དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག

2024-03-08 14:28:17   |   292

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་སྤུན་ཟླ་རྣམས་པ།

དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་བྱ་དངོས་ཐམས་ཅད་ལ་གསོན་ཤུགས་རྒྱས་པའི་རྒྱལ་སྤྱིའི"གསུམ་བརྒྱད"བུད་མེད་དུས་ཆེན་སྐབས114པ་སླེབས་པའི་དུས་འདིར་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་བུད་མེད་ལས་སྒྲུབ་པར་བྱམས་བརྩེའི་འཚམས་འདྲི་ཞུ། དུས་ཡུན་རིང་པོའི་ནང་བུད་མེད་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

འདས་ཟིན་པའི་ལོ་གཅིག་ནི་ཁུལ་ཡོངས་ཀྱི་བུད་མེད་བྱ་གཞག་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་དང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་པའི་ལོ་ཞིག་ཡིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་རྒྱ་ཆེའི་བུད་མེད་ཚོས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་ངང་ལག་བསྟར་བྱེད་མཁན་ཞིག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས་འབད་བརྩོན་ལྷོད་མེད་དང་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི"མཚོ་བྱང་ལྔ"འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་རང་རྟོགས་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་པ་སོགས་ཀྱི་ཁྱབ་ཁོངས་སུ་འཇོན་ཐང་འདོན་པ་དང་བྱས་རྗེས་བཞག་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང"བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་པ་དང་བྱས་རྗེས་འཇོག་པའི་དུས་རབས་གསར་པའི"དུས་རབས་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱས་པས་ང་ཚོས་བུད་མེད་སྤུན་ཟླ་རྣམས་ལ་བསྟོད་བསྔགས་འབུལ།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་དང་། "ལྔ་བཅུ་བཞིའི"འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཡིན་ལ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་བཏོན་ནས་ལོ25ལོན་པའི་ལོ་ཞིག་ཀྱང་ཡིན། མགོ་འཛུགས་ས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕྱོགས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དུས་རབས་ཀྱི་བརྗོད་དོན་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁོང་དུ་ཆུད་པར་བྱེད་པ། ཁུལ་ཨུའི"243"གྱི་འཕེལ་རྒྱས་བཀོད་སྒྲིག་ལ་དམིགས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་སྟེ་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པ། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་སོགས་ཀྱི་བླང་བྱར་དམ་པོར་དམིགས་ཏེ་གྲོང་གསེབ་དར་སྤེལ་གཏོང་བ་དང་དམངས་འཚོ་ལེགས་བཅོས་དང་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་གཏོང་བ། ཁྱིམ་ཚང་གི་བདེ་སྐྱིད་དང་འཆམ་མཐུན་ཆེ་རུ་གཏོང་བ་སོགས་ཀྱི་བྱ་བའི་ཁྲོད་བུད་མེད་ཀྱི་བློ་གྲོས་གཅིག་སྒྲིལ་དང་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ། བུད་མེད་ཀྱིས་བྱས་རྗེས་འཇོག་པ་དང་ནུས་པ་འདོན་སྤེལ་བཅས་བྱས་ནས་འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་དང་དུས་རབས་གསར་པ་གཏོད་པའི་བུད་མེད་ཀྱི་ལེའུ་གསར་པ་ཧུར་ཐག་གིས་གཏོད་དགོས།

      མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་བུད་མེད་བློ་མཐུན་རྣམས་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྐུ་གཟུགས་བདེ་ཐང་། བྱ་བ་ལམ་འགྲོ ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི། ཤ་བོ་སྐྱབས།
མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན། ཀྲང་ཧྲིང་ཡོན།
2024ལོའི་ཟླ3པའི་ཚེས8ཉིན།


མཉམ་སྤྱོད།