དེ་རིང་ནི2025ལོའི་ཟླ02པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་མགོ་རྩོམ་ཚོགས་འདུའི་ཐད་གཏོང་ལ་བལྟས།

2024-03-06 15:35:50   |   340

རྩོམ་སྒྲིག དོན་འགྲུབ་མཚོ་། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས5ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་གཟབ་རྒྱས་ངང་ཚོགས་མགོ་བརྩམས་པ་དང་། ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཚོགས་ཆེན་ལ་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་ཆེན་ཐེངས་གཉིས་པར་སྲིད་གཞུང་གི་བྱ་བའི་སྙན་ཞུ་ཕུལ།  ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་དང་མ་རུའུ་ཞང་དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་ཀྱིས་ཚོགས་ཆེན་ཐད་གཏོང་ལ་བལྟས།


bd92b30ad2e396d41597c3a7c26c9b6.jpg

ཚོགས་ཞུགས་ཚང་མའི་ཐུན་མོང་གི་ངོས་འཛིན་ལྟར་ན།  སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འདས་ཟིན་པའི་ལོ་གཅིག་གི་ལས་ཀའི་གྲུབ་འབྲས་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་དབྱེ་ཞིབ་ཡང་དག་དང་། ད་ལོའི་བྱ་བའི་འཆར་གཞི་དངོས་ཐོག་བདེན་འཚོལ་གྱིས་བཏོན་ཡོད་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་འཕེལ་བར་བྱས་ཡོད་པ་དང་། དངོས་སྒྲུབ་གསར་གཏོད་དང་། མི་སེམས་ལ་སྐུལ་མ་ཐེབས་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད་ཅེས་འདོད།

222.jpg

ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་དོན། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་དང་།  “ལྔ་བཅུ་བཞིའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། སྲིད་གཞུང་བྱ་བའི་སྙན་ཞུའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཏེ་ཁུལ་ཨུའི“243”འཕེལ་རྒྱས་ཀྱི་བཀོད་པར་དམ་པོར་དམིགས་པ་དང་། “མཚོ་བྱང་ལྔའི”འཛུགས་སྐྲུན་ལ་དམིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་དང་ཉམས་ཞན། མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་ལ་དམིགས་ནས། དམིགས་འབེན་ལ་དམ་པོར་དམིགས་པ་དང་། དངོས་སྒྲུབ་འབད་བརྩོན་བྱས་ཏེ། ནུས་ཤུགས་ཡོད་རྒུས་དམིགས་འབེན་ཡོད་ཚད་ལག་བསྟར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་བསྐྲུན་པར་མཐུན་སྒྲིལ་འབད་འཐབ་བྱེད་དགོས་ཞེས་ཟེར།

bd92b30ad2e396d41597c3a7c26c9b6.jpg


མཉམ་སྤྱོད།