དེ་རིང་ནི2025ལོའི་ཟླ02པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-06 07:51:52   |   382

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་ཚེས5ཉིན་གྱི་སྔ་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་མགོ་བརྩམས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ཚོགས་ཆེན་དུ་ཞུགས།

02.jpg

  • ཚེས5ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས།

  • ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་བཏོན་པ་དང་། དེའི་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་གི་སྡོམ་འབོར་བརྒྱ་ཆའི5ཡས་མས་འཕར་རྒྱུ།

  • ཉེ་ཆར། ཀྲུང་དབྱང་དྲིལ་སྒྲོག་པུས་རིམ་པ་དགུ་པའི་རྒྱལ་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོའི་དཔེ་སྟོན་ས་ཚིགས་དང་ལས་གནས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དཔེ་དམག50ལ་མིང་བཏགས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་ཀྲུང་དབྱང་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར10660བཏང་ཡོད།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་གྱི་མི་རེའི་ཆ་སྙོམས་འབྲུ་རིགས་བཟུང་ཚད་སྤྱི་རྒྱ493ཟིན་པ་དང་། ལོ་སྔོན་མ་ལས་སྤྱི་རྒྱ7ཙམ་འཕར་ཡོད།

  • 2023ལོར། རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར11996བཏང་བ་དང་། 2022ལོ་ལས10.1%འཕར་ཡོད།

  • ཚན་རྩལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི2023ལོའི་ལོ་ཧྲིལ་པོར་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་3.3ལས་བརྒལ་བ་དང་། ལོ་སྔོན་མ་ལས8.1%འཕར་ཡོད།

  • རྒྱལ་ཁབ་རིག་དངོས་ཅུས་ཀྱིས་བསྟན་དོན། ཉིན་ཤས་སྔོན་ལ། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་ཚོད་ལྟའི་ལས་དོན་ཐེངས་བཞི་པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས་5ཉིན་སྨུག་པ་ཆེན་པོའི་སེར་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་གི་སྔ་དྲོར། ཧོ་པེའི་ལྷོ་ནུབ་རྒྱུད་དང་། ཧྲན་ཞི་ཡི་དབུས་ལྷོ་རྒྱུད། ཅང་ཞི་ཡི་བྱང་ཤར་རྒྱུད། ཀྲེ་ཅང་གི་ལྷོ་རྒྱུད། ཧྥུའུ་ཅན་གྱི་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་སྨུག་པ་ཆེན་པོ་འཐིབ་རྒྱུ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ཉིན40ཡི་རིང་གི་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་84ལས་བརྒལ་རྒྱུ།

03.jpg

  • ཚེས5ཉིན་གྱི་སྔ་དྲོར། ཀྲུང་གོས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919དང་ARJ21ཡན་ལག་གནམ་གྲུ་ཁམ་ཕུ་ཁྲེའི་ཕ་ནོམ་ཕེན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས་ས་ངོས་ཀྱི་འཇགས་རྣམ་འགྲེམས་སྟོན་དང་འགྲེམས་སྟོན་འཕུར་སྐྱོད་བྱ་རྒྱུ་རེད།

  • ཀྲུང་གོ་དངུལ་ཁང་མཉམ་འབྲེལ་རྩ་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྒོར་དུང་ཕྱུར་30བཏང་ནས་ཡུལ་དངོས་ཀྱི་གཏོང་སྤྲོད་བདག་སྤྲོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་རེད།

  • རྒྱལ་ཁབ་སྲུང་སྐར་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རླུང་སྤྲིན་ཨང་བཞི་པའི་སྲུང་སྐར་Bཡིས་དངོས་སུ་སྲུང་སྐརAཡི་ཚབ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་རྒྱལ་ཁབ་དེ་བས་མང་བོར་ཞབས་འདེགས་ཞུ་རྒྱུ་རེད།

  • ཚེས4ཉིན། རང་རྒྱལ་གྱི་གློག་སྒུལ་རླངས་འཁོར་རིག་ནུས་གློག་གསོག་དང་གློག་བརྗེའི་དཔེ་སྟོན་ཁུལ་ཐོག་མ་དེ་ཅང་སུའུ་རུ་བསྐྲུན་ཡོད།

04.jpg

  • ཚེས4ཉིན། ཧེ་ལུང་ཅང་གཙང་བོའི་མོ་ཧི་ཆུ་བོའི་པེ་ཅི་གྲོང་ཚོའི་མཁའ་དབྱིངས་སུ་མཛེས་སྡུག་ལྡན་པའི་གླིང་སྣེའི་འོད་ཀྱི་མཛེས་ལྗོངས་སླར་ཡང་མངོན།

  • ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་སྨི4དང་སྨི5རིམ་པའི་བསྐྱར་སྤྱོད་མེ་ཤུགས་འཕུར་མདའ་མགྱོགས་མྱུར་ངང་ཞིབ་བཟོ་བྱེད་བཞིན་ཡོད་པ་དང་། འཆར་གཞི་ལྟར་ན2025ལོ་དང2026ལོར་ཐེངས་དང་པོ་འཕུར་རྒྱུ་རེད།

05.jpg

  • ཉེ་ཆར། ཧྲན་ཏུང་ཅི་ནན་གྱི་རླངས་འཁོར་ཞིག་ལམ་འགྲམ་གྱི་ཤུར་ནང་དུ་ལྷུང་བ་དང་། གཞུག་ཏུ་སྡོད་པའི་བྱིས་པར་རྡུང་རྡེག་ཕོག་ནས་དྲན་པ་ཐོར། ལམ་དུ་འགྲོ་བཞིན་པའི་ཤོག་སྒྲིག་དཔུང་ཚོགས་80པའི་ལུའི་ཞིག་གི་འཐབ་འཛིང་པ་ཀའོ་ཀྲན་ལིན་གྱིས་མྱུར་དུ་ལྕགས་དབྱུག་གིས་རླུང་འགོག་ཤེལ་སྒོ་བཅག་ནས་བྱིས་པ་དེ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བྱེད་ཐབས་བཏོན་ནས་འགན་བཅོལ་ནང་ཞུགས་མཁན་གྱིས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞི་ནས་སྨན་བཅོས་དང་སྨན་ལེན་སྐབས་མི་སྒེར་གྱི་སྔོན་སྤྲོད་བསྡུར་ཚད་10%དེ་མེད་པར་བཟོས།

  • ཅང་ཞི་ཡིས་བསམ་འཆར་བཏོན་ནས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་སྤྱད་དེ་ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་སྤྱི་དམངས་ཀྱིས་ཐེར་འདོན་བྱ་རྒྱུར་སྔར་བས་སྐུལ་ལྕག་བྱས་པ་དང་། འགན་བཅོལ་ལ་མགོ་སྐོར་གཏོང་བའི་བྱེད་སྤྱོད་ཐེར་འདོན་བྱས་པར་བྱ་དགའ་ཆེས་མཐོ་ཤོས་སྒོར་ཁྲི་10ཡིན་པ་དང་དམའ་ཤོས་སྒོར་200ལས་མི་ཉུང་བ་བྱས་ཡོད།

  • ཧྲང་ཧའེ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་ལུས་སྦྱོང་ཁང་གི་གཉེར་སྐྱོང་པས་འཛད་སྤྱོད་པ་གཅིག་ལ་སློབ་ཁྲིད་བྱེད་སྐབས་ཀྱི་སྔོན་སྤྲོད་དཔང་ཡིག་གི་དངུལ་གྲངས་སྒོར་20000ལས་བརྒལ་མི་ཆོག་པ་གཏན་འབེབས་བྱེད་རྒྱུ།

དེ་རིང་གི་གནམ་གཤིས།

06.jpg

  • བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད་དང་ཤར་རྒྱུད། ཁྲོན་ཞི་ས་མཐོའི་བྱང་རྒྱུད། ཧྲན་ཞིའི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཅང་ཧན་གྱི་ཤར་རྒྱུད་དང་ནུབ་རྒྱུད། ཅང་ནན་གྱི་ས་ཆ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་དབུས་ཤར་རྒྱུད། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་ཆུང་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྥུ་ཅན། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་འབབ་རྒྱུ་རེད།


མཉམ་སྤྱོད།