དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཙུང་ལི་ལི་ཆང་གི་སྲིད་གཞུང་གི་ལས་དོན་སྙན་ཞུར་རང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

2024-03-07 10:00:52   |   1177

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་མགོ་བརྩམས་ཤིང་། ཉིན་དེར་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་མཉམ་གཅིག་ཏུ་བལྟས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་ཞུར་ནན་ཏན་ངང་ཉན།

微信图片_20240307102021.jpg

微信图片_20240307102027.jpg

    ཚང་མས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕུལ་བའི་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འདས་ཟིན་པའི་ལོ་གཅིག་གི་བྱ་བའི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་སྤྱི་སྡོམ་དང་། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དབྱེ་ཞིབ་ཡང་དག་དང་གཏིང་ཟབ་བྱས་པ་མ་ཟད་ད་ལོའི་བྱ་བའི་གྲོས་འགོ་གསལ་ཞིང་གནད་ལ་འཁེལ་བའི་སྒོ་ནས་བཏོན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་ལས་ལྷག་པར་སྐུལ་སློང་བྱས་ལ། དངོས་གཉེར་གསར་གཏོད་དང་མི་སེམས་ལ་སྐུལ་མ་ཐེབས་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་སྙན་ཞུ་ཡག་པོ་ཞིག་ཡིན་པ་གཅིག་གྱུར་གྱིས་བཤད།

微信图片_20240307102032.jpg

微信图片_20240307102037.jpg

    མཚོ་བྱང་ཁུལ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་མུ་ཏིག་ཁུལ་ཆུང་དུ་ལོ་80ལྷག་ལ་བུད་པའི་དོན་འགྲུབ་ཚང་གི་ཁྱིམ་དུ་དུས་ཆེན་རོལ་བ་ལྟར་དགའ་སྤྲོའི་ཁེངས།  ནང་མི་ཚང་མ་དང་གཉེན་ཉེ། གྲོགས་པོ་ཚོས་དུས་ཆེན་གྱི་གཟབ་མཆོར་སྤྲས་ནས་མཉམ་དུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་ཚོགས་འདུ་གཉིས་པའི་མགོ་རྩོམ་མཛད་སྒོར་བལྟས། ཚང་མས་ལྟ་ཞོར་དུ་གྲོས་བསྡུར་བྱེད་བཞིན་ཡོད་པས་རྣམ་པ་ཧ་ཅང་འཁྲུག་ཆ་དོད། རྒན་པ་དོན་འགྲུབ་ཀྱིས་ལོ་རེར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་དུས་ལྟར་ལྟ་བ་ནི་ཁོང་ཚོའི་ལོ་མང་པོའི་རིང་འགྱུར་བ་མེད་པའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་པ་དང་། ཚོགས་འདུ་གཉིས་ཀྱི་ཐོག་བཏོན་པའི་དམངས་ཕན་སྲིད་ཇུས་མང་པོས་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་ཐོགས་ཐུབ་པས་སེམས་པ་སྤྲོ་བས་ཁེངས་ཡོད་ཅེས་བཤད།

微信图片_20240307102043.jpg

    མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་མཁར་ཤར་སྡེ་ཁུལ་གྱི་གྲོང་མི་ཤ་བོ་ཚེ་རིང་གིས་བཤད་རྒྱུར། ཙུང་ལིའི་སྙན་ཞུར་ཉན་རྗེས་སེམས་འགུལ་ཆེན་པོ་ཐེབས་སོང་། ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་སླར་ཡང་མི་རིགས་ས་ཁུལ་འཕེལ་རྒྱས་དང་། སྨན་བཅོས། རྒན་གསོ་ཞབས་ཞུ་བཅས་ཀྱི་ཐད་དམངས་ཕན་སྲིད་ཇུས་མང་པོ་བཏོན་ཡོད་པ་དང་དམངས་ལ་ཕན་པ་སྔར་ལས་མང་པོ་ཐོབ་ངེས་རེད་ཟེར།


མཉམ་སྤྱོད།