མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་ཨུའི་སྲིད་ཁྲིམས་བྱ་བའི་ཚོགས་འདུ་ཚོགས།

2024-03-01 15:42:35   |   141

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་སྔོན་ཁུལ་ཨུའི་སྲིད་ཁྲིམས་བྱ་བའི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་གྲུབ་འབྲས་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། 2024ལོའི་ཁུལ་ཡོངས་ཀྱི་སྲིད་ཁྲིམས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་སྲིད་ཁྲིམས་བྱ་བར་མཆན་བཀོད་མཛུབ་སྟོན་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་མཱ་ཝུན་ཆོན་གྱིས་ཚོགས་ར་གཙོ་བོའི་ཚོགས་འདུར་གཙོ་སྐྱོང་གནང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁྲེན་ཡུང་ཅེ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།

1.jpg

ཤ་བོ་སྐྱབས་ཀྱིས་མཆན་བཀོད་མཛུབ་སྟོན་ཁྲོད་ལོ་གསར་བའི་ནང་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲིད་ཁྲིམས་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཆེ་ཤོས་དེར་དམིགས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་གནད་དེ་དམ་པོར་འཛིན་དགོས་ལ། ཁུལ་ཨུའི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་བླང་བྱ་གཞིར་བཟུང་སྟེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་ཤིང་། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་རྒྱུར་འགན་ལེན་དང་སྐུལ་འདེད་གཏོང་བ། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་དུས་རབས་གསར་པའི་སྲིད་ཁྲིམས་ཧྲག་དམག་འཛུགས་སྐྱོང་བྱེད་པ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱས་ཏེ་དུས་བདེའི་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

2.jpg

ཚོགས་འདུས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་སྲིད་ཁྲིམས་བྱ་བར་འཕྲད་པའི་ཉེན་ཁ་དང་འགྲན་སློང་ཁོང་དུ་ཡང་དག་ཆུད་དགོས་པ་དང་འགན་འཁྲི་ཧུར་ཐག་འཁུར་བ། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཤུགས་ཆེན་བྱེད་དགོས་པ། སྤྱི་ཚོགས་དྲང་སྙོམས་དྲང་བདེན་འགན་ལེན་དང་སྐུལ་འདེད་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཧུར་ཐག་ཞུ་བ། བཟོ་སྐྲུན་ཆེན་མོ་ལྔ་སྣེ་ཁྲིད་ས་བྱས་ཏེ་སྔར་བས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་བྱང་དང་ཁྲིམས་སྐྱོང་མཚོ་བྱང་འཛུགས་སྐྲུན་བྱེད་པ། དྲང་སྙོམས་དྲང་བདེན་གྱི་རིན་ཐང་དོན་གཉེར་ལ་སྟངས་འཛིན་ནན་མོ་བྱས་ཏེ་ཁྲིམས་སྐྱོང་འགན་ལེན་མཐོར་གཏོང་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་དང་ཚོང་གཉེར་ཁོར་ཡུག་གི་ཁྲིམས་འཛིན་འགན་ལེན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ། ཁུལ་ཡོངས་ཀྱི་བཅའ་ཁྲིམས་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཡིག་བསྐུར་ངོ་བཅར་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་གི་འགག་རྩའི་དམ་འཛིན་བྱ་གཞི་ཁོང་དུ་བརྟན་པོ་ཆུད་པ་དང་། འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་ཏེ་ལས་སྒོ་སྦྱོང་བརྡར་ལ་དམ་འཛིན་བྱས་ནས་ནུས་པ་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་ནན་དུ་བཏང་ནས་བརྟན་ཤུགས་ཆེ་རུ་གཏོང་བ། སྐུལ་ལྕག་བྱེད་ཐབས་ལ་དམ་འཛིན་བྱས་ནས་སྒུལ་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་ལ་དམ་འཛིན་བྱས་ནས་སྟོབས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲིད་ཁྲིམས་བྱ་བས་དེང་རབས་ཅན་གྱི་ལེའུ་གསར་པ་བརྩམས་ནས་མཚོ་བྱང་ལྔ་འཛུགས་སྐྱོང་བྱ་ཆེད་བྱས་རྗེས་གསར་པ་དབུལ་དགོས་པ་ནན་གྱིས་བསྟན།

3.jpg

ཚོགས་འདུའི་ཐོག་ཁུལ་སྤྱི་བདེ་ཅུ་དང་ཁུལ་ཁྲིམས་འཛིན་ཅུ། མདོ་ལ་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན། རྐང་ཚ་རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་།

ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན་ཡོངས་དང་ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཁོངས་ཞུགས་ལས་ཁུངས་ཁག་གི་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་སྲིད་ཁྲིམས་ཚན་པ་ཁག་གི་ཏང་ཙུའུ(ཏང་ཨུ)ཚན་ཁག་གི་ཁོངས་མི་བཅས་ཁུལ་གྱི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་རྫོང་བཞི་རུ་ཡན་ལག་ཚོགས་ར་བཙུགས་ཡོད།


མཉམ་སྤྱོད།