མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-07 08:12:38   |   1232

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚེས6ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་གྱི་ཀྲུང་གོ་གོ་མིན་ཏང་གི་གསར་བརྗེ་ཨུ་ལྷན་དང་། ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་མཇལ་འཕྲད་གནང་བ་མ་ཟད། མཉམ་འབྲེལ་ཚན་སྐོར་གྱི་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་གཞི་ལ་གསན།

  • “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཐོན་ལ་ཉེར་བའི་སྐབས་སུ། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་མཁན་གྱི་བུད་མེད་འཐུས་མི་དང་ཨུ་ཡོན། བུད་མེད་ལས་སྒྲུབ་མི་སྣ་བཅས་དང་། རྒྱལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་དབན་ས་ཁུལ་གྱི་བུད་མེད་སྤུན་ཟླ། ཕྱིར་སྡོད་བུད་མེད་སྤུན་ཟླ་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་ཞུས་པ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་ཐོག་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། དབང་པོ་སྐྱོན་ཅན་དང་འབྲེལ་བ་ཡོད་པའི་གྱོད་གཞི་སྔོན་ལ་ཐོ་འགོད་དང་། འདྲི་གཅོད། ལག་བསྟར་བཅས་བྱེད་པར་བསྔགས་སྐུལ་བྱས་ཡོད།

  • ཚེས6ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རིན་ཀྲེང་ཧྲན་ཅེ་ཡིས2024ལོར་5%འཕར་ཚད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འདེགས་སྐྱོར་ནུས་ལྡན་ཡོད་པ་ངོ་སྤྲོད་བྱས།

  • ཚེས6ཉིན། ནོར་སྲིད་པུའི་པུ་ཀྲང་ལན་ཧྥུའོ་ཨན་གྱིས་2024ལོའི་སློབ་གསོ་དང་། སྤྱི་ཚོགས་འགན་བཅོལ། ལས་ཞུགས་སྔོན་རྩིས་བཅས་ཀྱི་བཀོད་སྒྲིག་ཚང་མ་སྒོར་དུང་ཕྱུར་ཁྲི་4ལས་བརྒལ་རྒྱུ་ཡིན་པ་ངོ་སྤྲོད་བྱས།

  • ཟླ2པའི་ཟླ་མཇུག་བར་དུ། “དར་གོས་ཚོང་ལམ་གྱི་མཚོ་ཐོག་སྐྱེལ་འདྲེན”གྱི་ལམ་ཐིག་རིམ་རྩིས་བྱས་ན་ཐེངས་གྲངས་ཁྲི་1.4ལས་བརྒལ་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་ཁབ་37དང་ས་ཁུལ་གྱི་གྲུ་ཁ་106ལ་ཤར་གཏོང་ཐུབ་ཡོད།

  • ཉེ་ཆར། རང་རྒྱལ་གྱི་གློག་འཕྲིན་ཁེ་ལས་ལ་སྲུང་སྐར་འཕྲིན་གཏོང་རྒྱལ་སྤྱིའི་གློག་འཕྲིན་ཨང་གྲངས་ཀྱི་ཐོན་ཁུངས་ཐོག་མར་ཐོབ་པ་དང་། རང་རྒྱལ་གྱི་སྲུང་སྐར་ལས་སྒོ་ཕྱི་རྒྱལ་དུ་བསྐྱོད་རྒྱུར་རམ་འདེགས་ཐུབ་རྒྱུ་རེད།

  • ཚེས6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཧྥི་ལི་ཕིན་དེ་རྡེའུ་ཞིག་ཏུ་བརྩིས་ནས་ནན་ཧའེ་ས་ཁུལ་གྱི་དུས་བབ་ཟང་ཟིང་བཟོ་མི་རུང་བ་དང་། ཧྥི་ལི་ཕིན་ཕྱོགས་ཀྱིས་ཀྱང་ཨ་རི་ཡི་གཡོ་འོག་ཏུ་མི་ཚུད་པ་བྱེད་དགོས་པའི་ཁ་ཏ་བཏང་། ལོ་རྒྱུས་ཀྱི་བསླབ་བྱ་ལས་རྡེའུ་དེ་མཇུག་མཐར་མར་གཡུག་རྒྱུ་ཡིན་པ་ཁོ་ཐག་ཡིན།

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་འཛིན་བྱང་གི་ཇུས་གཞི་གཏན་ཁེལ་བྱས་ལ། མི་ཁྲི32.6ཡིས་སྐབས་དེར་སྤ་སེ་འཁྱེར་ནས་སའེ་ན་གཙང་པོའི་འགྲམ་དུ་མགོ་རྩོམ་མཛད་སྒོར་ལྟ་རྒྱུ་ཡིན་པ་དང་། མི་བཅུ་ཆའི་བདུན་ཙམ་ནི་གདན་ཞུ་ལྟར་རིན་མེད་ངང་ལྟ་རྒྱུ་ཡིན་པ་རེད།

སྤྱི་ཚོགས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྡོམ་རྩིས་བྱས་པར་གཞིགས་ན། 2024ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་གཞུང་ལམ་གྱི་མི་སྣའི་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར78ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • གུང་གཞོན་ཚོགས་པའི་ཀྲུང་དབྱང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་དུ། གཞོན་ནུ་དང་བླངས་པ་ཁྲི་26ལྷག་ཙམ་ལས་གནས་ཐོག་ཏུ་ཞུགས་ནས་ཞབས་འདེགས་ཞུས་བ་དང་། དང་བླངས་ཞབས་ཞུའི་སྤྱིའི་དུས་ཚོད་ཆུ་ཚོད་ཁྲི་633ལྷག་ཙམ་ཡིན།

02.jpg

  • ཤར་ཕྱོགས་མཁའ་འགྲུལ་སྤྱི་གཉེར་གྱིས་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་མོའི་གཉེར་སྐྱོང་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་ནས། སྔོན་དཔག་བྱས་ན་ད་ལོའིC919གནམ་གྲུའི་རུ་ཁག་གི་གཞི་ཁྱོན་གནམ་གྲུ10པར་སླེབས་རྒྱུ་རེད།

  • ཉེ་ཆར། ཧྲང་ཧའེ་ཡིས་མཁའ་འགྲུལ་སྤྱི་གཉེར་ལས་བརྒལ་བའི་རྒྱུན་མཐུད་འགྲུལ་པའི་སྤ་སེ་ཕྱིར་སློག་གི་ངོས་ལེན་བྱེད་པའི་ལམ་སྲོལ་བཙུགས་པ་དང་། ཕར་འགྲོ་ཚུར་འོང་བྱེད་པའི་དུས་མགོ་དང་ལམ་བར་དུ་གནམ་གྲུ་འགོར་འགྱངས་དང་འཕུར་མ་ཐུབ་ན། གཞུག་གི་ལམ་བར་དུ་སྤ་སེ་ཕྱིར་སློག་བྱས་ཆོག

  • ཞིན་ཅང་ཧོར་ཀོ་སི་འགག་སྒོའི་ཚོང་ཟོག་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། ད་ལོའི་ཚུན་དུ་ཕྱིར་གཏོང་བྱེད་ཚད་རླངས་འཁོར་ཁྲི་2ལས་བརྒལ་དེ་དུས་མཚུངས་ལས388%འཕར་ཡོད།

  • ཚེས4ཉིན། ཀོང་ཏུང་དང་ཀོང་ཞི། ཡུན་ནན། ཀུའེ་ཀྲོའུ། ཧའེ་ནན་བཅས་ཞིང་ཆེན་ལྔའི་ནུས་རྒྱུ་གསར་པས་ཉིན་གཅིག་ལ་གློག་གཏོང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་དེ། ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར10.4ཟིན་པ་དང་། ཉིན་དེའི་ས་ཁོངས་ནང་གི་གློག་གཏོང་ཚད་ཀྱི་སྡོམ་འབོར་གྱི25.7%ཟིན་ཡོད།

03.jpg

  • ཚེས6ཉིན། ཏུན4000རིམ་པའི་གོ་ལ་ཧྲིལ་པོའི་ལྗིད་འདེགས་འཕྲུལ་འཁོར་ཆེ་ཤོས་དེ་ཅང་སུའུ་ཞུས་ཀྲོའུ་རུ་རྩིས་སྤྲོད་བྱས། དེས་ཤུགས་ཚད་ལས་བརྒལ་བའི་རླུང་འཕྲུལ་འཁོར་སྒྲིག་སྦྱོར་གྱི་དཀའ་གནད་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད།

  • ནན་ཅིང་དམར་གསོད་ཆེན་མོའི་ནང་སྲོག་ཉེན་ལས་ཐར་བའི་ཁྲེན་ཀུའེ་ཞང་ཚེས་5ཉིན་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ99ཡིན་པ་རེད། མིག་སྔར། ཐོ་འགོད་བྱས་པའི་འཛམ་གླིང་གི་ནན་ཅིང་དམར་གསོད་ཆེན་པོའི་ནང་སྲོག་ཉེན་ལས་ཐར་བའི་མི36ལས་ལུས་མེད།

  • ཚེས6ཉིན། 2024ལོའི་ཨེ་ཤེ་ཡའི་གངས་ཤུད་རི་འཛེག་འགྲན་བསྡུར་དེ་ཅི་ལིན་གྲོང་ཁྱེར་དུ་མཇུག་འགྲིལ་བ་དང་། ཉིན་ལྔའི་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ7པོ་བླངས་པ་རེད།

  • 2024ལོའི“གྲོང་ཚོའི་རྐང་གྲུག”གི་རྟིང་རྩོད་དུས་མཚམས་ཀྱི་འགྲན་བསྡུར་དེ། ཟླ3ཚེས16ཉིན་ཀུའེ་ཀྲོའུ་རུང་ཅང་རྫོང་དུ་མགོ་རྩོམ་རྒྱུ་ཡིན་པ་དང་། འགྲན་བསྡུར་ཟླ་5ཚེས་25ཉིན་བར་སྤེལ་རྒྱུ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བྱུག་རྫས་ལས་རིགས་ཀྱི་བརྡ་ཁྱབ་དྲིལ་སྒྲོག་སྒྲིག་སྲོལ་དང་མཐུན་པའི་མཛུབ་ཁྲིད་བཏོན་ནས། བྱིས་པའི་མཛེས་འཆོས་བྱུག་རྫས་ཀྱི་བརྡ་ཁྱབ་ལ“མིད་ཆོག་པའི”ཡི་གེ་དང་བཟའ་བཅའི་རི་མོ་སྤྱོད་མི་ཆོག་པ་ཁ་གསལ་བཟོས་ནས། བཟའ་བཅའི་ཉེན་ཁ་མི་ཐོན་པ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • ཧོ་ནན་གྱིས་ད་ལོའི་ཞིང་ལས་ལ་ཞབས་འདེགས་ཞུ་བའི་ལྟེ་གནས200བསྐྲུན་ནས་ཞིང་པའི་རྨོ་འདེབས་དང་། དོ་དམ། བསྡུ་ལེན། ཕྱིར་ཚོང་བཅས་ལེགས་སྒྲུབ་བྱས་ཏེ་ཞིང་པའི“ས་ཞིང་གི་བདག་གཉེར་པ”བྱེད་རྩིས་ཡོད།

  • ད་ལོར། ཧྲེན་ཀྲེན་གྱིས་འགན་ལེན་ཁང་པ་ཆ་ཚང་ཁྲི10(ཁང་)བསྐྲུན་ནས་གྲོང་མི་གསར་པ་དང་གཞོན་ནུ་སོགས་ཚོགས་སྤྱིས་སེམས་བདེ་བའི་ངང་ལས་ཀ་བྱེད་པ་དང་བག་ཕེབས་ངང་འཚོ་བ་སྐྱེལ་ཐུབ་པར་འགན་སྲུང་བྱ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

04.jpg

  • ཧྲན་ཞིའི་དབུས་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད་དང་དབུས་རྒྱུད། ཧེ་ལུང་ཅང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། ཁྲོན་ཞི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྲན་ཏུང་གི་ས་ཆ་མང་ཆེ་བ། ཅང་སུའུ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད། ནང་སོག་དང་ཧྭ་པེའི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ4ནས5བར་གྱི་རླུང་གཡུག་རྒྱུ་རེད།


མཉམ་སྤྱོད།