དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

2024-03-05 10:52:35   |   306

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་གྲོས་གཞིར་བགྲོ་གླེང་དང་བསམ་འཆར་བཏོན། ཁྲེན་ཀང་གིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན་གཉིས་གྲོས་ཚོགས་སུ་ཞུགས། ཝང་ལི་མིང་གིས་ཚོགས་ཆེན་གྱི་འབྲེལ་ཡོད་བླང་བྱ་བརྒྱུད་སྒྲོག་བྱས།

ཁྲེན་ཀང་གིས་བཤད་རྒྱུར། ཐེངས་འདིའི་ཚོགས་ཆེན་ལ་ཏང་ཀྲུང་དབྱང་གིས་ཚད་མཐོན་པོས་གཙིགས་ཆེན་དང་རྒྱལ་ཡོངས་མི་དམངས་ཀྱིས་ཚད་མཐོན་པོས་ཐུགས་ཁུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོན་པོས་དོ་སྣང་བཅས་བྱེད་བཞིན་ཡོད་པས། མཚོ་སྔོན་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་སྔར་བས་ཇེ་མཐོར་གཏོང་དགོས་པ་དང་། བསམ་བློ་དང་ལག་ལེན་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས་ལ། ཚོགས་ཆེན་གྱི་བླང་བྱ་ལྟར། ནན་ཏན་སྒོས་འགན་ནུས་སྒྲུབ་པ་དང་ཚོགས་ཆེན་གྱི་སྒྲིག་ཁྲིམས་གཟབ་ནན་བྱས་ཏེ། ལས་འགན་སོ་སོ་བདེ་བླག་ངང་འགྲུབ་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། ཐོན་ལས“གནས་བཞི”འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་འཚོ་ལེགས་བསྒྱུར་སོགས་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་བསམ་འཆར་འདོན་པ་དང་། བསམ་བློའི་རྣམ་པ་བཟང་པོས་གྲོས་ཚོགས་ལེགས་པོར་འཚོགས་པ་དང་གཏམ་ལེགས་པོར་བཤད་དེ། མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་བཤད་པ་དང་མཚོ་སྔོན་གྱི་སྐད་སྒྲ་ལེགས་པར་བརྒྱུད་སྒྲོག་བྱེད་པ། མཚོ་སྔོན་གྱི་སྣང་བརྙན་ལེགས་པར་མངོན་པ་བཅས་བྱེད་དགོས།

གྲོས་ཚོགས་ལས་གྲོས་གཞི1དང་བསམ་འཆར་གལ་ཆེན16འཐུས་མི་ཚོགས་པའི་མིང་ཐོག་ནས་ཚོགས་ཆེན་ལ་སྤྲོད་པར་འཐད་པ་བྱུང་ཞིང་། འཐུས་མི་མི་སྒེར་རམ་མཉམ་འབྲེལ་སྒོས་ཚོགས་ཆེན་ལ་སྤྲོད་པའི་བསམ་འཆར་ལ་འཐད་པ་བྱུང་། །



མཉམ་སྤྱོད།