མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཝན་ཀྲེང་ཞང་དང་བཞུགས་མོལ་གནང་།

2024-03-04 09:10:54   |   511

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ2པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཀྲུང་གོའི་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཝན་ཀྲེང་ཞང་འཁོར་དང་བཅས་པར་མཇལ་འཕྲད་གནང་ནས་འཐབ་ཇུས་མཉམ་ལས་ཀྱི་བྱ་བའི་ཐད་བཞུགས་མོལ་བརྗེ་རེས་གནང་།

1.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་མཚོ་བྱང་ཁུལ་ནི་མཚོ་སྔོན་པའི་བྱང་རྒྱུད་དུ་གནས་ཤིང་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་དང་ཐག་ཉེ་བས་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པ་དང་མཁའ་འགྲུལ། ལྕགས་ལམ། མྱུར་བགྲོད་གཞུང་ལམ་བཅས་ས་ཁོངས་སུ་ཤར་གཏོང་ཐུབ་ཡོད་པར་མ་ཟད། འགྲིམ་འགྲུལ་སྟབས་བདེ་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི“བཙན་ས”དང་ཐོན་ལས་ཀྱི“གནས་བཞིའི”ནང་ཧུར་ཐག་སྒོས་ཞུགས་ཤིང་། “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་ལ་གཞིགས་ཏེ་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་དངོས་སྒྲུབ་བྱ་རྒྱུ་གཙོ་བོར་འཛིན་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་གཏོང་བ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ཁྱོན་ཡོངས་ནས་མགྱོགས་སུ་གཏོང་བ། གསར་བརྗེའི་སློབ་གསོ་གསོ་སྦྱོང་གི་རྣམ་པ་ཤུགས་ཆེ་གཏོང་བ་བཅས་བྱས་པས། མཚོ་སྔོན་ཁའེ་ཏེ་ལི་སྦུག་ལམ་བཟོ་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་དང་མཚོ་སྔོན་ཧྭ་ཐེ་ལི་ཆིང་ཚད་ཡོད་སྤྱི་གཉེར་ཁང་སོགས་དངོས་ཤུགས་ཁེ་ལས་ཁག་ཅིག་གི་ཁྲོམ་རའི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཞིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དངུལ་རྩའི་དགོས་མཁོ་ཧ་ཅང་ཆེན་པོ་ལྡན། ན་ནིང<<འཐབ་ཇུས་མཉམ་ལས་གྲོས་མཐུན>>ལ་མིང་རྟགས་བཀོད་པ་དེ་ནི་མཚོ་བྱང་ཁུལ་དང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་ཕྱོགས་ཡོངས་ནས་འཐབ་ཇུས་མཉམ་ལས་ཀྱི་མགོ་འཛུགས་ས་བཟང་པོ་ཞིག་ཡིན་པ་དང་མཚོ་བྱང་གིས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དངུལ་རྩའི་ལས་རིགས་ཕན་འབྲས་ཆེན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ལ། ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་གི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་བྱང་ནི་སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་དངུལ་བུན་གཏོང་བའི་གཙོ་གནད་ས་ཁོངས་སུ་བརྩིས་ནས་མཚོ་བྱང་འཕེལ་རྒྱས་ཀྱི་ཚོགས་འདུ་གསོ་སྦྱོང་གི་ཐོན་ལས་དང་སྒར་འདེབས་དཔལ་འབྱོར། གྲོང་གསེབ་གནས་སྐོར། ཁྱད་ལྡན་གསོ་སྤེལ། ལས་སྣོན་ཞིབ་ཚགས། དྭངས་གཙང་ནུས་རྒྱུ་གསར་སྤེལ་འཛུགས་སྐྲུན་བཅས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་ལྷག་པར་དུ་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་དང་རྒྱབ་སྐྱོར་ཐད་དངུལ་རྩའི་སྟོབས་ཤུགས་བསྣན་ནས་མཚོ་བྱང་གི་དཔལ་འབྱོར་རྒྱུན་མཐུད་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གསོན་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད་ཟེར།

2.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་འབྲེལ་ཡོད་གནས་ཚུལ་དང་དངུལ་རྩའི་དགོས་མཁོ་ངོ་སྤྲོད་མདོར་བསྡུས་བྱས་ཤིང་། ཁོས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ། ཞིང་ཆེན་ཡོངས་ཀྱི་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ལ། “གསར་བརྗེ་དང་ལྗང་མདོག ཁྱད་ལྡན”བཅས་ཀྱི་ཐོན་ལས་མདུན་ལམ་ཡངས་ཤིང་རྒྱ་ཆེ་བས། གོམ་སྟབས་རྗེས་མར་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་འབྲེལ་མཐུད་བྱ་རྒྱུར་རང་འགུལ་ངང་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་ཟམ་པ་དང་སྒྲོག་ཐག་ལྟ་བུའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་དངུལ་རྩའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དང་སྟོབས་ཆེར་བཏང་ནས་ནོར་སྲིད་དངུལ་རྩའི་ཉེན་ཁར་དོགས་ཟོན་དང་སེལ་ཐབས་ཧུར་ཐག་བྱས་ཏེ་དངུལ་རྩའི་སྟོབས་ཤུགས་ནང་འདྲེན་གང་ལེགས་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

3.jpg

ཝན་ཀྲེང་ཞང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོས་མཚོ་བྱང་གིས་འབྲུ་རིགས་བདེ་འཇགས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་དང་། ཞིང་ལས་དེང་རབས་ཅན་དང་ཞིང་ལས་དང་གྲོང་གསེབ་འཛུགས་སྐྲུན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོར་ཞིང་ལས་འཕེལ་རྒྱས་དངུལ་ཁང་ལ་རྒྱབ་སྐྱོར་དང་རོགས་རམ་ནུས་ལྡན་བྱས་ཏེ་མཉམ་ལས་འཕེལ་རྒྱས་ཀྱི་འབྲེལ་བ་ཧ་ཅང་བཟང་པོ་ཞིག་བཏོད་ཡོད། མ་འོངས་པར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ནང་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དངུལ་རྩའི་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་ཧུར་ཐག་བྱས་ནས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི“སྣེ་ཁྲིད་དང་ཞན་ཆ་གསབ་པ། དུས་འཁོར་ལས་ལྡོག་པ”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“དངུལ་ཁང་བཞིའི”ཆས་རྟགས་ཏེ“འབྲུ་རིགས་དངུལ་ཁང”དང“ཞིང་སའི་དངུལ་ཁང” “ཆུ་བེད་དངུལ་ཁང” “ལྗང་མདོག་དངུལ་ཁང”བཅས་ཀྱིས་གྲོང་གསེབ་དར་སྤེལ་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་སྣོན་པ་དང་། ཤུགས་ཆེན་པོས་ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་དངུལ་རྩ་བཅས་ཀྱི་དོན་ཆེན་ལྔ་ཡག་པོར་བསྒྲུབ་ནས་མཚོ་བྱང་ཁུལ་གྱི་གལ་ཆེའི་འཐབ་ཇུས་དང་གཙོ་གནད་ཁྱབ་ཁོངས། ཉམས་ཞན་ལྷུ་ཚིགས་བཅས་ཀྱི་སྤུས་ལེགས་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དབུལ་རྒྱུ་ཡིན་ཟེར།

ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ནོར་སྲིད་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་གི་འགན་འཁུར་བ་བཅས་ཞུགས།


མཉམ་སྤྱོད།