མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས16ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-04 08:01:43   |   3155

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ3པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་པ་ཙེ·ཞེ་ལི་ཧྥུའུ་ལ་གློག་འཕྲིན་བཏང་ནས། ཁོང་ཕ་ཁི་སི་ཐན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལིར་བདམས་པར་རྟེན་འབྲེལ་ཞུས།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཟླ3པའི་ཚེས་4ཉིན་གྱི་ཕྱི་དྲོའི་ཆུ་ཚོད3གྱི་སྟེང་མི་དམངས་ཚོགས་ཁང་ཆེན་མོར་འཚོག་རྒྱུ་དང་། ཟླ3པའི་ཚེས10ཉིན་གྱི་སྔ་དྲོར་ཚོགས་འདུ་གྲོལ་རྒྱུ་ཡིན་ལ་ཚོགས་ཡུན་ཉིན6ཡིན།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་གཞུང་བཙུགས་སློབ་གནས་ཁྲི489.2གསར་སྐྲུན་དང་རྒྱས་སྐྲུན་བྱས་པ་བརྒྱུད། སློབ་ཆུང་གི་ལོ་རིམ་དང་པོའི་སློབ་མ་གསར་པ་སློབ་ཞུགས་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། 2023ལོར་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཉེས་གསོག་མཁན་ཁྱོན་སྡོམ་ཁྲི5ལྷག་ཁྲིམས་སྦྱོར་བྱས་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོར། སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར163.3ལེགས་འགྲུབ་བྱུང་བ་དང་། དུས་མཚུངས་ལས73.2%འཕར་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་སོགས་སྡེ་ཚན་ལྔ་ཡིས་ཡིག་ཆ་བཀྲམ་ནས་ས་གནས་ཀྱིས་ཕྲུ་གུ་སྐྱེས་པའི་གསོ་རིག་གི་དཔང་ཡིག་ལ་བརྟེན་ནས་ཕྲུ་གུ་འགན་བཅོལ་ནང་ཞུགས་རྒྱུའི་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་བཏང་།

01.jpg

  • ཧྲན་ཏུང་ལའེ་ཀྲོའུ་རུ་གནས་པའི་རང་རྒྱལ་གྱི“མཚོ་ཐོག་རླུང་གློག+རྒྱ་མཚོའི་ཕྱུགས་རའི”རྣམ་གྲངས་ཐོག་མ་ཡིས་ད་ལོའི་ཟླ་དང་པོ་དང་གཉིས་པར་དྲ་ཞུགས་གློག་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར1.8485ཟིན་པ་དང་། ལོ་ཧྲིལ་པོར་དྲ་ཞུགས་གློག་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར10ལས་བརྒལ་རྒྱུ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས3ཉིན། རང་རྒྱལ་གྱིས་བཟོས་པའི་ཚོང་སྤྱོད་གནམ་གྲུC919དངARJ21ཐོག་དང་པོར་ལོ་སིར་འཕུར་ནས་འགྲེམས་སྟོན་བྱས།

སྤྱི་ཚོགས།

  • ཚེས4ནས6ཉིན་བར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་དྲོད་ཚད་ཏུའུ4ནས6གི་ཇེ་དམའ་རུ་འགྲོ་བ་དང་། ཅང་ནན་དང་ཧྭ་ནན་སོགས་ས་ཁུལ་ཁག་ཏུ་དྲོད་ཚད་མར་ཆག་ཚད་ཏུའུ8ནས10ལ་སླེབས་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་དང་། ནོར་སྲིད་པུས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། ལོ2ནས་3བར་གྱི་དུས་ཚོད་སྤྱད་དེ། དཔེ་སྟོན་སྣེ་ཁྲིད་རང་བཞིན་ལྡན་པའི་གཞི་རིམ་གྱི་ལས་ཞུགས་ཞབས་ཞུའི་དྲ་ཚིགས་ཁག་གཅིག་གཏོད་རྒྱུ་བརྩོན་ལེན་བྱ་རྒྱུ།

02.jpg

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིག་ནུས་སྲུང་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བར་བསྟུན་ནས། བྱ་ཀྲུའུ་ཧོན་དང་རི་སྐྱེས་ཕན་ཀྲི་ཧྭ་སོགས་ཚར་ལ་ཉེ་བའི་རྩ་ཆེའི་རིགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་ཡོད།

  • ཚེས2ཉིན། ཀྲུང་གོའི་ཆུ་མཆོང་རུ་ཁག་གིས2024ལོའི་ཆུ་མཆོང་འཛམ་གླིང་བུམ་པའི་མོང་ཐེ་ལི་ཨེར་ས་ཚིགས་ཀྱི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བཞི་བླངས་པ་མ་ཟད། ཟངས་ཀྱི་རྟགས་མ་གཉིས་བླངས་པ་རེད།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་སྣེ་ཁྲིད་དེ་བཙུགས་པའི་ཐཱན་སི་གཏེར་གྱི་ཚད་བརྒལ་རིགས་དབྱེའི་མིང་འདོགས་པའི་ཇུས་གཞིར་རྒྱལ་སྤྱིའི་གཏེར་རྫས་རིག་པའི་མཐུན་ཚོགས་ཀྱི་གཏེར་རྫས་གསར་པའི་མིང་དང་རིགས་དབྱེའི་ཨུ་ལྷན་གྱི་ཆོག་མཆན་དངོས་སུ་ཐོབ་ཡོད།

03.png

  • ཧུའུ་པེ་ཧྲི་དབྱན་གྱིས་རྡོ་སོལ་དུས་རབས་ཀྱི་དུས་འགོའི་རྩི་ཤིང་གི་རྡོ་འགྱུར་ཁྱུ་ཚོགས་རྙེད་པ་དང་། ད་ལྟའི་བར་ལོ་དུང་ཕྱུར3.2ནས་དུང་ཕྱུར3.4བར་འགོར་ཡོད།

  • ཧའེ་ནན་ཧའེ་ཁོའུ་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་ཁྲིམས་འགལ་ངང་རྡོ་ཐའི་ཐོན་རྫས་གཉེར་སྐྱོང་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི1200ལྷག་ཙམ་ཟིན་ཡོད།

04.gif

  • ཁྲུང་ཆིང་གི་སྐྱེས་པ་ཞིག་གིས་ཟོག་འདྲེན་རླངས་འཁོར་ཞིག་གསོ་བྱེད་སྐབས་ཡར་འགྱོགས་ཆས་ལ་ཆག་སྐྱོན་ཤོར་ནས་རླངས་འཁོར་གྱི་ཞབས་སུ་མནན་པ་དང་། ལམ་འགྲོ་བས་མཐོང་སྐབས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་ཡར་བཀྱག་ནས་བསྐྱབས། དུས་ཐོག་ཏུ་རོགས་སྐྱོབ་བྱས་པས་རླངས་འཁོར་ཞིག་གསོ་བྱེད་མཁན་ལ་རྨས་སྐྱོན་ཆུང་ངུ་ལས་ཕོག་མེད།

སྲིད་ཇུས།

  • ཧུའུ་པེ་ཡིས་ཚན་པ་དང་མི་སྒེར་སུ་ཞིག་ཡིན་རུང་སློབ་གྲྭ་འབྲིང་ཆུང་དུ་བསྐྱོད་དེ་སློབ་ཁྲིད་གཞོགས་འདེགས་ཀྱི་དཔྱད་གཞི་གང་ཡང་དྲིལ་བསྒྲགས་དང་། འོས་སྦྱོར། འགྲེམ་ཚོང་བཅས་བྱེད་མི་ཆོག་པའི་བླང་བྱ་བཏོན།

  • ཉིང་ཞ་ཡིས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་མེས་རྒྱལ་དུ་ལོག་པའི་མི་སྣས་ཉིང་ཞ་རུ་འཕེལ་རྒྱས་ཀྱི་གཏིང་ཤུགས་ངེས་ཅན་ལྡན་པ་དང་ཁྲོམ་རའི་མདུན་ལམ་ཡག་པོ་ལྡན་པའི་ཁེ་ལས་བཙུགས་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་རྒྱལ་ནང་དུ་ལོག་ནས་ལས་གཏོད་རོགས་སྐྱོར་རྣམ་གྲངས་རེ་ཞུ་བྱས་ཏེ་ལེགས་འདེམས་ཀྱིས་རོགས་སྐྱོར་བྱས་ནས་རྣམ་གྲངས་རེར་སྒོར་ཁྲི10ནས་ཁྲི་20བར་རོགས་སྐྱོར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཅང་སུའུ་ནན་ཅིང་གིས་ཡུན་རིང་སྨན་གཡོག་འགན་བཅོལ་གྱི་འགན་ལེན་ཐོབ་ཐང་མཐོ་རུ་བཏང་བ་དང་། ནུས་ཤོར་ཚབས་ཆེན་མི་སྣར་ཟླ་རེར་ཆེས་ཉུང་ནའང་ཁྱིམ་སྡོད་ལྟ་སྐྱོང་གི་ཞབས་ཞུ་ཆུ་ཚོད30ལོངས་སྤྱོད་བྱས་ཆོག་པ་དང་། གཏོང་སྤྲོད་ཚད་གཞི་ཟླ་རེར་སྒོར1500བར་མཐོ་རུ་བཏང་ཡོད།

དེ་རིང་གི་གནམ་གཤིས།

  • ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ནུབ་རྒྱུད། ཧྲན་ཞིའི་དབུས་རྒྱུད། ནང་སོག་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། ཧོང་ཧོའེ་ནུབ་རྒྱུད་དང་། ཅང་ཧོའེ། ཅང་ཧན་གྱི་ཤར་རྒྱུད། ཅང་ནན། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ལ་ལར་ཆར་ཆུང་ཆུང་འབབ་རྒྱུ་དང། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཅང་ཞིའི་བྱང་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།