མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས11ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཚའེ་ཆི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

2024-03-08 11:19:06   |   139

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240308142851.jpg

ཟླ3པའི་ཚེས7ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཁོང་ཡོད་སའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་གྲོས་ཞིབ་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཚེས7ཉིན་གྱི་སྔ་དྲོར་ཁོང་ཡོད་སའི་མཚོ་སྔོན་འཐུས་ཚབ་ཚོགས་པར་ཕེབས་ནས་འཐུས་མི་ཚོ་དང་མཉམ་དུ་གྲོས་ཞིབ་མཛད།

ཁྲིན་ཀང་གིས་མགོ་འཛིན་བྱས་པ་དང་། ཝུའུ་ཞའོ་ཅུན་དང་ཝང་ལིས་མེན། ཆའོ་ཡ་ཆུན། ཝང་ཧྭ་ཅེ་སོགས་འཐུས་མིས་སྔ་གཞུག་ཏུ་གཏམ་བཤད། ཚའེ་ཆི་ཡིས་བསམ་ཚུལ་ལ་ནན་ཏན་སྒོས་ཉན་པ་དང་། འཐུས་མི་ཚོ་དང་བརྗེ་རེས་ཟབ་མོ་མཛད། ཚའེ་ཆེ་ཡིས་ཙུང་ལི་ལིས་ཆང་གིས་ཕུལ་བའི་སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཚོན་ཡོད་པ་དང་། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མངོན་པར་བྱས་ཡོད་པས། སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཟེར།

ཚའེ་ཆི་ཡིས་བསྟན་དོན། འདས་པའི་ལོ་གཅིག་ནི་སྤྱིར་བཏང་གི་ལོ་ཞིག་མིན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྡུས་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཤིང་། དཀའ་ཁག་དང་འགྲན་རྩོད་མང་པོ་ཕམ་པར་བརྒྱབ་ནས། དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་ཡོངས་འགྲུབ་བྱས། གྲུབ་འབྲས་དེ་དག་ཐོབ་སླ་མོ་ཞིག་མིན་པ་དང་། རྩ་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགོ་ཁྲིད་ཕྱོགས་སྟོན་ལ་རག་ལས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མཛུབ་ཁྲིད་ལ་རག་ལས་ཡོད། ང་ཚོས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་སྟེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོས་བརྩོན་སེམས་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་དགོས།

ཚའེ་ཆི་ཡིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི། སྐྱོད་ལམ་གསར་བའི་སྟེང་གི་ང་ཚོའི་ཏང་གི་ལས་འགན་གཙོ་བོ་ཡིན་པས། བྱ་བ་སྣ་ཚོགས་ཐད་ནས་དེར་དམིགས་དགོས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་ལྷག་ཏུ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་དོ་སྣང་དང་དམ་འཛིན་བྱེད་པ་དང་། དཔལ་ཡོན་གཉིས་མཉམ་དུ་དམ་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་སྔར་ལས་ཇེ་མཐོར་གཏོང་བ་དང་། རླབས་ཆེན་འཆར་འགོད་རིམ་པ་རེ་རེ་བཞིན་མཛེས་སྡུག་གི་དོན་དངོས་སུ་བསྒྱུར་དགོས།

ཚའེ་ཆི་ཡིས་འདས་པའི་ལོ་གཅིག་ནང་མཚོ་སྔོན་གྱི་བྱ་བའི་ཐད་ནས་བླངས་པའི་འཕེལ་རྒྱས་གསར་བར་ཁས་ལེན་གང་ལེགས་མཛད་པ་དང་། མཚོ་སྔོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་དམ་འཛིན་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་རྒྱུན་མ་ཆད་པར་གྲུབ་འབྲས་གསར་བ་ལེན་དགོས། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྐང་འཛུགས་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་མ་ལག་གཙོ་བོའི་སྲུང་སྐྱོབ་དང་སླར་གསོར་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོ་འཛུགས་དགོས། དུས་རབས་གསར་བའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་སོགས་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་བྱེད་པ་དང་། ཐོན་ལས་ཀྱི་གནས་བཞིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་པ། ལྗང་མདོག་ཚུལ་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་རྒྱ་ཆེར་ལག་བསྟར་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས། རིགས་སོ་སོའི་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་བ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ལ་ཤུགས་སྣོན་པ། སྤུས་ལེགས་རིག་གནས་ཐོན་རྫས་ཀྱི་འདོན་སྤྲོད་རྒྱ་བསྐྱེད་དེ། སྲོལ་ངན་གཏིང་ཟབ་ཏུ་སྒྱུར་དགོས། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཏང་ཡོན་ལས་བྱེད་པས་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་འཛུགས་པར་སྣེ་ཁྲིད་བྱེད་དགོས། ཏང་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། གཞི་རིམ་ལས་བྱེད་པས་སྟོབས་ཤུགས་སྔར་ལས་མང་པོ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ལག་བསྟར་དམ་འཛིན་བྱེད་པའི་སྟེང་འདོན་དུ་འཇུག་དགོས་པའི་རེ་བ་བཏོན།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འཆར་འགོད་དང་སྔོན་རྩིས་སྙན་ཞུ་དང་འཆར་ཟིན་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་དུ་དམིགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་ལས་འགན་ལ་སྐུལ་འདེད་བཏང་ཞིང་། སྲིད་གཞུང་བྱ་བའི་སྙན་ཞུ་དང་གཅིག་རྒྱུན་གཅིག་འཛིན་དང་སྦྲེལ་མཐུད་དམ་ཟབ་བྱས་ཡོད་པ་དང་། གཞི་གྲངས་ཀྱི་ལམ་ནས་གཏམ་བཤད་པ་དང་དོན་དངོས་ཀྱིས་བདེན་དཔང་བྱེད་པར་དོ་སྣང་བྱས་ཡོད་ལ། སྔར་ལས་དངོས་སྒྱུར་དང་ཞིབ་སྒྱུར། བྱེ་བྲག་ཏུ་བསྒྱུར་ནས། བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱེད་ཆེད་ཤུགས་དང་ལྡན་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་མ་དངུལ་འགན་སྲུང་འདོན་སྤྲོད་བྱས་ཡོད་པས། ཧ་ཅང་འཐད་པ་ཡིན། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། བསམ་བློ་དང་བྱ་སྤྱོད་གཉིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ་བཅས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གཙིགས་སུ་འཛིན་པ། འཚོལ་སྙེག་སྔར་ལས་མཐོན་པོ་དང་ཚད་གཞི་སྔར་ལས་མཐོན་པོས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ། སྐྱེ་ཁམས་རིན་ཐང་མངོན་འགྱུར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་ཆུ་མཛོད་ཀྱི་སྲུང་སྐྱོབ་མཁན་བྱེད་པ། མཐོ་སྒང་གི་ཐོན་ཁུངས་དགེ་མཚན་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་ཁྲོད་དམངས་ཚིས་འགན་སྲུང་གི་ཆུ་ཚད་བརྟན་བརླིང་སྒོས་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གཏིང་ཟབ་བྱེད་པ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ལ་སྐུལ་འདེད་གཏོང་བར་གཅིག་འདོམས་བྱས་ནས། ཕྱོགས་གཅིག་ལ་བྱས་རྗེས་འཇོག་པར་མ་ཟད། ཕྱོགས་ཡོངས་ལ་བྱས་རྗེས་འཇོག་དགོས།

ཝང་ལིས་མེན་གྱིས་བཤད་རྒྱུར། འཆར་འགོད་དང་སྔོན་རྩིས་སྙན་ཞུ། འཆར་ཟིན་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ལ། 2023ལོར་གནད་ཕིགས་ནུས་ལྡན་གྱི་སྲིད་ཇུས་ཀྱི་བཀོག་སྒྲིག་དང་ལས་གཞིའི་འདེགས་སྐྱོར། མ་དངུལ་འགན་སྲུང་བྱས་ལ། 2024ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ལས་འགན་གཙོ་བོ་སྣ་ཚོགས་ཐད་ནས་བྱེད་ཐབས་གསལ་བོ་བཏོན་ནས། བརྟན་འཇགས་ཁྲོད་འཕེལ་རྒྱས་སུ་གཏོང་བ་དང་། འཕེལ་རྒྱས་ཀྱིས་བརྟན་འཇགས་ལ་སྐུལ་བ་དང་སྔོན་འཛུགས་རྗེས་གཏོར་གྱི་རེ་བ་མངོན་པར་བྱས་ཡོད་པས། ཡོངས་སུ་འཐད་པ་ཡིན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འདི་དམ་འཛིན་བྱེད་པ། ས་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་དང་ཆུ་ཚད་མཐོ་བའི་ལྟ་སྐུལ། ཚད་གཞི་མཐོ་བའི་འཐུས་མིའི་བྱ་བར་གཅིག་འདོམས་བྱེད་པ། མཉམ་དུ་ཐཱན་ཇེ་ཉུང་དུ་གཏོང་བ་དང་བཙོག་བཟོ་ཇེ་ཉུང་དུ་གཏོང་བ། ལྗང་ཁེབས་རྒྱ་བསྐྱེད་པ། འཕར་སྣོན་བྱེད་པར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཀྲུང་གོ་མངོན་འགྱུར་བྱེད་ཆེད་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།


མཉམ་སྤྱོད།