མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-11 07:49:40   |   2338

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

图片1.jpg

  • ཟླ3ཚེས10ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་གྲོལ་བ་རེད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་གྲོས་ཚོགས་སུ་ཞུགས་ཤིང་། ཝང་ཧུའུ་ཉིང་གིས་གསུང་བཤད་གནང་།

  • ཟླ3ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཞི་ཕུའུ·ཀྲ་ཨར་ཏ་ལི་ལ་གློག་འཕྲིན་བཏང་སྟེ། ཁོང་ཕ་ཁི་སི་ཐན་གྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བ་རེད།

  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་ཟླ3ཚེས11ཉིན་གྱི་ཕྱི་དྲོའི་ཆུ་ཚོད3པར་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་མཇུག་འགྲིལ་ཚོགས་འདུ་འཚོགས་རྒྱུ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རང་རྒྱལ་གྱི་གྲོང་ཁྱེར207ཀྲའོ་སྟོང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚད་གཞིར་སླེབས་ཏེ། ཁྱིམ་ཚང་དུང་ཕྱུར5ལྷག་ཙམ་ལ་ཁྱབ་པའི་ཀྲའོ་སྟོང་གི་དྲ་རྒྱའི་ཞབས་ཞུའི་ནུས་པ་ཞིག་ཆགས་ཡོད།

  • ཧྥུ་ཅན་ལེན་ཅང་གིས་རྒྱལ་ཡོངས་ཀྱི་འཕྲུལ་འཁོར་རྐྱང་པའི་ཤོང་ཚད་ཆེ་ཤོས་ཀྱི་མཚོ་ཐོག་རླུང་གློག་རྣམ་གྲངས་བསྐྲུན་རྒྱུ་ཡིན་པ་དང་། རྣམ་གྲངས་བསྐྲུན་རྗེས་སྔོན་དཔག་བྱས་ན་ལོར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར33ཟིན་རྒྱུ་ཡིན།

  • ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་གྲངས་གཞི་ལས་མངོན་པར། ཚེས9ཉིན་གྱི་ཆུ་ཚོད་21བར་ས་ཚིགས་དེས་ཞིབ་བཤེར་བྱས་པ་བརྒྱུད་ས་མཚམས་ནས་འགྲོ་འོང་བྱེད་པའི“ཤང་ཀང་རླངས་འཁོར་བྱང་སྐྱོད”ཀྱི་རླངས་འཁོར་ཐེངས་གྲངས་ཁྲི50ལས་བརྒལ་ཡོད་པ་རེད།

图片2.png

  • ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས2928བཏང་ཞིང་། དངོས་ཟོག་ཚད་ལྡན་སྒམ་ཁྲི31.7སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས9%དང10%སོ་སོར་འཕར་ཡོད།

  • ཉེ་ཆར་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་དཔུང་རུ་ཁག་ཁག46པས་སོ་མ་ལིའི་མཚོ་ཁོངས་སུ་མཚོ་འགྲུལ་སྲུང་སྐྱེལ་ལས་འགན་ཐོག་མ་ལེགས་སྒྲུབ་བྱུང་།

སྤྱི་ཚོགས།

  • མ་འོངས་བའི་ཉིན་གསུམ་རིང་། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་གནམ་གཤིས་ཡག་པོ་ཡོད་པ་དང་། ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་ཡོད།

  • “ཤར་གྲངས་ནུབ་རྩིས”ཀྱི་རྒྱལ་ཁབ་ལས་གྲྭའི་འགག་རྩའི་ལག་རྩལ་ཏེ། 400Gའོད་ཡོངས་ཞིང་ཆེན་བར་གྱི་རུས་སྐམ་དྲ་བ་ཐོག་མ་དེ་ཉེ་ཆར་དངོས་སུ་ཚོང་ལས་སུ་སྤྱོད་རྒྱུ་ཡིན།

  • གྲངས་གཞི་ལས་མངོན་པར་གཞིགས་ན། ཚེས10ཉིན་བར2024ལོའི་རྒྱལ་ཡོངས་ཀྱི་གློག་བརྙན་གྱི་སྡེར་ཆེ་མོའི་སྤ་སེ་འཚོང་ཚད(སྔོན་འཚོང་ཚུད་པ)དུང་ཕྱུར150ལས་བརྒལ་ཡོད།

  • ཚེས10ཉིན། ཧང་ཡུང་མིས་བཟོས་གཙང་པོའི་ཧྲུའུ་ཧྲན་གྲུ་གཟིངས་ཀྱི་འགག་སྒོ་དང་ཡའོ་ཅང་གཙང་པོའི་གྲུ་འགག་གི་དུས་ཡུན་ཟླ་བ་གཉིས་ཀྱི་ཉམས་གསོ་ཆེན་པོའི་ལས་གྲྭ(ཁང་པ་ཕུད་པ)ལེགས་གྲུབ་བྱུང་བ་དང་། ཧང་ཡུང་མིས་བཟོས་གཙང་པོའི་ཉིང་པོ་དུམ་བུའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ།

  • ཚེས10ཉིན། རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་གྲུ་གཟིངས“ཚུའེ་ཏེ་ཏན”རྟགས་ཅན་ཏ་ལེན་གྲུ་ཁའི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་གྲུ་ཚུགས་སུ་བསྐྱོད་པ་དེས་ཏ་ལེན་གྲུ་ཁའི་རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་དངོས་སུ་སླར་གསོ་བྱས་པ་མཚོན་ཡོད།

图片3.png

  • ད་ལོའི་དུས་བྱ་ཁག་དང་པོ་ཉེ་ཆར་ཧེ་ལུང་ཅང་ཞིན་ཁའེ་མཚེའུ་རུ་འབྱོར་བ་དང་མིག་སྔར་གྲངས་འབོར2000ལྷག་ཙམ་ཡོད་པ་རེད། གནས་སྤོ་ཆེས་མང་ཤོས་དུས་སྐབས་སྔོན་དཔག་བྱས་ན་ཟླ་འདིའི་ཟླ་སྨད་དུ་སླེབས་རྒྱུ་ཡིན།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་གཞི་རྒྱུའི་ཐོག་ནས་འབྲས་བསྐྱར་མའི“འབྲུ་རྡོག་གསུམ་དང་ཚོམ་བུ་གཅིག”གི་རྒྱུད་འཛིན་ལམ་སྲོལ་གསལ་སྟོན་བྱས་ཏེ། ཐོན་མཐོའི་ཆུ་འབྲས་ཀྱི་སྣ་ཁ་གསར་པ་སྐྱེད་སྲིང་བྱེད་པར་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་དང་ཐབས་ལམ་གསར་པ་མཁོ་འདོན་བྱས།

  • རང་རྒྱལ་གྱི་མཐོ་རིམ་སློབ་གྲྭསDNAནཱ་སྨི་འཕྲུལ་འཁོར་ཞིག་ཞིབ་འཇུག་གསར་སྤེལ་བྱས་ཡོད་པས། དེས་རང་འགུལ་གྱིས་ཁྲག་རྩའི་ནང་ནས་ཁྲག་དབལ་རྙེད་ཐུབ་པ་དང་། གནད་ལ་འཁེལ་བའི་སྨན་སྟེར་ཐུབ་པས། སྙིང་རྩ་འགག་པ་དང་ཀླད་པའི་གྲིབ་ནད་སོགས་ཀྱི་ནད་རིགས་གསོ་བཅོས་བྱེད་པར་ཇུས་གཞི་གསར་པ་འདོན་སྤྲོད་བྱེད་ཐུབ་ཡོད།

图片4.gif

  • ཀྲེ་ཅང་ཝུན་ཀྲོའུ་ཡི་ལམ་འགྲམ་གྱི་རླངས་འཁོར་ཆུང་ཆུང་ཞིག་རི་ལྡེབས་སུ་བསྐྱོད་ཚེ་མྱུར་དུ་གཞུང་ལམ་དུ་ཤུད་པས། རླངས་འཁོར་བསྐོར་ནས་འགྲོ་བཞིན་པའི་ཧོང་ལགས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་ཀྱི་རླངས་འཁོར་གྱིས་དུས་ཐོག་ཏུ་བཀག་པས་ལས་འཛོལ་དེ་བས་ཆེ་བ་མི་འབྱུང་བར་བྱས།

སྲིད་ཇུས། 

  • ཧྥུ་ཅན་གྱིས་དྲ་སྦྲེལ་གྱི་ནད་བརྟག་སྨན་བཅོས་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་རྗེས་ཤུལ་བཞག་ནས་ཐོ་འགོད་བྱེད་དགོས་པ་མ་ཟད། གཏན་འབེབས་ཀྱི་དུས་བཀག་ནང་ཁུངས་འདེད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • པེ་ཅིང་གིས་སློབ་མ་ཞིབ་འཇུག་སློབ་སྦྱོང་གི་གནས་སྐོར་བྱེད་སྒོའི་ནང་ཞུགས་པ་དེ་སློབ་གྲྭའི་སློབ་གསོའི་གདེང་འཇོག་གི་གཞི་འཛིན་ས་དང་ཚད་གཞིར་བརྩི་མི་ཆོག་པ་དང་། སློབ་མ་སློབ་རིམ་འཕར་བ་དང་མཐར་ཕྱིན་སོགས་དང་འབྲེལ་བ་བྱེད་མི་རུང་ཞེས་ཁ་གསལ་བཏོན་ཡོད།

  • སི་ཁྲོན་གྱིས་རིམ་ཁག་སྲིད་འཛིན་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་བྱ་གཞག་ཚན་པས་རླངས་འཁོར་གསར་དུ་བསྣན་པ་དང་གསར་བརྗེས་བྱེད་སྐབས་ནུས་རྒྱུ་གསར་པའི་རླངས་འཁོར་གདམ་དགོས་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

图片5.jpg

  • ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་རི་ཁུལ་དང་། བོད་ལྗོངས་ཀྱི་ནུབ་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། ཅི་ལིན་གྱི་ཤར་རྒྱུད། ལེའོ་ཉིང་གི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ལིའོ་ཏུང་ཕྱེད་གླིང་དང་། ཧྲན་ཏུང་ཕྱེད་གླིང་། འབྲི་ཆུའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀོང་ཏུང་དབུས་རྒྱུད་དང་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།