མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས10ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱིས་འཐབ་ཕྱོགས་གཅིག་གྱུར་པུ་པུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རིན(ཅུ་ཀྲང)ཚོགས་འདུ་འཚོགས།

2024-03-08 09:01:16   |   140

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས6ཉིན། མཚོ་བྱང་ཁུལ་གྱིས2024ལོའི་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུ་པུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རིན(ཅུ་ཀྲང)ཚོགས་འདུ་འཚོགས་ལ། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུ་པུ་ཀྲང་དང་མི་རིགས་ཆོས་ལུགས་བྱ་བའི་ཨུ་ལྷན་གྱི་ཀྲུའུ་རིན(ཅུ་ཀྲང)ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བའི་ཐད་བཏོན་པའི་བྱ་བའི་བླང་བྱ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། 2023ལོའི་བྱ་བར་ཕྱོགས་སྡོམ་དང་། 2024ལོའི་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུ་པུ་ཀྲང་མགོན་པོ་ཚེ་བརྟན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང།

微信图片_20240308084955.jpg

ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བླང་བྱའི་ཁྲོད་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ།“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ་དང་ཆོས་ལུགས་བྱ་བའི་དོ་དམ་ལ་ཁྲིམས་ལྟར་ཤུགས་བསྣན་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་མུ་མཐུད་དོན་འཁྱོལ་བྱེད་དགོས་ལ། ཏང་ཕྱིའི་འཐུས་མིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ལེགས་པོ་བྱེད་དགོས། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བ་གཏིང་ཟབ་ངང་སྒྲུབ་པ། དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་མཐུད་ངང་བརྟན་པོར་གཏོང་པ་དང་སྟོབས་ཆེར་གཏོང་པ་བཅས་བྱས་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་གྱི་ལེའུ་གསར་པ་ཧུར་ཐག་སྒོས་གཏོད་ཆེད་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཟེར།

微信图片_20240308085017.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། 2023ལོའི་ལོ་འཁོར་མོར་ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བྱ་བས་ལྟེ་བའི་ཕྱོགས་ཡོངས་ལ་དམིགས་པ་དང་ཆབ་སྲིད་ལ་མཐོང་ཆེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཐད་འཕེལ་རྒྱས་གསར་པ་ཡོང་བར་བྱས་ཤིང་། མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཐད་ཡར་རྒྱས་གསར་པ་ཡོང་བར་བྱས་ལ། བརྟན་ལྷིང་ལ་དམ་འཛིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཏང་གི་བོད་སྐྱོང་ཇུས་གཞི་དོན་འཁྱོལ་བྱེད་པའི་ཐད་གྲུབ་འབྲས་གསར་པ་བླངས་ཡོད། ཁྲིམས་སྐྱོང་ལ་དམ་འཛིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་ཐད་ཤུགས་གསར་པ་བསྣན་ཡོད། མཐུན་སྒྲིལ་ལ་དམ་འཛིན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་ཆེ་རུ་གཏོང་བའི་ཐད་འཕེལ་རྒྱས་གསར་པ་བྱུང་ཞིང་། སྤྱོད་ཚུལ་དམ་འཛིན་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་བླངས་ཡོད་ཟེར།

微信图片_20240308085415.jpg

ཚོགས་འདུའི་ཐོག 2024ལོའི་ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་གསར་པར་དམིགས་ནས་ཡིད་ཆེས་སྔར་ལས་བརྟན་པོ་དང་དཔའ་ངར་ཆེར་སྐྱེད། སྔར་ལས་ལྷག་པའི་དངོས་སྒྲུབ་བྱེད་ཐབས་དང་སྤྱོད་ཚུལ་ཏན་ཏིག་ཡོང་བ་བཅས་བྱས་ཏེ་སྲོག་ཤིང་སྲུང་སྐྱོང་རྒྱུན་འཁྱོངས་ཀྱིས་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཧུར་ཐག་བྱེད་པ་དང་ལྟེ་བར་དམིགས་པ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་གཅིག་སྒྲིལ་གྱི་མི་རིགས་མཐུན་སྒྲིལ་བྱ་གཞག་གཏིང་ཟབ་ཏུ་གཏོང་དགོས་ཤིང་། སེམས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་ཀྱིས་ཆོས་ལུགས་བྱ་བའི་སྤུས་ཚད་དང་ཕན་འབྲས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ལ། མི་སེམས་གཅིག་སྒྲིལ་རྒྱུན་འཁྱོངས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་སྲ་བརྟན་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་པ། བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་ཀྱིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཧྲུའུ་ཅི་ཤ་བོ་སྐྱབས་ཀྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། པུ་ཀྲང་མགོན་པོ་ཚེ་བརྟན་གྱི་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་ཚོགས་འདུའི་དགོངས་དོན་ལ་མགྱོགས་མྱུར་ངང་གོ་བ་གཏིང་ཟབ་ལེན་པ་དང་དངོས་སྒྲུབ་འགན་འཁུར་བྱེད་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། སློབ་སྦྱོང་དང་ལག་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ལས་བྱེད་པའི་འཇོན་ནུས་དང་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་ཟེར། 

ཚོགས་འདུའི་ཐོག རྫོང་བཞིའི་འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་སྡེ་ཁག་གིས་འབྲེལ་ཡོད་བརྗོད་དོན་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ།


མཉམ་སྤྱོད།