མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

​ཀྲུང་ཧྭའི་ཆུ་ལྕོག་གཙང་གསུམ་འབྱུང་ཡུལ།

2024-03-11 09:56:48   |   2062

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་གཙང་གསུམ་འབྱུང་ཡུལ།

2.jpg

མགོ་ཁུངས་ཀྱི་འགན་བླངས་ནས“ཀྲུང་ཧྭའི་ཆུ་ལྕོག”སྲུང་མཁན་ཡག་པོ་ཞིག་བྱེད།

3.jpg

བློ་མང་གཅིག་ལ་བསྡུས་ཏེ“ཀྲུང་ཧྭའི་ཆུ་ལྕོག”སྲུང་།

4.jpg

སྐྱེ་དངོས་སྣ་མང་སྲུང་སྐྱོབ་བྱས་ཏེ་སྐྱེ་ཁམས་སྲུང་ཡོལ་ལེགས་པར་སྲུང་།

མཚོ་སྔོན་གཉིས་པ་ཞིག་ཀྲུང་གོར་རྙེད་དུ་མེད་དེ། ཆུ་དང་གཙང་པོ་ཐམས་ཅད་འདི་ནས་མཆེད་དེ་ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་ཤེས་རིག་གསོ་བའི་བཅུད་དུ་གྱུར་ཡོད་ལ། “རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ལས་འགན་ལྕི་མོ་དེ་ཁུར་དུ་བཞེས་ཡོད།

མཚོ་བོད་མཐོ་སྒང་གི་ལྟེ་བ་ཡིན་པའི་ཆ་ནས། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་འཛུགས་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་དུ་བླངས་ཡོད་ལ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བསྟར་བའི་མཐོ་ས་གསར་པ་བསྐྲུན་པ་སྤྱི་འདོམས་སུ་བྱས་ཏེ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་མཐོ་ས་གསར་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་མཐོ་ས་གསར་པ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་མཐོ་ས་གསར་པ་སོགས“མཐོ་ས་གསར་པ་བདུན”གྱི་འཛུགས་སྐྲུན་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་། “ཀྲུང་ཧྭའི་ཆུ་ལྕོག”གི་སྣོད་བརྟན་ལ་བཅུད་འཛོམས་པོར་བཏང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་པར་སྐུལ་འདེད་གང་ནུས་གཏོང་དགོས།

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོགས་མགོ་བརྩམས་པ་དང་། དཔྱིད་ཚེས་ནས་རེ་འདུན་གསར་པའི་མྱུ་གུ་འབུས་མགོ་བརྩམས་པ་དང་མཉམ་དུ། མཚོ་སྔོན་གྱིས་ཀྱང་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་བསྐྲུན་པའི་ལག་ལེན་གྱི་ཁྲོད་ནས“རྒྱལ་དོན་གྱི་ཆེ་ཕྱོགས”བསམས་ནས“ཀྲུང་ཧྭའི་ཆུ་ལྕོག”སྲུང་བ་ལ་རྒྱུགས་ལན་གསར་པ་ཞིག་སྤྲོད་པར་རྩོམ།


མཉམ་སྤྱོད།