མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

གསུམ་བརྒྱད་བུད་མེད་དུས་ཆེན་བསུ།

2024-03-08 09:05:19   |   323

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240308111539.jpg

གསུམ་བརྒྱད་བུད་མེད་དུས་ཆེན་ལ་ཡོངས་གྲགས་སུ་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཟེར་ལ། གསུམ་བརྒྱད་དུས་ཆེན་དང་བུད་མེད་དུས་ཆེན། གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཞེས་ཀྱང་འབོད། 

དེ་ཡང་ལོ་རེའི་ཟླ3པའི་ཚེས8ཉིན་ནི་འཛམ་གླིང་རྒྱལ་ཁབ་སོ་སོའི་བུད་མེད་ཀྱིས་ཞི་བདེ་དང་། འདྲ་མཉམ། འཕེལ་རྒྱས་བཅས་བརྩོན་ལེན་བྱེད་པའི་དུས་ཆེན་ཞིག་ཡིན། གསུམ་བརྒྱད་བུད་མེད་དུས་ཆེན་གྱི་དོན་སྙིང་ལ་གལ་ཆེན་ལྡན་ཏེ། བུད་མེད་ཀྱིས་ལོ་རྒྱུས་གསར་བ་ཞིག་གི་ཤོག་ངོས་ཕྱེ་བའི་བདེན་དཔང་ཡིན། ཞོལ་ནས་ང་ཚོས་གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱུང་འཕེལ་ལ་མཉམ་དུ་སློབ་སྦྱོང་ཞིག་བྱ།
ཅི་ཞིག་ལ་གསུམ་བརྒྱད་བུད་མེད་དུས་ཆེན་ཟེར།

གསུམ་བརྒྱད་བུད་མེད་དུས་ཆེན་ཞེས་པ་ནི་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་གོ་ཞིང་། ཡོངས་གྲགས་སུ(International Working Women's Day,བསྡུས་འབྲི་ལIWD) ཞེས་འབོད། རང་རེའི་སྐད་ལྟར་ན“མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ཁེ་དབང་དང་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ”དང“མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་དབང་ཆ་དང་རྒྱལ་སྤྱིའི་ཞི་བདེའི་ཉིན་མོ”ཞེས་པའི་དོན། རང་རྒྱལ་དུ“རྒྱལ་སྤྱིའི་བུད་མེད་དུས་ཆེན་”དང་། “གསུམ་བརྒྱད་དུས་ཆེན། ” “གསུམ་བརྒྱད་བུད་མེད་དུས་ཆེན་”བཅས་ཀྱང་ཟེར། དེས་ན་དུས་ཆེན་འདི་ནི་ལོ་རེའི་ཟླ3ཚེས8ཉིན་ལ་གཏན་འཁེལ་བྱས་ཡོད་ལ། འདི་ནི་བུད་མེད་ཀྱིས་དཔལ་འབྱོར་དང་། ཆབ་སྲིད། སྤྱི་ཚོགས་སོགས་ཀྱི་ཁྱབ་ཁོངས་སུ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་གྲུབ་འབྲས་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུ་ཆེད་བཙུགས་པའི་དུས་ཆེན་ཞིག་ཡིན།

གསུམ་བརྒྱད་བུད་མེད་དུས་ཆེན་གྱི་བྱུང་འཕེལ།

ཀྲུང་གོའི་གསུམ་བརྒྱད་བུད་མེད་དུས་ཆེན། 

རང་རྒྱལ་གྱིས1922ལོ་ནས་བཟུང་གསུམ་བརྒྱད་བུད་མེད་དུས་ཆེན་ལ་དྲན་གསོ་བྱས་ཤིང་། 1924ལོའི་ཟླ2པའི་ཟླ་སྨད་དུ་གོ་མིན་ཏང་ཀྲུང་དབྱང་བུད་མེད་པུ་ཡི་ལས་བྱེད་པའི་གྲོས་ཚོགས་ཐོག་ཧོ་ཞང་ཉིང་གིས་ཀོང་ཀྲོའུ་རུ“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཚོགས་ཏེ། ཀྲུང་དབྱང་བུད་མེད་པུ་ཡིས་གདོང་གཏད་དང་འབོལ་སྐུལ་བྱས་ཤིང་བུད་མེད་ཀྱིས་ཁྲོམ་སྐོར་བྱེད་པའི་ཐད་གྲོས་མགོ་བཏོན། 1924ལོའི་ཟླ3པའི་ཚེས8ཀྱི་སྔ་དྲོར། ཀྲུང་གོས“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་བྱེད་པའི་བྱེད་སྒོ་སྤེལ་བ་ཡོངས་བསྒྲགས་བྱས་ཤིང་། ཐོག་མའི་བྱ་འགུལ་ཀོང་ཀྲོའུ་ནས་སྤེལ། ཀོང་ཀྲོའུ་ཡི་ལས་རིགས་སོ་སོའི་བུད་མེད2000ལྷག་བྱ་འགུལ་ཁྲོད་ཞུགས། ཧོ་ཞང་ཉིང་གིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་ཞིང་དེ་འབྲེལ་གྱི་གསུང་བཤད་གལ་ཆེན་ཕུལ

1925ལོར“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ས་གནས་སོ་སོའི་བུད་མེད་འཐུས་མི་རང་རྒྱལ་གྱི་པེ་ཕིང་དུ་འཛོམས་ཏེ། བུད་མེད་ཀྱི་ཁེ་དབང་བརྩོན་ལེན་དང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་བརྗོད་བྱ་ཡིན་པའི་ཁྲོམ་སྐོར་ལས་འགུལ་སྤེལ། 1926ལོར“གསུམ་བརྒྱད”རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་བྱེད་པའི་ལས་འགུལ་ཧྲང་ཧའེ་དང་། ཀོང་ཀྲོའུ། ཧན་ཁུའུ། ཐེན་ཅིན་བཅས་ཀྱི་ངལ་རྩོལ་བུད་མེད་མང་ཚོགས་ཀྱིས་གཙོ་བྱས་ཏེ་ཚ་ཚ་འུར་འུར་ངང་གཞི་ཁྱོན་ཆེ་བའི་ངང་ཚོགས།1927ལོའིཟླ3པའི་ཚེས8ཉིན་ཝུའུ་ཧན་དུ་བུད་མེད་དུས་ཆེན་ལ་སྔར་ན་མེད་པའི་འཁྲུག་ཆ་དོད་པོ་བྱུང་ཞིང་། བུད་མེད་ཁྲི10ལྷག་གནས་དེར་འཛོམས་ནས་ལས་འགུལ་སྤེལ་ཏེ། རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། སུང་ཆིང་ལིང་དང་ཧོ་ཞང་ཉིང་། ལིའུ་ཡ་ཙེ་སོགས་གོ་གུང་ཏང་གཉིས་ཀྱི་བུད་མེད་ལས་དོན་གྱི་འགན་འཁུར་བ་ཚང་མ་ཚོགས་འདུར་ཞུགས།

1949ལོའི་ཟླ12པར། ཀྲུང་གོ་གསར་བའི་ཀྲུང་དབྱང་མི་དམངས་སྲིད་གཞུང་སྲིད་དོན་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ3པའི་ཚེས8ཉིན་ནི་བུད་མེད་དུས་ཆེན་ཡིན་པར་གཏན་འཁེལ་བྱས།
བུད་མེད་དུས་ཆེན་གྱི་དོན་སྙིང་།

དེ་ཡང་གསུམ་བརྒྱད་བུད་མེད་དུས་ཆེན་ནི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཡིན་ལ་འཛམ་གླིང་ཡོངས་ལ་གྲགས་པའི་སྤྱི་མཐུན་གྱི་དུས་ཆེན་ཞིག་ཡིན།དུས་ཆེན་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁས་ལེན་ལ། ད་ལྟའི་དུས་སུ་རྒྱལ་ཁབ་མང་པོ་ཞིག་གིས་ཁྲིམས་ལྟར་ངལ་གསོ་བྱེད་ཆོག་པའི་ཉིན་མོར་གཏན་འཁེལ་བྱས་ཡོད། འཛམ་གླིང་གི་ཡུལ་གྲུ་མི་འདྲ་བ་གོ་ལའི་ཉིན་སྲུབ་ན་ཡོད་པའི་བུད་མེད་མང་པོ་རྒྱལ་མཚམས་དང་། རིགས་རྒྱུད། སྐད་རིགས། རིག་གནས། དཔལ་འབྱོར། ཆབ་སྲིད་བཅས་ཁ་ཁ་སོ་སོ་ཐ་དད་པ་ཡིན་ནའང་ཉིན་མོ་འདིར། དུས་གཅིག་ཏུ་རང་ཉིད་ལ་དབང་བའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་ཡོད། ལོ་ངོ་དགུ་ཅུའི་ཡར་སྔོན་དུ་འདྲ་མཉམ་དང་དྲང་བདེན། ཞི་བདེ་དང་འཕེལ་རྒྱས་ལ་བརྩོན་ལེན་བྱེད་པའི་རླབས་ཆེ་བའི་ཉིན་མོ་དེར་རྗེས་དྲན་ཞུ་བཞིན་ཡོད།

བུད་མེད་དང་འབྲེལ་བའི་མཁས་པའི་གདམས་ངག

བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་ཐུབ། 

——མའོ་ཙེ་ཏུང་གིས།

妇女能顶半边天

——毛泽东

གལ་ཏེ་འཇིག་རྟེན་འདིར་བུད་མེད་མེད་སོང་ན། ས་སྟེང་འདིའི་རྒྱུ་ནོར་ཐམས་ཅད་ལ་སྙིང་བོ་བྲལ། --ཡ་ལི་ཧྲི་ཏུའོ་ཏེ·ཨའོ་ན་སི་ཡིས།
——ཡ་ལི་ཧྲི་ཏུའོ་ཏེ·ཨའོ་ན་སི་ཡིས།

"If women didn't exist, all the money in the world would have no meaning."

~ Aristotle Onassis

ང་རང་སྐྱེས་པ་ཚོའི་བློ་རིག་ལས་བུད་མེད་ཚོའི་ཐད་ཚོར་ལ་ཡིད་ཆེས་ཡོད། 

——སི་ཐན་ལི་·པའོ་ཏེ་ཝུན་གྱིས།

"I would rather trust a woman's instinct than a man's reason."    

~ Stanley Baldwin


མཉམ་སྤྱོད།