མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཚེ་བརྟན་གཡུ་སྒྲོན་གྱིས་གསེར་གྱི་རྟགས་མ4བླངས་འདུག

2024-03-11 09:49:41   |   2353

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས6ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཨ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་དེ་ཟླ3པའི་ཚེས2ཉིན་ནས་ཚེས6ཉིན་བར་ཅི་ལིན་སུང་ཧྭ་མཚེའུ་གངས་ཤུད་ར་བར་གཉེར་བ་དང་། བོད་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ2024ལོའི་ཨ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་གྱི་གསེར་གྱི་རྟགས་མ4ཐོབ་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པར་ད་དུང་དངུལ་གྱི་རྟགས་མ3དང་ཟངས་ཀྱི་རྟགས་མ2། ཨང་བཞི་པ3། ཨང་ལྔ་པ1། ཨང་བདུན་པ2། ཨང་བརྒྱད་པ2བཅས་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ནང་ཀྲུང་གོ་དང་ལྗར་པན། ལྷོ་ཁོ་རེ་ཡ། ཐེ་ལན་བཅས་རྒྱལ་ཁབ་བཞིའི་ལུས་རྩལ་པ66ཞུགས་ཡོད་པ་དང་། སྐྱེས་པ་དང་བུད་མེད་ཀྱི་བར་ཐག་ཐུང་བ་དང་ཐད་དཔྱང་མྱུར་ཚད་འགྲན་བསྡུར། མི་སྒེར་གྱི་བྱེས་བགྲོད་དང་མཉམ་བསྲེས་མཐུད་རྒྱུག་བཅས་རྣམ་གྲངས7བཟོས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ25ཀྲུང་གོའི་རྒྱལ་ཁབ་རུ་ཁག་ནང་ཞུགས་ཐུབ་ཡོད།

微信图片_20240311101438.jpg

ཉིན་ཤས་རིང་འགྲན་བསྡུར་ཛ་དྲག་པོ་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་ལ་བུད་མེད་ཀྱི་བར་ཐག་ཐུང་བ་དང་ཐད་དཔྱང་མྱུར་ཚད་འགྲན་བསྡུར། མི་སྒེར་གྱི་བྱེས་བགྲོད་དང་མཉམ་བསྲེས་མཐུད་རྒྱུག་བཅས་རྣམ་གྲངས་བཞིའི་ཨང་དང་པོ་ཐོབ་པ་དང་། བཀྲ་ཤིས་བསྟན་སྒྲོལ་ལ་བུད་མེད་ཀྱི་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་གཉིས་པ་དང་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་གསུམ་པ། མཉམ་བསྲེས་མཐུད་རྒྱུག་གི་ཨང་བཞི་པ། བུ་མོ་ཨ་ཉི་ལ་བུད་མེད་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་གཉིས་པ་དང་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་བཞི་པ་ཐོབ་པ། གཡུ་སྒྲོན་ལྷ་མོ་ལ་མཉམ་བསྲེས་མཐུད་རྒྱུག་གི་ཨང་གཉིས་པ་དང་བར་ཐག་ཐུང་ངུའི་འགྲན་བསྡུར་གྱི་ཨང་བདུན་པ་ཐོབ་པ། ཀུན་བཟང་རྣམ་རྒྱལ་ལ་སྐྱེས་པའི་མི་སྒེར་གྱི་བྱེས་བགྲོད་འགྲན་བསྡུར་གྱི་ཨང་གསུམ་པ་དང་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་བདུན་པ་ཐོབ་པ། བསྟན་འཛིན་ཆོས་འཕེལ་ལ་སྐྱེས་པའི་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་བཞི་པ་ཐོབ་པ། ངག་དབང་བློ་གྲོས་ལ་སྐྱེས་པའི་བར་ཐག་ཐུང་ངུའི་འགྲན་བསྡུར་གྱི་ཨང་ལྔ་པ་ཐོབ་པ། བསོད་ནམས་ཆོས་སྒྲོན་ལ་བུད་མེད་ཀྱི་ཐད་དཔྱང་མྱུར་ཚད་འགྲན་བསྡུར་གྱི་ཨང་བརྒྱད་པ་ཐོབ་པ། དངོས་གྲུབ་ཚེ་རིང་ལ་སྐྱེས་པའི་མི་སྒེར་གྱི་བྱེས་བགྲོད་དང་མཉམ་བསྲེས་མཐུད་རྒྱུག་གི་ཨང་བརྒྱད་པ་ཐོབ་ཡོད།

微信图片_20240311101444.jpg

ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི་ཨ་ཤེ་ཡའི་གངས་ཤུད་རི་འཛེག་ལེགས་སྐྱེས་འགྲན་བསྡུར་ནང་ཁྱོན་རྣམ་གྲངས7བཟོས་ཡོད་པ་དང་། ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ7བླངས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་ལ་གསེར་གྱི་རྟགས་མ4ཐོབ་ནས་མེས་རྒྱལ་ལ་མཚན་སྙན་བརྩོན་ལེན་དང་བོད་ལྗོངས་ལ་གཟི་བརྗིད་བསྣན་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡང་གང་ལེགས་མངོན་པར་བྱས་ཡོད་ཅིང་། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་བོད་ལྗོངས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།


མཉམ་སྤྱོད།