མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-05 07:49:09   |   142

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

001.jpg

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་མགོ་རྩོམ་ཚོགས་འདུ་ཚེས4ཉིན་གྱི་ཆུ་ཚོད15སྟེང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ཚོགས་ཆེན་ལ་ཞུགས།

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་དེ་རིང་མགོ་རྩོམ་པ་དང་། ཚེས་11ཉིན་གྱི་ཕྱི་དྲོར་ཚོགས་འདུ་གྲོལ་རྒྱུ་རེད། ཚོགས་ཡུན་ཉིན་བདུན་ཡིན།

  • ཀྲུང་གོ་དང་པུར་ཀ་རི་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་75འཁོར་ལ་ཉེ་བའི་སྐབས་སུ། ཟླ་3ཚེས་4ཉིན《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་བམ་པོ་དང་པོའི་པུར་ཀ་རི་ཡའི་ཡི་གེའི་པར་མ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན། ཁྱོན་གྲོས་གཞི་5621བཏོན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་4791ཐོ་འགོད་བྱས་ཡོད། 2024ལོའི་ཟླ་2པའི་ཟླ་མཇུག་བར་གྲོས་གཞི་99.9%བསྒྲུབས་ནས་ལན་བཏབ་ཡོད།

  • 2023ལོར། རང་རྒྱལ་གྱི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་95.7%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་ཚེག་0.2མཐོ་རུ་ཕྱིན་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱི་ལིས་གློག་རྫས་ཀྱི་སྤྱིའི་ཐོན་འབོར་940GWhལས་བརྒལ་བ་དེ་དུས་མཚུངས་ལས་25%འཕར་ཡོད།

  • 2023ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གྲོང་གསེབ་ཀྱི་ཡུལ་མིའི་མགྲོན་ཁང་ཁྲི་2.5གསར་སྣོན་བྱས་ནས་འགྲུལ་པ་མི་ཐེངས་དུང་ཕྱུར་1.21སྡོད་རྒྱུར་སྣེ་ལེན་ཞུས་ཡོད།

  • རང་རྒྱལ་གྱི“ཅོ་ལུང”རྟགས་ཅན་དང་། “མཚོ་གཏིང་དཔའ་བོའི”རྟགས་ཅན། “འབད་འཐབ་པ”རྟགས་ཅན་བཅས་ཀྱི་ཆུར་འཛུལ་ཡོ་བྱད་གསུམ་རིམ་རྩིས་བྱས་ན་ཆུར་འཛུལ་ཐེངས་1100ལས་བརྒལ་བ་དང་། ཉེ་བའི་ལོ་གསུམ་རིང་གོ་ལ་ཧྲིལ་པོའི་མི་བཞུགས་མཚོར་འཛུལ་ལས་འགན་ཕྱེད་ཀ་ཡན་ལེགས་གྲུབ་བྱུང་ཡོད།

002.png

  • 2024ལོའི་ཆུར་མཆོང་འཛམ་གླིང་བུམ་པའི་མོང་ཐེ་ལི་ཨེར་ས་ཚིགས་ཀྱི་འགྲན་བསྡུར་ཚེས་3ཉིན་མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ་ཚང་མ་བླངས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས་4ཉིན་སྨུག་པ་སེར་པོའི་ཉེན་ཟོན་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན། ཚེས་4ཉིན་གྱི་སྔ་དྲོ་ཀྲེ་ཅང་གི་ལྷོ་རྒྱུད་དང་། ཕུའུ་ཅན་བྱང་རྒྱུད། ཀོང་ཤིས་ཀྱི་ཤར་རྒྱུད། ཀོང་ཏུང་དང་ཤར་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་སྨུག་པ་ཆེན་པོ་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་4ཉིན་གྱི་ཆུ་ཚོད་24ནས་བཟུང་རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར་125དང་སྒོར་120སོ་སོར་མཐོ་རུ་འགྲོ་རྒྱུ་རེད།

  • ཀྲུང་གོ་དུས་ཟོག་ལས་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་གཉིས་པའི་བར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་རིམ་རྩིས་བྱས་ན་ཚོང་འགྲིག་ཚད་སྒོར་དུང་ཕྱུར་ཁྲི་74.49ཟིན་པ་དེ་དུས་མཚུངས་ལས་4.93%འཕར་ཡོད།

  • ཀྲུང་གོ་ལྕགས་ལམ་རྒྱལ་སྤྱི་ཚད་ཡོད་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། ཅ་དབན་མྱུར་བགྲོད་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་200ལས་བརྒལ་ཡོད་པ་རེད།

003.jpg

  • ཚེས་4ཉིན། ཀྲུང་གོའི་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་གི་གཏིང་ཟབ་ཐ་ཁོའོ་ཡི་ཁྲོན་པ་1གི་གསོར་འབིགས་རྩད་ཞིབ་བྱེད་ཚད་སྨི་10000ལས་བརྒལ་ནས། ཨེ་ཤེ་ཡའི་དྲང་འཕྱང་གཏིང་ཚད་སྨི་ཁྲི་ལས་བརྒལ་བའི་ཁྲོན་པ་དང་པོར་གྱུར་ཡོད།

  • རང་རྒྱལ་གྱིས་ཁོར་ཡུག་སྲུང་སྐྱོང་གི་འབུད་གཏོང་ཚད་གཞི་གསར་ཤོས་ཀྱི་དགོས་མཁོ་སྐོང་བའི་རང་གིས་ཞིབ་འཇུག་བྱས་པའི་སྣུམ་གྲུ་ཏུན་ཁྲི11.5ཚེས་4ཉིན་ཏ་ལེན་དུ་དངོས་སུ་རྩིས་སྤྲད་པ་རེད།

  • རྒྱང་སྐྱོད་ཨང་བརྒྱད་པའི་སྒྱུར་སྐྱོད་རྣམ་པའི་མེ་ཤུགས་འཕུར་མདའི་རིམ་པ་གཉིས་པའི་སྒུལ་བྱེད་འཕྲུལ་འཁོར་གྱིས་ཉེ་ཆར་མ་ལག་ཧྲིལ་པོའི་ཚོད་ལྟའི་རླངས་འཁོར་ལེགས་གྲུབ་ཟིན་ནས་ལག་རྩལ་གསར་པ་སྤྱད་རྗེས་མ་ལག་ཡོངས་ཀྱི་ཇུས་གཞིའི་ལུགས་མཐུན་རང་བཞིན་ལ་ཕྱོགས་ཡོངས་ནས་དཔྱད་ཞིབ་ར་སྤྲོད་བྱས་ཡོད།

  • པེ་ཅིང་མཐོ་སློབ་ཀྱི་ཕྱི་ཕྱོགས་སྒོ་དབྱེ་སླར་ཡང་རྒྱ་ཆེར་བཏང་བ། ཀྲུང་གོ་ཞིང་ལས་སློབ་ཆེན་སོགས་མཐོ་སློབ་མང་པོས་སྤྱི་ཚོགས་ལ་ཕྱོགས་ནས་སློབ་གྲྭ་སྒོ་དབྱེ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སློབ་ཕྱིའི་གནས་སྐོར་བས་སྔོན་མངགས་བྱེད་མི་དགོས་པ་དང་། ཐོབ་ཐང་ལག་ཁྱེར་སྤྱད་དེ་སློབ་གྲྭར་ལྟ་སྐོར་བྱེད་ཆོག་གི་ཡོད།

004.gif

  • ཉེ་ཆར་ཀོང་ཏུང་ཏུང་ཀོན་གྱི་བུད་མེད་ཅིག་གིས་ཟམ་ཐོག་ནས་མར་མཆོང་སྟེ་རང་སྲོག་གཅོད་འདོད་པའི་སྐབས་སུ། རྩེད་མོ་རྩེ་བའི་སློབ་མ་ལི་ཀྲེང་ཀྲེ་དང་དབྱང་ཅ་ཧའོ་ཡིས་ཤེས་རྗེས་འཕྲལ་དུ་ཉེན་བརྡ་བཏང་ནས། མཐར་ཉེན་རྟོག་པའི་གཞོགས་འདེགས་མི་སྣས་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པའི་ནང་འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་གི་བོགས་དངུལ་དེ་ས་གནས་དེ་གའི་སྤུས་ཚད་གཅིག་མཚུངས་ཀྱི་ཁྲོམ་རའི་བོགས་གཏོང་སྡོད་ཁང་གི་དཔྱད་དཔོག་བོགས་དངུལ་ལས་དམའ་བ་བྱེད་དགོས་པ་མ་ཟད། ལོ་རེའི་འཕར་ཚད་དེ5%ལས་མི་མཐོ་བ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

  • ཧྥུའུ་ཅན་གྱིས་སྲིད་ཇུས་བཏོན་ནས་སློབ་གྲྭ་ཁག་གིས་འཕྲལ་སྡོམ་ཁ་འགྲེམས་ནང་སྦྱོང་བྱེད་ཚད100%ཁྱབ་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་ལ་ཟླ་རེར་ཉུང་མཐར་ཡང་ཐེངས་གཅིག་སྤེལ་རྒྱུ་དང་བུ་བཅོལ་ཁང་གིས་དུས་ཚིགས་རེར་ཉུང་མཐར་ཡང་ཐེངས་རེ་སྤེལ་རྒྱུ་ཁ་གསལ་བཏོན་ཡོད།

  • ཅང་ཤིས་ནན་ཁྲང་གིས་སྲིད་ཇུས་བཏོན་ནས་གསར་དུ་གཏན་འཁེལ་བྱས་པའི་རྫོང་རིམ་པ་དང་གྲོང་ཁྱེར་རིམ་པའི་ལས་གཏོད་གསོ་སྐྱོང་རྟེན་གཞིར་སོ་སོར་ཆེས་མཐོ་ན་སྒོར་ཁྲི20དང་སྒོར་ཁྲི་50ཡི་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་རོགས་དངུལ་སྤྲོད་རྒྱུ།

དེ་རིང་གི་གནམ་གཤིས།

005.jpg

  • ཞིན་ཅང་གི་ལྷོ་རྒྱུད་ཀྱི་གཞོང་ས་དང་། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཁྲོན་ཞི་ས་མཐོའི་བྱང་རྒྱུད། ནང་སོག་གི་དབུས་རྒྱུད། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་དབུས་བྱང་རྒྱུད། ཧོ་པེའི་དབུས་བྱང་རྒྱུད། པེ་ཅིང་། ཐེན་ཅིན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཁངས་ཆར་འདྲེས་མ་འབབ་རྒྱུ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཧོང་ཧོའེ་ཤར་རྒྱུད། ཅང་ཧུའེ། ཅང་ཧན་གྱི་ས་ཆ་མང་ཆེ་བ། ཅང་ནན། ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབྲིང་ཙམ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཨན་ཧུའེ་ལྷོ་རྒྱུད། ཅང་ཤིས་ཀྱི་བྱང་ཤར་རྒྱུད། ཀྲེ་ཅང་གི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆེན་འབབ་ཀྱི་རེད།


མཉམ་སྤྱོད།