མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-08 08:01:24   |   269

སྒྲིག་སྒྱུར།  ཁོན་ཐར་ཚེ་རིང་།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཟླ3པའི་ཚེས7ཉིན། ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་འཐུས་མི་ཚོགས་པའི་ཚང་འཛོམས་ཚོགས་འདུར་ཞུགས་སྐབས་ནན་གྱིས་བསྟན་དོན། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་བཏང་ནས། གསར་དར་ཁྱབ་ཁོངས་ཀྱི་འཐབ་ཇུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས།

  • ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད9སྟེང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོག་རྒྱུ་རེད།

  • ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས《གཏོང་སྤྲོད་ཞབས་ཞུ་སྔར་བས་ལེགས་སུ་བཏང་ནས་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་རྒྱུའི་ཐད་ཀྱི་བསམ་འཆར》པར་འགྲེམས་བྱས།

  • ཚེས7ཉིན། ནོར་སྲིད་པུས་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ན་ནིང་ནོར་སྲིད་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། སྔོན་རྩིས་ལག་བསྟར་བྱས་པའི་གནས་ཚུལ་ལེགས་པོ་ཡིན།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་སྔོན་གྱི་ཟླ2པོར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་གྱིས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ནས། ཕྱི་ཕྱོགས་ཉོ་ཚོང་གི་འགོ་ཡག་པོ་ཞིག་བཙུགས་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ2པའི་ཟླ་མཇུག་བར་དུ། རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གཞི་ཁྱོན་ཨ་སྒོར་དུང་ཕྱུར་32258ཡིན།

  • ཚེས7ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན་དང་། ཕྱི་འབྲེལ་པུ་ཀྲང་ཝང་དབྱི་ཡིས་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་དང་ཕྱི་ཕྱོགས་འབྲེལ་བའི་འབྲེལ་ཡོད་གནད་དོན་ཐད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་དྲི་བར་ལན་བཏབ།

  • ཚེས7ཉིན། ཕྱི་འབྲེལ་པུ་ཡིས་སུའེ་ཙེར་དང་། ཨིར་ལན། ཧང་ག་རི། ཨོ་སི་ཁྲུ་རི་ཡ། པི་ལི་ཧྲི། ལུ་ཙེམ་པོག་བཅས་རྒྱལ་ཁབ་དྲུག་གིས་ལམ་ཡིག་དཀྱུས་མ་འཁྱེར་མཁན་ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་ཚོད་ལྟ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

  • ཚེས7ཉིན། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཀྲུང་གོ་ནི་སྔར་བཞིན་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་རེད།

སྤྱི་ཚོགས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་རིང་དུ། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་4.84སྐྱེལ་འདྲེན་བྱས་ཡོད།

  • དཔྱིད་གསར་སྐྱེལ་འདྲེན་རིང་། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་མྱུར་བགྲོད་གཞུང་ལམ་གྱི་གློག་གསོག་ཚད་ཆེས་ཆེར་འཕར་བ་དང་། ན་ནིང་གི་དུས་མཚུངས་ལས་བཅུ་ཆའི་བདུན་ཙམ་འཕར་བ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་མི་སྤྱི་སྲིད་དོན་ཞབས་ཞུའི“ཞིང་ཆེན་བརྒལ་ནས་ཤར་གཏོང་ཐུབ་པའི”ཐེངས་གྲངས་དུང་ཕྱུར16ལས་བརྒལ་ཡོད།

  • ཉེ་ཆར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཞི་ཨན)རྒྱལ་མཚམས་སྒྲོལ་བའི་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་རྒྱུན་རྣམ་ཅན་དུ་གཏོང་རྒྱུ་རེད།

  • ཚེས7ཉིན། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་ལས་འགན་ཐེངས་40པ་སྒྲུབ་པའི“གངས་འབྲུག་ཨང2པ”རྟགས་ཅན་གྱིས་ལྷོ་སྣེའི་ཆིན་ལིང་བབས་ཚུགས་སུ་རྟོག་ཞིབ་རུ་མི་སྐྱེལ་ནས་ཀྲུང་གོར་ཕྱིར་ལོག་བྱས་པ་རེད།

  • ཚེས7ཉིན་གྱི་ཕྱི་དྲོའི་དུས་ཚོད6དང་སྐར་མ6གི་སྟེང་། མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ5.5བྱུང་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྟོང་སྨི10རེད།

02.jpg

  • འཛམ་གླིང་ཐོག་དང་པོར་གསར་གཏོད་དང་། རྦད་དེ་རང་བརྟེན་ཤེས་བྱའི་བདག་དབང་ལྡན་པའི་སྣོད་བཅུད་ཀྱི་གཙང་སེལ་རིག་ནུས་ཅན་གྱི་ལས་སྟེགས་གྲུ་གཟིངས“ཐའེ་ཧུའུ་ཡི་སྐར་མ”ཞེས་པ་ཐོག་མར་བེད་སྤྱོད་གཏོང་འགོ་བརྩམས་པ་དང་། ཉིན་རེར་བརྟན་པོའི་ངང་བྱེ་འདམ་སྨི་རྒྱ་དཔངས་གྲུ་བཞི་མ5000གཙང་སེལ་ཐུབ་ཀྱི་ཡོད།

  • ཅི་ཧྲི་རི་བོའི་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་ཀན་སུའུ་དང་མཚོ་སྔོན་གྱི་མང་ཚོགས་དུད་ཚང་ཁྲི་14.8ལོ་མཇུག་ཏུ་སྡོད་ཁང་གསར་པར་སྡོད་ཐུབ་རྒྱུ་རེད།

  • 2025ལོའི་རྒྱལ་སྤྱིའི་ལན་ཆིའུ་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་ལན་ཆིའུ་སྤོ་ལོའི་ཨེ་ཤེ་ཡའི་བུམ་པའི་བྱེད་སྒོ་དེ་2025ལོའི་ཟླ7ཚེས13ནས་ཚེས20ཉིན་བར་ཧྲེན་ཀྲེན་དུ་སྤེལ་རྒྱུ་རེད།

03.jpg

  • ཉེ་ཆར། ཧྲའན་ཞི་ཧན་ཀྲུང་དུ་གནས་པའི་འཛམ་གླིང་ཐོག་གི་ལོ་400ལྷག་ཙམ་ལ་གནས་པའི་གནའ་བོའི་པད་མའི་སྡོང་པོ་གཅིག་དུས་ལྟར་བཞད་པ་རེད།

སྲིད་ཇུས།

  • སི་ཁྲོན་གྱིས་ཡིག་ཆ་བཀྲམ་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་སྐྱོད་བྱེད་པར་ཨང་རྟགས་ཀྱི་འགྲོ་སྐྱོད་ཚོད་འཛིན་མེད་པའི་གཏན་འབེབས་དོན་འཁྱོལ་བྱེད་དགོས་པ་བཏོན།

  • ཧྲན་ཞི་ཡིས་ཡིག་ཆ་བཀྲམ་ནས། རིག་ཚན་མིན་པའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིའི་གསོ་སྦྱོང་གྲོན་དངུལ་བསྡུ་སྐབས་དམིགས་འཛུགས་དངུལ་ཁང་དང་། ཆེད་སྤྱོད་རྩིས་ཁྲ། ཆེད་དངུལ་དོ་དམ་བཅས་ལག་བསྟར་བྱ་རྒྱུ་རེད།

  • ཡུན་ནན་གྱིས་ཐེངས་གཅིག་རང་བཞིན་གྱི་ལས་གནས་རྒྱ་སྐྱེད་ཁ་གསབ་རེ་ཞུའི་དུས་ཚོད་ཟླ3པའི་ཟླ་མཇུག་བར་བསྲིངས་བ་དང་། ཁེ་ལས་ཀྱིས་མི་གཅིག་ལས་གནས་སུ་བསྡུས་ན་མི་རེར་ཁ་གསབ་སྒོར1500སྤྲོད་རྒྱུ་རེད།

དེ་རིང་གི་གནམ་གཤིས།

  • ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཞིན་ཅང་གི་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ཁྲོན་ཞི་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་ཆུང་ནས་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་འབྲིང་ཙམ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧྲའན་ཞིའི་ལྷོ་རྒྱུད། སི་ཁྲོན་གྱི་བྱང་ཤར་རྒྱུད། ཁྲུང་ཆིང་གི་དབུས་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་དང་ཐའེ་ཝན་གླིང་ཕྲན་གྱི་མང་ཆེ་སར་བཅས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།


མཉམ་སྤྱོད།