མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

དུས་རྒྱུན་མིག་མཐའ་ནག་པོ་ཆགས་པ་ནི་རྒྱུ་རྐྱེན་གང་དག་ལ་རག་ལས་ཡོད།

2024-03-05 11:04:59   |   660

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས།  ཚེ་སྲོག་སྐབས་དོན་ཚགས་པར བཤེར་འབེབས། རིན་ཆེན་ཚེ་རིང་།


མིག་མཐའ་ནག་པོ་ཆགས་པ་ནི་རྒྱུན་མཐོང་གི་སྐྱི་ལྤགས་ཀྱི་གནད་དོན་ཞིག་ཡིན་ལ། མི་མང་པོ་ཞིག་གིས་དེ་ནི་གཉིད་ཆག་པ་ལས་བྱུང་བར་སྙམ་གྱིན་ཡོད། ཡིན་ནའང་མི་ལ་ལ་རྒྱུན་དུ་དུས་ཚོད་ལྟར་གཉིད་ལོག་ནའང་མིག་མཐའ་སྔར་བཞིན་ནག་པོ་ཆགས་པ་ནི་རྒྱུ་རྐྱེན་གང་དག་ལ་འབྲེལ་བ་ཡོད་དམ་ཞེ་ན། ང་ཚོས་གཤམ་གྱི་རྒྱུ་རྐྱེན་འདི་ལ་བསམ་བློ་གཏོང་འོས་ཏེ། 

640.jpg

01  གཉིད་ཀྱིས་མ་འདངས་པ།

གཉིད་ཀྱིས་མ་འདངས་པ་ནི་མིག་མཐའ་ནག་པོ་ཆགས་པའི་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་ཞིག་ཡིན་ལ། སྤྱིར་བཏང་དུ་དུས་ཡུན་ངེས་ཅན་ཞིག་ལ་ངལ་གསོ་བྱས་ན་གནས་ཚུལ་ཇེ་བཟང་དུ་འགྲོ་ཐུབ། མི་འདིའི་རིགས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་སིལ་ཏོག་དང་སྔོ་ཚལ་མང་ཙམ་བཟའ་འོས་པ་དང་། འཚོ་རྒྱུcའདུས་ཚད་མང་བའི་བཟའ་བཅའ་ཁ་གསབ་བྱས་ཏེ། ལུས་པོར་འཚོ་བཅུད་ཀྱིས་འདངས་པའི་ཆ་རྐྱེན་འོག་རང་ཉིད་ཀྱི་ལས་ཀ་དང་ངལ་གསོའི་དུས་ཚོད་ལུགས་མཐུན་ཡོང་བ་བྱ་དགོས་ལ། ཞོར་དུ་འཕུར་མཉེད་རེ་བྱས་ན་མིག་མཐའ་ནག་པོ་ཆགས་པ་ཇེ་ཡང་དུ་གཏོང་ཐུབ། 

02 མཆིན་པ་མི་བཟང་བ། 

གལ་ཏེ་དུས་ཡུན་རིང་བོར་མིག་མཐའ་ནག་པོ་ཆགས་པ་ཡིན་ན། དེ་ནི་ལུས་པོའི་ཁག་ག་གེ་མོར་ནད་བྱུང་བའི་རྟགས་ཤིག་ཡིན་ཡང་སྲིད་དེ། དཔེར་ན་དལ་གཤིས་མཆིན་ནད་ཅན་ལ་རྒྱུན་དུ་མིག་མཐའ་ནག་པོ་ཆགས་པ་དང་། དུས་ཡུན་རིང་བོར་མཆིན་པའི་བྱེད་ནུས་མི་བཟང་བ་དང་མཆིན་པ་སྐྲངས་པའི་ནད་པར་མིག་མཐའ་ནག་པོ་ཆགས་ཚད་ཅུང་ཚབས་ཆེ་ལ་དུས་ཡུན་རིང་བོར་རྒྱུན་མཐུད་དེ་ནག་པོ་ཆགས་སྲིད། 

03ཟླ་མཚན་མི་སྙོམ་པ། 

མིག་མཐའ་ནག་པོ་ཆགས་པ་དེ་སྐྱེས་མ་ཚོའི་ཁྲོད་དུ་དེ་བས་བྱུང་བ་མང་། གལ་ཏེ་སྐྱེས་མ་ཚོར་རྒྱུ་རྐྱེན་གཞན་མེད་པར་དུས་ཡུན་རིང་བོར་མིག་མཐའ་ནག་པོ་ཆགས་པ་ཡིན་ན། རྐེད་པ་ན་བ་དང་ཟླ་མཚན་མི་སྙོམ་པ་ལས་བསྐྱེད་པ་ཡིན་ཡང་སྲིད། ཀྲུང་ལུགས་གསོ་རིག་གིས་སྐྱེས་མ་ཚོའི་རྐེད་པ་ན་བ་དང་ཟླ་མཚན་མི་སྙོམ་པ་ནི་ཁྲག་རླུང་གི་རྒྱུ་བ་མི་བཟང་བ་དང་འབྲེལ་བར་བཞེད་ཅིང་། གལ་ཏེ་ཁྲག་རླུང་གི་འཁོར་སྐྱོད་རྒྱུན་ལྡན་མིན་པར་གྱུར་ན་མིག་མཐའ་ནག་པོ་ཆགས་སྲིད། གཞན་བྱེད་ནུས་རང་བཞིན་གྱི་བུ་སྣོད་དུ་ཁྲག་བརྡོལ་བའི་ནད་སོགས་ཀྱིས་ཀྱང་མིག་མཐའ་ནག་པོ་ཆགས་སྲིད། 

04 མཁལ་མ་མི་བཟང་བ།  

མི་མང་པོ་ཞིག་གིས་མིག་མཐའ་ནག་པོ་ཆགས་པ་ནི་མཁལ་མ་ཇེ་ཞན་དུ་གྱུར་པ་ལས་བསྐྱེད་པར་འདོད་ལ། མཁལ་མའི་བཅུད་ཤོར་ན་མིག་གི་མདངས་ཀྱང་ཡལ་འགྲོ་བ་དང་། ཚོས་རྒྱུ་ནག་པོ་ཕྱིར་མངོན་ཏེ་མིག་མཐའ་ནག་པོ་ཆགས་སྲིད།


མཉམ་སྤྱོད།