དེ་རིང་ནི2025ལོའི་ཟླ02པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་སྲིད་གྲོས་སྐབས14པའི་གྲོས་ཚོགས་ཐེངས2པ་འཚོགས་མགོ་བརྩམས།

2024-03-05 15:00:17   |   1524

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་དང་ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་བཅས་ཀྱིས་རྟེན་འབྲེལ་ཞུས་པ་དང་། ཝང་ཧུའུ་ཉིང་གིས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ཕུལ། ཧྲི་ཐའེ་ཧྥིན་གྱིས་མགོ་འཛིན་གནང་། ཀའོ་ཡུན་ལུང་གིས་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ།

微信图片_20240305150953.jpg

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་བཅས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད།

བློ་སེམས་གཅིག་ཏུ་སྒྲིལ་ནས་བསྐྱར་དར་འགན་འཁྲི་ཕྲག་ཏུ་ལེན། འབད་འབུངས་ཆེན་པོས་བྱས་རྗེས་བསྐྲུན་ནས་རྒྱང་སྐྱོད་ལམ་དུ་ཞུགས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཚེས4ཉིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་མགོ་བརྩམས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན2000ལྷག་གིས་ཀྲུང་གུང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གཞིགས་ཏེ། ཆབ་སྲིད་འགན་འཁྲི་དང་དུ་བླངས་ནས་ཧུར་ཐག་གིས་ཇུས་འབུལ་སྲིད་ཞུགས་བྱས་ཤིང་། ཐུན་མོང་གི་ངོས་འཛིན་རྒྱ་ཆེར་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྔམ་བརྗིད་ཀྱི་ལེའུ་བརྩམས།

ཟླ3པའི་པེ་ཅིན་ནི་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་རྒྱས་ཡོད། མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་དུ་གློག་འོད་འཚེར་ལ་སྤྲོ་སེམས་རབ་ཏུ་འཁོལ་ཡོད། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞི་སྟེགས་བུའི་དཀྱིལ་དབུས་སུ་བཀལ་ཞིང་། བཀྲག་མདངས་འཚེར་བའི་དར་དམར་བཅུ་ཕྱོགས་གཉིས་སུ་བསྒྲིགས་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་དགོས་པའི་ཨུ་ཡོན2162ཡོད་པ་དང་། ཨུ་ཡོན2093དངོས་སུ་འབྱོར་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་ཧུའུ་ཁྲུན་ཧྭ། ཧྲིན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལེང་ཀྲིན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུང་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥིན། ཅང་དབྱིན་ཀྲི། ཅང་ཙའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།

ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་ཀྲུའུ་ཞི་སྟེགས་བུར་བཞུགས་པ་དང་། ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས།

微信图片_20240305150946.jpg

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་མགོ་བརྩམས།

ཕྱི་དྲོའི་ཆུ་ཚོད3པར། ཧྲི་ཐའེ་ཧྥིན་གྱིས་ཚོགས་ཆེན་དངོས་སུ་འཚོགས་པ་ཁྱབ་བསྒྲགས་བྱས་ཤིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས།

ཚོགས་ཆེན་གྱིས་ཐོག་མར་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་།

ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་ཕུལ།

微信图片_20240305150941.jpg

ཟླ3པའི་ཚེས4ཉིན་གྱི་ཕྱི་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་འཚོགས་མགོ་བརྩམས། འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་བའི་ཚུལ་ཡིན།

ཝང་ཧུའུ་ཉིང་གིས་བསྟན་དོན། 2023ལོ་ནི་ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་དུ་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས་ཕྱི་ནང་གི་དཀའ་ཁག་ཡོད་ཚད་མཐའ་གཅིག་ཏུ་སེལ་ནས། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་བཏང་ཞིང་། པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་བླངས་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟན་ལྷིང་ངང་སྐུལ་འདེད་བཏང་ལ། ཚན་རྩལ་གསར་སྐྲུན་ལ་ཐོད་བརྒལ་གསར་བ་མངོན་འགྱུར་བྱས། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ་དང་། དམངས་འཚོའི་འགན་སྲུང་ལ་ནུས་ལྡན་ཕན་ཐོབ་བྱུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་བྱས་ཏེ། སྤྱི་ཚོགས་ཁྱོན་ཡོངས་གཏན་འཇགས་བྱུང་ཞིང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་སྤོབས་སེམས་ཚད་མཐོན་པོས་ཇེ་ཆེར་བཏང་།

ཝང་ཧུའུ་ཉིང་གིས་འདས་པའི་ལོ་ངོ་གཅིག་གི་མི་དམངས་སྲིད་གྲོས་བྱ་བར་སྤྱི་བསྡོམས་བྱས། ཁོང་གིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་མགོ་ཁྲིད་འོག རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་སྲ་བརྟན། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་ཀྱིས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་ལ་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་སྲིད་གྲོས་བྱ་བར་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་དང་འགན་སྒྲུབ་ཀྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་གསོ་སྦྱོང་ཇེ་དྲག་དང་ཆབ་སྲིད་ནུས་པ་མཐོར་འདེགས། འགན་སྒྲུབ་ནུས་པ་ཇེ་ཆེར་བཏང་ནས། བྱ་བའི་ལམ་ལུགས་མ་ལག་འཐུས་ཚང་དང་འགན་སྒྲུབ་ལམ་ལུགས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཀྲུང་གུང་ཀྲུང་དབྱང་གིས་བརྟག་བཤེར་ཞིབ་འཇུག་གི་བླང་བྱ་དང་བརྟག་བཤེར་སྲིད་གླེང་གི་སྤུས་ཚད་མཐོར་འདེགས་གཏོང་བ་དར་སྤེལ་བཏང་ནས། ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་བཀོད་སྒྲིག་གལ་ཆེན་ལ་གཞིགས་ཏེ་གྲོས་མོལ་སྲིད་གླེང་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་ཞབས་ཞུ་སྒྲུབ་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ཏུ་བསྟར་བ་དང་དམངས་འཚོར་འགན་སྲུང་དང་ལེགས་བཅོས་ལ་སྐུལ་འདེད་རོགས་སྐྱོར་བྱེད་པ། བདེན་སྲུང་གསར་སྐྲུན་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ། སྐབས་རིམ་བྱོན་གྱི་རྒྱལ་ཡོངས་སྲིད་གྲོས་ལ་རྨང་གཞི་ལེགས་པོ་འདིང་བ་དང་ལས་དོན་སོ་སོར་ཕན་འབྲས་གསར་བ་བླངས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཐད་བྱས་རྗེས་གསར་བ་འཇོག་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། 2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོའང་ཡིན་ལ། མི་དམངས་སྲིད་གྲོས་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་བྱས་ནས། ཏང་གི་སྣེ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་དང་། ཏན་ཏིག་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་སྒྲུབ་ཁག་ཁུར་བྱེད་པར་སྐུལ་འདེད་གཏོང་བར་དམིགས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་སྐུལ་འདེད་དང་ཧུར་ཐག་གིས་ཇུས་འབུལ་སྲིད་ཞུགས་བྱེད་པ་དང་། ཐུན་མོང་ངོས་འཛིན་རྒྱ་ཆེར་གཅིག་སྡུད་དང་རང་སྟེང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་ཆེད་བློ་རིག་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་བྱ་བར་ཕྱོགས་ཡོངས་ནས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་བྱེད་ནུས་འདོན་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་ལ་ཐབས་འདོན་ཤུགས་འདོན་བྱེད་པར་དམིགས་པ་དང་། མཐུན་སྒྲིལ་གྱི་ཨ་ལོང་ཆེན་པོ་གཅིག་ཏུ་སྦྲེལ་བར་འབད་ནས། བློ་སེམས་གཅིག་སྒྲིལ་དང་ཇུས་ཤུགས་མཉམ་འདོན་གྱིས་མུ་མཐུད་དུ་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཚོགས་ཆེན་ལ་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་ཚུན་གྱི་གྲོས་གཞི་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ཕུལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཚུན། བསྡོམས་པས་གྲོས་གཞི5621བཏོན་པ་དང་། གྲོས་ཞིབ་བྱས་པ་བརྒྱུད་གྲོས་གཞི4791ཐོ་འགོད་བྱས། 2024ལོའི་ཟླ2པའི་ཟླ་མཇུག་བར་དུ། གྲོས་གཞིའི99.9%སྒྲུབ་གཉེར་བྱས་ཡོད། འགན་སྒྲུབ་ལས་ཁུངས་སོ་སོས་ནན་ཏན་གྱིས་གྲོས་གཞི་སྒྲུབ་གཉེར་བྱས་ཤིང་། བསམ་ཚུལ་དང་བསམ་འཆར་མང་པོ་ཞིག་དང་ལེན་བྱས་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་དང་། འཕེལ་རྒྱས་འཆར་འགོད། སྡེ་ཁག་གི་བྱ་བ་བཅས་ཀྱི་ཁྲོད་མངོན་པར་བྱས་ནས། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་བྱེད་ནུས་བཏོན་ཡོད།

ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་པའི་མགོ་ཁྲིད་བློ་མཐུན་ལ་ད་དུང་མ་ཞིན་རུའེ་དང་ཝང་དབྱི། དབྱི་ལི། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལའེ། ལི་ཧུང་ཀྲུང་། ཧོ་ཝེ་ཏུང་། ཧོ་ལི་ཧྥིན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝིན་ཆིན། ཁྲིན་ཅི་ཉིང་། ཁྲིན་མིན་ཨར། ཡོན་ཅ་ཅུན། ཧོང་ཁུན་མིན། ལིའུ་ཅིན་གོ། ཝང་ཞའོ་ཧུང་། ཝང་ཏུང་མིན། ཞའོ་ཅེ། ཀྲིན་ཅན་པང་། ཏིན་ཀྲུང་ལི། ཧོ་མིན་ཅིན། ཚའེ་ཏ་ཧྥིན། ཧོ་ཝེ། ཝུའུ་ཝེ་ཧྭ། ཐའེ་ཉིན། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱལ་མཚན། ཞུའེ་ཁི་ལའེ་ཐི་ཀྲ་ཁི་ཨར། ཝུའུ་ཀྲིན་ལུང་། ཧྲིན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུས་ལྟར་མགོ་རྩོམ་མཛད་སྒོར་ཞུགས་ཡོད། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕྱི་སྡོད་རང་མི་སོགས་གདན་ཞུས་ལྟར་མགོ་རྩོམ་མཛད་སྒོར་ཞུགས།


མཉམ་སྤྱོད།