དེ་རིང་ནི2025ལོའི་ཟླ02པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དོན་མདོར་བསྡུས།

2024-03-06 08:47:05   |   2516

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས5ཉིན། ཙུང་ལི་ལི་ཆང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་སྲིད་གཞུང་བྱ་བའི་སྙན་ཞུ་ཕུལ་བ་དང་། ནང་དོན་གཙོ་བོ་གཤམ་གསལ་ལྟར།

གཅིག 2023ལོའི་བྱ་བར་ཕྱིར་དྲན།

རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར5.2%འཕར་བ།

འབྲུ་རིགས་ཐོན་སྐྱེད་རྒྱ་མ་དུང་ཕྱུར་ཁྲི1.39ལ་སླེབས་པ།

མཁར་གྲོང་གི་ལས་ཞུགས་མི་ཁྲི1244གསར་སྣོན་བྱུང་བ།

ལོ་ཧྲིལ་བོའི་ཁྲལ་གྲོན་གཟིགས་སྐྱོང་སྒོར་དུང་ཕྱུར་ཁྲི2.2གསར་སྣོན་བྱུང་བ།

ནུས་ཁུངས་གསར་པའི་རླངས་འཁོར་ཕྱིར་འཚོང་བྱེད་ཚད་ཀྱིས་འཛམ་གླིང་གི་བསྡུར་ཚད་ཁྲོད60%ཡན་བརྒལ་བ།

གློག་སྒུལ་རླངས་འཁོར་དང་ལི་གློག་གཡིས། འོད་ནུས་ཐོན་རྫས་བཅས་གསར་པ་གསུམ་ཕྱིར་གཏོང་འཕར་ཚད30%ཙམ་ལ་སླེབས་པ།

གཉིས། ད་ལོའི་སྔོན་དཔག་གི་དམིགས་འབེན་གཙོ་བོ།

རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར5%འཕར་རྒྱུ།

མཁར་གྲོང་གི་གསར་སྣོན་ལས་ཞུགས་མི་ཁྲི1200ཡན་ལ་བསླེབ་རྒྱུ།

སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་འཕར་ཚད3%ཡས་མས་ལ་བསླེབ་རྒྱུ།

འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ལ་བསླེབ་རྒྱུ།

ལས་ཁུངས་ཀྱི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་ཟད་ཚད2.5%ཡས་མས་ཆག་རྒྱུ།

གསུམ། ད་ལོའི་གཙོ་གནད་ལས་དོན་ཁ་ཤས།

ནོར་སྲིད། ནོར་སྲིད་འགྲོ་སོང་གི་བསྡུར་ཚད3%ལྟར་བཀོད་སྒྲིག་བྱེད་པ་དང་། སྤྱིར་བཏང་སྤྱི་བའི་སྔོན་རྩིས་འགྲོ་སོང་གི་བསྡུར་ཚད་དེ་ལོ་སྔོན་མ་ལས་སྒོར་དུང་ཕྱུར་ཁྲི1.1འཕར་བ།

སྲིད་གཞུང་དངུལ་གཏོང་། ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི3.9བཀོད་སྒྲིག་བྱ་རྩིས་ཡོད་ལ། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་ཐད་སྒོར་དུང་ཕྱུར7000བཀོད་སྒྲིག་བྱེད་པ།

དམིགས་བསལ་རྒྱལ་བུན། ད་ལོ་ནས་བཟུང་བསྟུད་མར་ལོ་འགའི་རིང་དུས་ཡུན་རིང་བའི་དམིགས་བསལ་རྒྱལ་བུན་གཏོང་རྒྱུ་དང་། ཆེད་དམིགས་སྒོས་རྒྱལ་ཁབ་གཙོ་གནད་འཐབ་ཇུས་ལག་བསྟར་དང་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་ཐད་བཀོལ་བ་དང་། ད་ལོར་སྔོན་ལ་སྒོར་དུང་ཕྱུར་ཁྲི1གཏོང་བ།

མ་འོངས་ཐོན་ལས། ཚད་རྡུལ་ལག་རྩལ་དང་ཚེ་སྲོག་ཚན་རིག་སོགས་ཀྱི་འགྲན་ལམ་གསར་བ་འཛུགས་པ།

གྲངས་ཀའི་དཔལ་འབྱོར།  “མི་ཐབས་རིག་ནུས+”ཀྱི་འགུལ་སྐྱོད་སྤེལ་བ།

འཛད་སྤྱོད། འཛད་སྤྱོད་ཐོན་རྫས་རྙིང་ཚབ་གསར་སྒྱུར་ལ་སྐུལ་ལྕག་དང་སྐུལ་འདེད་བཏང་ནས། རིག་ནུས་དྲ་སྦྲེལ་གྱི་ནུས་ཁུངས་གསར་བའི་རླངས་འཁོར་དང་གློག་རྡུལ་ཐོན་རྫས་སོགས་འཛད་སྤྱོད་འབོར་ཆེན་གོང་སྤེལ་གཏོང་བ།

སྡོད་ཁང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་དང་མཁོ་སྤྲོད་ལ་ཤུགས་བསྣན་ནས། ཚོང་རྫས་སྡོད་ཁང་གི་འབྲེལ་ཡོད་རྨང་གཞི་རང་བཞིན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།

ལས་ཞུགས། ན་གཞོན་ལས་ཞུགས་ཀྱི་སྲིད་ཇུས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ། རིགས་བགར་ནས་སྟབས་བསྟུན་ལས་ཞུགས་ཞབས་ཞུ་འགན་སྲུང་གི་བྱེད་ཐབས་འཐུས་ཚང་དུ་གཏོང་བ།

གྲོང་གསེབ་དར་སྤེལ། རྒྱལ་ཡོངས་སུ་བཟའ་འབྲུ་ཆེན་མོ་གསུམ་གྱི་ཐོན་སྐྱེད་མ་གནས་དང་ཡོང་འབབ་ཀྱི་ཉེན་བཅོལ་སྲིད་ཇུས་ལག་བསྟར་བྱེད་པ། གློག་གསོག་ཕུར་པ་དང་འཁྱག་སྦྲེལ་དངོས་ཟོག་འཁོར་རྒྱུག བསྐུར་སྐྱེལ་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ།

གྲོང་རྡལ་ཅན། གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་བརྟན་རླིང་ངང་སྤེལ་བ། སྡོད་ཁུལ་རྙིང་བར་གློག་སྐས་དང་རླངས་འཁོར་འཇོག་ས་འཛུགས་པ་སོགས་ཀྱི་དཀའ་ངལ་ཐག་གཅོད་པ།

སློབ་གསོ། རྨང་གཞི་སློབ་གསོ་རྒྱ་བསྐྱེད་དང་སྤུས་འདེགས་ཀྱི་འགུལ་སྐྱོད་སྤེལ་བ། སློབ་སྔོན་སློབ་གསོའི་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

སྨན་བཅོས། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མི་རེའི་ནོར་སྲིད་ཁ་གསབ་ཚད་གཞི་སྒོར30ཇེ་མཐོར་གཏོང་བ།

སྤྱི་ཚོགས་འགན་སྲུང་། ཤང་གྲོང་སྡོད་དམངས་ཀྱི་རྨང་གཞི་རྒན་གསོའི་གྲོན་དངུལ་གྱི་མ་མཐའི་ཚད་གཞི་སྒོར20ཇེ་མཐོར་བཏང་ནས། མུ་མཐུད་དུ་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོ་གྲོན་དངུལ་ཇེ་མཐོར་གཏོང་བ། རྒྱལ་ཡོངས་སུ་མི་སྒེར་གྱི་རྒན་གསོའི་མ་དངུལ་ལམ་ལུགས་ལག་བསྟར་བྱེད་པ། ཐབས་ལམ་སྣ་ཚོགས་ཀྱིས་བཅོལ་གསོ་ཞབས་ཞུ་མཁོ་སྤྲོད་ཇེ་ཆེར་གཏོང་བ།

སྒོ་འབྱེད། ཕྱོགས་ཡོངས་ནས་གསར་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཆོག་འཐུས་ཚད་བཀག་བྱེད་ཐབས་མེད་པར་གཏོང་བ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུ་ལས་རིགས་ཀྱི་ཚོང་རའི་ཆོག་འཐུས་ཇེ་ཡངས་སུ་གཏོང་བ། ཕྱི་རྒྱལ་མི་སྣས་ཀྲུང་གོར་ལས་ཀ་དང་སློབ་སྦྱོང་། གནས་སྐོར་བྱེད་པར་སྟབས་བདེ་བསྐྲུན་ཚད་ཇེ་མཐོར་གཏོང་བ།

ཁོར་ཡུག་སྲུང་སྐྱོབ། ལྗང་མདོག་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་ནོར་སྲིད་ཁྲལ་གྲོན་དང་དངུལ་རྩ། དངུལ་གཏོང་། རིན་གོང་སྲིད་ཇུས་དང་འབྲེལ་ཡོད་ཚོང་ར་ཅན་གྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ།


མཉམ་སྤྱོད།