དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བུད་མེད་རྣམས་ལ་དུས་ཆེན་གྱི་འཚམ་འདྲི་དང་བཀྲ་ཤིས་ཁ་གཡང་བོས།

2024-03-07 10:17:26   |   2084

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་མཁན་གྱི་སྐྱེས་མའི་འཐུས་མི་དང་། སྐྱེས་མའི་ཨུ་ཡོན། སྐྱེས་མའི་ལས་དོན་པ། རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་ཁག་གི་སྐྱེས་མ་ཡོད་ཚད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ། ཐེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་བློ་མཐུན། ཕྱི་རྒྱལ་གྱི་ཕྱིར་སྡོད་སྤུན་ཟླའི་བུད་མེད་བློ་མཐུན་བཅས་ལ་དུས་ཆེན་གྱི་འཚམ་འདྲི་དང་བཀྲ་ཤིས་ཁ་གཡང་བོས།

1.jpg


མཉམ་སྤྱོད།