མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འཐུས་མི་པདྨ་མཚོས་བོད་ཡིག་དཔེ་རྙིང་སྲུང་སྐྱོང་སྐོར་གྱི་གྲོས་མགོ་བཏོན།

2024-03-07 10:02:26   |   1642

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པདྨ་མཚོ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མིའི་རིགས་རིག་པའི་རིག་གནས་པ་ཞིག་ཡིན། མོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནི་མཚན་སྙན་ཡིན་ལ་འགན་འཁྲི་ཡང་ཡིན་པས། ངས་ཏང་དང་རྒྱལ་ཁབ་དང་མི་དམངས་མང་ཚོགས་དབར་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ཡག་པོ་ཞིག་བྱ་རྒྱུ་ཡིན་ཞེས་གསུངས།

པདྨ་མཚོས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་ངོས་ནས། སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། འགན་འཁྲི་སྒྲུབ་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།  ཚོགས་འདུ་གྲོལ་བའི་རྗེས། ཕྱོགས་མང་པོ་དང་ཐབས་ལམ་མང་པོའི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འདུན་ལ་ཉན་དགོས་པ་མ་ཟད། བསམ་འདུན་དེ་རིགས་དང་རྒྱལ་ཁབ་ཀྱི་སྤྱི་ཁོག་སྲིད་ཇུས་ཟུང་འབྲེལ་བྱས་ཚེ་གཞི་ནས་སྤུས་ཚད་ལྡན་པའི་འཐུས་མིའི་གྲོས་མགོ་ཞིག་ཏུ་འགྱུར་ཐུབ་ཅེས་གསུངས་པ་རེད།

1.jpg

འགན་སྒྲུབ་ལོ་གཅིག་རིང་གི་བརྟག་ཞིབ་དང་ཟུང་འབྲེལ་བྱས་ནས། ད་ལོ་པདྨ་མཚོས«བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་ཡིག་ཆ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་མགོ»འབུལ་རྩིས་ཡོད་པ་རེད། པདྨ་མཚོས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་དེའི་ཉེ་འཁོར་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆར་གནའ་རྫས་རྟོག་ཞིབ་དང་། འཚོལ་བསྡུ། ལེགས་སྒྲིག ཞིབ་འཇུག་སོགས་ཀྱི་ལས་དོན་སྤེལ་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། འབྲེལ་ཡོད་ཚན་པ་དང་དམངས་ཁྲོད་སྒྲིག་གཞི་བར་མཉམ་ལས་ཀྱི་སྟེགས་བུ་འཛུགས་པ། བོད་ཡིག་དཔེ་རྙིང་ཐོན་ཁུངས་ཀྱི་མཉམ་སྐྲུན་མཉམ་སྤྱོད་དང་ཐུན་མོང་ཞིབ་འཇུག་གསར་སྤེལ་གྱི་ལམ་སྲོལ་ཆགས་པར་བྱེད་པ། རྒྱལ་སྤྱིའི་ཐོག་གི་བོད་ཡིག་དཔེ་རྙིང་ཚད་ལྡན་ཡིག་ཆའི་རྟེན་གཞི་ཆེ་ཤོས་འཛུགས་པ་བཅས་བྱས་ནས། དཔེ་རྙིང་ནང་བྲིས་པའི་ཡི་གེར་གསོན་ཤུགས་རྒྱས་སུ་འཇུག་དགོས་པའི་གྲོས་མགོ་བཏོན་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་ཡིག་ཆ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་ཇི་ལྟར་གཏོང་རྒྱུའི་ཐད་པདྨ་མཚོས་ཀྱང་རང་ཉིད་ཀྱི་གྲོས་མགོ་བཏོན་པ་སྟེ། ཆེད་ལས་ཀྱི་རྩལ་ནུས་ལྡན་པའི་དངོས་སྤྱོད་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། བོད་ཡིག་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཉམས་གསོ་དང་། ལེགས་སྒྲིག ཞིབ་འཇུག་བཅས་ཀྱི་ཆེད་སྤྱོད་མ་དངུལ་འཛུགས་པ། བོད་ཡིག་སྲོལ་རྒྱུན་དཔེ་རྙིང་ཉམས་གསོའི་ལག་རྩལ་སྔོག་འདོན་བེད་སྤྱོད་དང་། རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ནས་མགོ་འཛུགས་དགོས་པའི་ངོས་འཛིན་བྱས་པ་རེད།

2.jpg

 པདྨ་མཚོས། བོད་ལྗོངས་ཀྱིས་བོད་ཡིག་དཔེ་རྙིང་ཡིག་ཆའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། བོད་ལྗོངས་སློབ་ཆེན་བོད་ཡིག་དཔེ་རྙིང་ཞིབ་འཇུག་སུའོ་དང་། བོད་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་དཔེ་མཛོད་ཁང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་སོགས་མཉམ་སྤྱོད་མཉམ་ལས་ཀྱི་ལས་སྟེགས་སུ་བརྩི་བ་དང་། ཞིབ་འཇུག་ལས་ཁུངས་དེ་དག་གི་ད་ཡོད་ཀྱི་ཚད་ལྡན་ཡིག་ཆའི་ཆེད་ལས་ཀྱི་ཞིབ་འཇུག་ཤེས་ལྡན་མི་སྣ་བེད་སྤྱོད་བྱེད་པ། བོད་ཡིག་དཔེ་རྙིང་སྲུང་སྐྱོང་དང་ཉམས་གསོ། ས་གནས་ཀྱི་ཚད་ལྡན་ཡིག་ཆ་སྲུང་སྐྱོང་དང་དཀར་ཆག་ཞིབ་འཇུག ཤོག་རིགས་རིག་དངོས་སྲུང་སྐྱོང་དང་ཉམས་གསོའི་ཁ་ཕྱོགས་བཅས་ཀྱི་ཆེད་ལས་སློབ་ཚན་འཛུགས་པ། ཆེད་ལས་དེ་དག་གི་དངོས་གཞིའི་སློབ་མ་དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ། འབུམ་རམས་པའི་ཞིབ་འཇུག་སློབ་མ་བཅས་གསོ་སྐྱོང་བྱེད་པ། སློབ་མ་བསྡུ་གྲངས་ཇེ་མང་གཏོང་བ་དང་། དུས་མཚུངས་སློབ་མ་དེ་དག་དཔེ་རྙིང་ཉམས་གསོ་དང་དཔེ་རྙིང་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱེད་པའི་སློབ་གླིང་དུ་གསོ་སྦྱོང་དང་ཟབ་སྦྱོང་བྱེད་པར་གཏོང་དགོས་ཞེས་གསུངས་པ་རེད།

པདྨ་མཚོས། བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་ཡིག་ཆ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་བར་ད་དུང་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཞན་དག་གི་དཔེ་མཛོད་ཁང་གི་ཕུལ་བྱུང་དཔེ་རྙིང་ཉར་ཚགས་དང་བེད་སྤྱོད་ལམ་ལུགས་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་དགོས་ཞེས་གསུངས་པ་དང་། བོད་ལྗོངས་སློབ་ཆེན་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་སོགས་ཞིབ་འཇུག་ཚན་པས་དེ་སྔ་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་དཔེ་མཛོད་ཁང་དང་། ནོར་ཝེའི་ཨའོ་སི་ལུའུ་སློབ་ཆེན་དཔེ་མཛོད་ཁང་། ཨ་རིའི་ཀོ་ལུན་པི་ཡའི་སློབ་ཆེན་དཔེ་མཛོད་ཁང་སོགས་དང་ཡུན་རིང་མཉམ་ལས་བྱས་ཡོད། སླད་ཕྱིན་མུ་མཐུད་རྒྱལ་སྤྱིའི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། གདན་ཞུ་དང་ཕྱིར་སྐྱོད་པའི་བྱ་ཐབས་སྤྱད་དེ་རྒྱལ་སྤྱིའི་རིག་གཞུང་གར་སྟེགས་ཐོག་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་ཞེས་གསུངས་པ་རེད།

པདྨ་མཚོས། བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་དཔེ་རྙིང་ཡིག་ཆ་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། དཔེ་རྙིང་ནང་བྲིས་པའི་ཡི་གེར་གསོན་ཤུགས་རྒྱས་སུ་འཇུག་དགོས། དེས་གནའ་སྔ་མོ་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དོན་དངོས་དང་། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་མ་ལག་ཡིན་པའི་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་མ་ཟད། ཀྲུང་ཧྭ་རིག་གནས་རྒྱུད་མཐུད་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།


མཉམ་སྤྱོད།