དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་དུ་རྩྭ་གཡི་མངོན།

2024-03-04 11:11:37   |   1653

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས2ཉིན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་ཞིང་ཆེན་མདོ་ལ་རིང་མོའི་རང་བྱུང་སྲུང་སྐྱོང་མཐུན་ཚོགས་ཀྱི་གདན་ཞུའི་པར་མཁན་སྐལ་བཟང་ཚེ་རིང་གིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་ཕྱི་རོལ་དུ་པར་ལེན་འཚོལ་བསྡུ་བྱེད་རིང་ཡང་བསྐྱར་རྩྭ་གཡི་བརྙན་པར་དུ་བླངས། རྩྭ་གཡི་ནི་འཛམ་གླིང་ཡོངས་སུ་ཆེས་ལྐོག་གྱུར་གྱི་བྱི་ལའི་ཚན་གྱི་སྲོག་ཆགས་ཤིག་ཡིན་ལ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན།《IUCNསྟོངས་ཉེན་སྲོག་ཆགས་ཀྱི་མིང་ཐོ་དམར་པོ》ཡི་ནང་དུ་སྟོངས་ཉེན་སྲོག་ཆགས་ཀྱི་གྲས་སུ་བཞག་པ་མ་ཟད། ཀྲུང་གོར་ཁྱབ་པའི་བྱི་ལའི་ཚན་གྱི་སྲོག་ཆགས་རིགས་བཅུ་གཉིས་ཁྲོད་ཀྱི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་གཅིག་པུ་དེ་ཡིན། སྤྱིར་བཏང་དུ་མཚོ་འཕགས་སྨི2500ནས5000བར་གྱི་སྐམ་ཤས་ཆེ་བའི་རི་བོ་དང་རི་མཐོ་ཕལ་པའི་སྡོང་ཕྲན་དང་། མྱ་ངམ་ཐང་། སྤང་ལྗོངས་བཅས་སུ་འཚོ་གནས་བྱེད་ཀྱི་ཡོད་པ་དང་། གངས་ཁྲོད་དུའང་འགུལ་སྐྱོད་བྱེད་ཐུབ། རྒྱལ་ནང་དུ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ། ཉིང་ཞ། ཧྲའན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་སུ་ཁྱབ་ཡོད་པ་དང་གྲངས་འབོར་ཧ་ཅང་ཉུང་། ཉེ་བའི་ལོ་ཤས་རིང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས། རྩྭ་གཡི་ཞེས་པའི་ལྐོག་གྱུར་གྱི་སྲོག་ཆགས་དེར་དོ་ཁུར་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ནི་མིག་སྔར་ཤེས་རྟོགས་བྱུང་བའི་རྩྭ་གཡི་ཁྱབ་ཁུལ་གྱི་ཆེས་བྱང་སྣེ་ཡིན་ཞིང་ཁྱབ་རྒྱ་སྔར་བས་ཆེ་རུ་ཕྱིན་ཡོད། ས་ཁོངས་དེའི་རྩྭ་གཡི་ལ་ཞིབ་འཇུག་དང་སྲུང་སྐྱོང་བྱ་རྒྱུར་ཚན་རིག་གི་དོན་སྙིང་གལ་ཆེན་ལྡན།


མཉམ་སྤྱོད།