དེ་རིང་ནི2025ལོའི་ཟླ02པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ལེ་ཧྥུན་དྲན་གསོའི་ཉིན་མོར་བྱ་འགུལ་རབ་དང་རིམ་པ་སྤེལ།

2024-03-06 15:04:59   |   2399

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས5ཉིན་ནི་ལེ་ཧྥུན་དྲན་གསོའི་ཉིན་མོ་ཐེངས62པ་ཡིན་ལ། ཀྲུང་གོའི་ན་གཞོན་དང་བླངས་པའི་ཞབས་ཞུའི་ཉིན་མོ་ཐེངས25པའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་བྱ་འགུལ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དོན་འཁྱོལ་ནན་ཏན་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་དང་བླངས་ཞབས་ཞུ་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཆེད། ཟླ3པའི་ཚེས5ཉིན། མདའ་བཞི་རྫོང་གིས་ལེ་ཧྥུན་ལ་སློབ་སྦྱོང་བྱེད་པའི་དྲན་གསོའི་ཉིན་མོའི་བྱ་འགུལ་རབ་དང་རིམ་པ་སྤེལ།

མདའ་བཞི་རྫོང་མཁར་ཟུར་གསུམ་གྲོང་རྡལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པ་ཧའེ་ཧྭ་གཞིས་གསར་དུ་སོང་ནས་ཁོངས་གཏོགས་སྡོད་མིར་རིན་མེད་ངང་གྲི་བརྡར་ཞབས་ཞུ་སྤེལ་ནས་རྒན་རྒོན་དང་བུད་མེད་ཁག་གཅིག་ལ་འཚོ་བའི་གནད་དོན་ཐག་གཅོད་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ། མདའ་བཞི་རྫོང་གི་ཁོར་ཡུག་སྔར་ལས་ལེགས་པོ་དང་མཛེས་ཤིང་སྡུག་པའི་རྣམ་པ་ཞིག་གཏོད་ཆེད། གུང་གཞོན་ཐུན་ཚོགས་མདའ་བཞི་རྫོང་ཨུས་གཞོན་ནུ་དང་བླངས་པ་རྩ་འཛུགས་བྱས་ཏེ་ཁྲོམ་གཞུང་གི་བརྡ་ཁྱབ་གཙང་སེལ་དང་སྤྱི་སྤྱོད་རླངས་འཁོར་ས་ཚུགས་ཀྱི་བསྒྲགས་བྱང་གཙང་སེལ་བྱེད་པའི་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།

བྱ་འགུལ་སྤེལ་ཡུལ་དུ། མདའ་བཞི་རྫོང་མཁར་ཟུར་གསུམ་འཕྲོད་བསྟེན་ཁང་གི་སྨན་པས་གསོ་རིག་ཤེས་བྱ་ཟུང་འབྲེལ་བྱས་ནས་མང་ཚོགས་ལ་ནད་བརྟག་འགྲེལ་བཤད་བྱས་པ་མ་ཟད། ད་དུང་སྙིང་ལྡིང་བ་སླར་གསོ་བྱེད་སྟངས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། འདུག་སྟངས་ལེགས་སྒྲིག་དང་དབུགས་ལམ་ཕྱེ་བ། མིའི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་པ། སྙིང་གནོན་སྟངས་སོགས་མྱུར་སྐྱོབ་བྱེད་ཐབས་ཀྱང་རྒྱས་བཤད་ཞིབ་ཕྲ་བྱས་ནས་མང་ཚོགས་ཀྱིས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དང་འཚོ་བའི་གོམས་གཤིས་འཇགས་རྒྱུར་རོགས་རམ་བྱས་པ་དང་། མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་འགྲམ་དུ་རིན་མི་དགོས་པའི་སྨན་བཅོས་དང་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སྤྱོད་བྱས། 

གུང་གཞོན་ཐུན་ཚོགས་མདའ་བཞི་རྫོང་ཨུས་འཐབ་ཕྱོགས་དང་པོའི་མྱུར་སྐྱེལ་དང་ཕྱིར་ཚོང་པར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ཏེ། ལོ་མང་རིང་དཀའ་སྤྱད་འབད་འཐབ་དང་འཐབ་ཕྱོགས་དང་པོར་ཡོད་པའི་མྱུར་སྐྱེལ་ཕྱིར་ཚོང་པར་བླ་ན་མེད་པའི་གུས་འདུད་དང་བྱམས་བརྩེའི་འཚམས་འདྲི་ཞུས། མཁར་ཟུར་གསུམ་ལྟེ་བའི་མངགས་གཏོང་ཁང་དང་མཁར་ཟུར་གསུམ་གྲོང་རྡལ་གྱི་དམངས་སྲིད་དང་གཞན་ཡང་དང་བླངས་པས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་བྱ་འགུལ་སྤེལ། མངག་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྱིམ་སྡོད་མེ་ཟོན་ཤེས་བྱ་དང་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ཤེས་བྱ་འགྲེལ་བཤད་ནན་ཏན་བརྒྱབ་ནས་མང་ཚོགས་ཀྱིས་དུས་རབས་གསར་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མྱོང་ཚོར་ཐུབ་པ་མ་ཟད། ཏང་གི་སྲིད་ཇུས་ལས་བྱུང་བའི་མཛེས་སྡུག་ལྡན་པའི་འཚོ་བ་གསར་བ་མྱོང་ཚོར་ཐུབ་པའང་བྱུང་།

ལེ་ཧྥུན་གྱི་སྙིང་སྟོབས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་མཚོན་ཚུལ་ཞིག་ཡིན་པས་ང་ཚོས་ལེ་ཧྥུན་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་དད་སེམས་དང་དོན་གཉེར་བྱ་ཡུལ་ཞིག་ཏུ་བསྒྱུར་ནས་དོན་ཆུང་ནས་མགོ་བཙུགས་ཏེ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ལེ་ཧྥུན་གྱི་སྙིང་སྟོབས་ལག་བསྟར་དང་དུས་རབས་གསར་པར་ལེ་ཧྥུན་གྱི་སྙིང་སྟོབས་སྔར་ལས་འོད་སྟོང་འཕྲོ་བར་བྱེད་དགོས།


མཉམ་སྤྱོད།