ལས་འགན་ཞིག་ཡིན་པ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་བསམ་འཆར་བཅོས་སྒྲིག་བྱ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལྟ་ཞིབ་ཀྱི་ཚུར་ལན་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དངོས་ཡོད་ཞིབ་བཤེར་ཞིག་ཏུ་བརྩི་བ་དང"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི"གསོན་ཉམས་ལྡན་པའི་ལག་ལེན་དུ་བརྩི་བ་དང་། ཆབ་སྲིད་ཀྱི་ཐོག་ནས་ལྟ་བ་དང་ཆབ་སྲིད་ཀྱི་ཐོག་ནས་སྒྲུབ་པ། ཆབ་སྲིད་ཀྱི་ཐོག་ནས་བཅོས་སྒྲིག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས"གཏན་འཁེལ་གཉིས"སྲུང་བརྩི་དང་། "སྲུང་སྐྱོང་གཉིས"མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ཏེ་མཚོ་བྱང་གི་རི་སྔོ་ཆུ་དྭངས་དང་གནམ་སྔོན་སྤྲིན་དཀར་སྲུང་སྐྱོབ་ཡག་པོ་བྱ་དགོས། གཉིས་ནས་བཅོས་སྒྲིག་ལས་འགན་རྩ་བ་ནས་ལེགས་འགྲུབ་མཐའ་གཅིག་ཏུ་བྱེད་དགོས་པ་དང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚོད་དང་པོའི་ནང་གནད་དོན་ངོས་འཛིན་དང་ལས་འགན་གསེད་བཀྲོལ་བྱས་ཏེ་དོན་འཁྱོལ་བྱ་ཐབས་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་བ་དང་དུས་མགོའི་བཅོས་སྒྲིག་བྱ་བའི་ཁྲོད་ཐོབ་པའི་ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་ནན་ཏན་བྱས་ནས་དུས་ཐོག་ཏུ་རྩིས་ཐོ་སྤྲོད་པ་དང་ཚང་མ་གཙང་སེལ་ཐུབ་པར་འགན་ལེན་བྱེད་དགོས། ས་ཁུལ་དང་ལས་རིགས། སྡེ་ཁག་བཅས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་གནས་པའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་འབྱུང་རྩའི་གནད་དོན་ཁྱོན་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱས་ཏེ་རྩ་བ་ནས་བཅོས་སྒྲིག་བྱེད་པའི་བྱ་ཐབས་བཟོས་ནས་སྐྱོན་ཆ་སེལ་དགོས། གསུམ་ནས"རི་བོ་གཉིས"ཀྱི་འདུ་ཤེས་རྒྱུན་མཐུད་ངང་བརྟན་པོར་བཙུགས་ཏེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་ཐོག་ལངས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང"མིག་སྔར་བཅོས་སྒྲིག"དང"ཡུན་རིང་འཛུགས་པ"ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ"ངོས་འཛིན་རབ་རིབ་བཞི"སྔར་བས་གསལ་པོ་ཡོང་བར་བྱས་ནས་རི་སྔོ་ཆུ་དྭངས་དང་གསེར་རི་དངུལ་རི་ཕན་ཚུན་ཕྱོགས་བསྒྱུར་བགྲོད་ལམ་མུ་མཐུད་རྒྱ་སྐྱེད་གཏོང་དགོས་པ་དང་། སྐྱེ་ཁམས་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་དགེ་མཚན་དང་འགྲན་རྩོད་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། བཞི་ནས་ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང"འགན་འཛོལ་བྱུང་ན་ངེས་པར་དུ་འདྲི་རྩད་བྱེད་པ་དང་། འགན་འཁྲི་རྩད་གཅོད་བྱེད་ན་ངེས་པར་དུ་ནན་མོ་བྱེད་པ། རང་འགན་སྒྲུབ་ན་འགན་འཁྲི་མེད་པར་བཟོ་བ། བཅོས་སྒྲིག་བྱས་ན་འགན་འཁྲི་ཇེ་ཉུང་དུ་གཏོང་བ"བཅས་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པའི་དངོས་སྒྲུབ་འགན་འཁུར་སྐུལ་སློང་བྱེད་པ་དང་། "དོན་ཆུང་དོན་ཆེན་དུ་སྒྱུར་བ་དང་། དོན་ཆེན་ཚབས་ཆེན་དུ་སྒྱུར་རྗེས"ཡང་བསྐྱར་གཅིག་བསྡུས་ཀྱིས་འགན་འཁྲི་བདའ་འདེད་གཏོང་རིགས་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས་པ་ནན་གྱིས་བསྟན།

微信图片_20240301113204.jpg

ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་བཅོས་སྒྲིག་བྱ་བའི་ལས་འགན་ལྕི་བ་དང་དུས་ཚོད་ཐུང་བ། བླང་བྱ་མཐོ་བ་བཅས་ཡིན་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་ཡག་པོར་བསྒྲུབ་ནས་ནུས་ཤུགས་ཡོད་རྒུས་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་དགོས་པའི་བླང་བྱ་བཏོན་པ་སྟེ། ཚིགས་གནས་མཐོ་རུ་བཏང་ནས་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ཏེ་ཚིགས་གནས་མཐོན་པོར་བརྟེན་ནས་བཅོས་སྒྲིག་བྱ་བར་ཆུ་ཚད་མཐོན་པོས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་ཁ་གསལ་བཟོས་ནས་བཅོས་སྒྲིག་ལ་དམ་འཛིན་བྱེད་པ་དང་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་ཕྲག་སྟེང་དུ་ཏན་ཏིག་ཁུར་ནས་གནད་དོན་བཅོས་སྒྲིག་ལ་བརྒྱུད་རིམ་ཧྲིལ་པོ་བཀོད་གཏོང་དང་རྗེས་སྙེག་བྱས་ཏེ"ཉིན་རེའི་སྙན་ཞུ"དང"གཟའ་འཁོར་རེའི་སྙན་ཞུ"སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱེད་དགོས། ཇུས་གཞི་ཞིབ་ཚགས་སུ་བཏང་ནས་བཅོས་སྒྲིག་ལ་དམ་འཛིན་བྱེད་པ་དང་གནད་དོན་ལ་དམིགས་ནས་ཞིབ་ཕྲའི་བྱ་ཐབས་ཞིབ་ཚགས་བཟོས་ཏེ་བཅོས་སྒྲིག་བྱ་ཐབས་ཚན་རིག་དང་མཐུན་ལ་སྤྱོད་གོ་ཆོད་པའི་འགན་ལེན་བྱེད་དགོས། ཕན་འབྲས་ལ་མཐོང་ཆེན་གྱིས་བཅོས་སྒྲིག་ལ་དམ་འཛིན་བྱས་ཏེ་ལྟ་ཞིབ་གནད་དོན་བཅོས་སྒྲིག་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ཟུང་འབྲེལ་བྱས་ནས་བཅོས་སྒྲིག་ལས་འགན་དུས་ཐོག་ཏུ་སྤུས་ཚད་ལྡན་པའི་སྒོ་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པར་མ་ཟད། ཉམས་མྱོང་དང་བྱེད་ཐབས་བཟང་པོ་དེ་ཕུགས་ཕན་ལམ་སྲོལ་དུ་སྲ་བརྟན་དུ་གཏོང་དགོས།

微信图片_20240301113209.jpg

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སོ་སོ། ཁུལ་སྲིད་གྲོས་ཀྱི་ལས་བགོས་འགན་འཁུར་བློ་མཐུན། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།   


མཉམ་སྤྱོད།