མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདའ་བཞི་རྫོང་གིས་ཡན་ཐན་སློབ་ཁྲིད་དང་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཚོགས་འདུ་འཚོགས།

2024-03-06 16:28:51   |   475

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཟླ3ཚེས5ཉིན། མདའ་བཞི་རྫོང་གིས་ཡན་ཐན་སློབ་ཁྲིད་དང་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་འཕྲལ་སྡོམ་རོགས་སྐྱོབ་ཆེད་མཁས་པ་དང་། མཚོ་སྔོན་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཆེད་མཁས་པ། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཆེད་མཁས་པའི་བློ་འདྲི་ཨུ་ཡོན། རྒྱལ་ཁབ་ཀྱི་ཐོ་འགོད་བདེ་འཇགས་བཟོ་འགོད་པའམ་ཐོ་འགོད་རིམ་པ་དང་པོའི་བདེ་འཇགས་གདེང་འཇོག་པ། མཐོ་རིམ་བཟོ་འགོད་པ། རྒྱལ་ཁབ་བདེ་འཇགས་དང་འཕྲལ་སྡོམ་དོ་དམ་གསོ་སྦྱོང་གི་དགེ་རྒན་ཡུའུ་ཞའོ་ཧྥུན་གྱིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་དང་བདེ་འཇགས་ཉེན་ཁ་འགོག་ཟོན་ཐད་ཀྱི་ཆེད་དོན་འཆད་ཁྲིད་གནང་། རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུ་ཧྲུའུ་ཅི་དང་མགོ་གཙོ། རྫོང་ཨུའི་སྡེ་ཁག་སོ་སོ་དང་རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཁོའོ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། རྫོང་གནོད་འགོག་ཨུ་ལྷན་དང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ། ལས་བགོས་འགན་འཁུར་བློ་མཐུན་གཙོ་བོ། རྫོང་འཕྲལ་སྡོམ་དོ་དམ་ཅུའི་ལས་བཟོ་པ་ཡོངས་ཚོགས་འདུར་ཞུགས། 

88888.jpg

ཚོགས་འདུའི་ཐོག  དགེ་རྒན་ཡུའུ་ཞའོ་ཧྥུན་གྱིས་གོ་བདེ་ཞིང་ཉན་འདོད་པའི་བྱེད་ཐབས་སྤྱད་ནས་བདེ་འཇགས་ཀྱི་དམར་ཐིག་དང་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག ལས་འཛོལ་གྱི་བསླབ་བྱ་དང་ཉེན་བརྡ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱས་ཏེ་འཆད་ཁྲིད་གནང་བ་དང་།  ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་གསུང་བཤད་གལ་ཆེན་ལ་སྔར་ལས་གོ་བ་གཏིང་ཟབ་བླངས་ནས་རྫོང་ཡོངས་ཀྱི་དུས་རབས་གསར་བའི་བདེ་འཇགས་ཐོན་སྐྱེད་ཀྱི་འགུལ་སྐྱོད་ཐད་ལ་ཕྱོགས་སྟོན་གསར་པ་མཁོ་འདོན་བྱས།

ཚོགས་འདུའི་ཐོག རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)ཡིས་ཐེངས་འདིའི་ཆེད་དོན་འཆད་ཁྲིད་གོ་སྐབས་སུ་བྱས་ནས། ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། འགན་ཁུར་མཉམ་ལེན་དང་ལས་དོན་སྤྱི་སྒྲུབ། འགན་འཛོལ་དང་འགན་འཁྲི་བདའ་འདེད་གཏོང་བ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འདུ་ཤེས་ལ་ངོས་འཛིན་གང་ལེགས་བྱས་ཏེ། ས་གནས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་བདེ་འཇགས་འགན་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་ཁག་སོ་སོའི་དུས་དང་རྣམ་པ་ཀུན་ཏུ་འགན་འཁྲིའི་འཁུར་སེམས་བློ་ལ་བརྟན་པོ་བཅངས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་སྐུལ་འདེད་གཏིང་ཟབ་དང5685ཡི་བྱ་བའི་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་། གཞི་རིམ་གྱི་བདེ་འཇགས་རྨང་གཞི་སྔར་ལས་བརྟན་དུ་གཏོང་བ་དང་། ཁེ་ལས་ཀྱི་འགན་འཁྲི་དང་པོ་མུ་མཐུད་ནན་དུ་གཏོང་བ། ལྷག་པར་དུ་ཁེ་ལས་ཀྱི་ཁྲིམས་མིས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་འཁུར་བ། ཁེ་ལས་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ལམ་ལུགས་དང་བྱ་བའི་བྱེད་ཐབས་ཁག་དང་ལས་གནས་ཁག ཚན་པའི་ལྷུ་ཚིགས་ཁག་བཅས་ཞིབ་ཕྲ་བཟོས་ནས་ཁེ་ལས་ཀྱི་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ལས་རིགས་གཞན་དག་གི་ཁྱབ་ཁོངས་སུ་གནས་བའི་ཉེན་ཁ་འཚོལ་དགོས་པ་དང་། ཉེན་ཟོན་དང་བཀག་སྡོམ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་མདའ་བཞིའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་གཞི་ཐིག་དང་དམར་ཐིག་མཐའ་གཅིག་ཏུ་སྲུང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་གང་ཐུབ་བྱས་ནས་མདའ་བཞི་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ད་དུང་ཡིག་ཐོག་ནས《ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྲོལ་ཡིག》 ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ནང་དོན་བརྒྱུད་བསྒྲགས་བྱས།


མཉམ་སྤྱོད།