དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱ་གར་གྱིས་ཀྲུང་གོའི་མཐའ་མཚམས་སུ་དམག་མི་ཁྲི1བཀོད་སྒྲིག་བྱས་འདུག

2024-03-12 10:18:49   |   1953

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ་བོད་ཡིག་པར་མ། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240312110116.jpg

ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཟླ3པའི་ཚེས8ཉིན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་ཤིང་། གནས་ཚུལ་དངོས་ཁག་གཅིག་བཀོད་པ་གཤམ་གསལ་ལྟར། 

ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས་གནས་འཕྲིན་སྤེལ་བར་གཞིགས་ན། རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་དམག་མི་ཁྲི1བཀོད་སྒྲིག་བྱས་པར། ཀྲུང་གོ་ཕྱོགས་ནས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

微信图片_20240312110122.jpg

 མའོ་ཉིང་གིས། རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དུ་དམག་ཤུགས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་དེ་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་གནས་བབ་ཞི་ལྷོད་དུ་གཏོང་བའི་ཐད་ཕན་ཐོགས་མེད་ལ། ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་ཡང་ཕན་ཐོགས་མེད་ཅེས་བཤད། 

ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས། རྒྱ་གར་གྱིས་དམག་དཔུང་བཀོད་སྒྲིག་བྱེད་པའི་གནད་དོན་ཐད་ལ། རྒྱ་གར་གྱིས་ཀྲུང་གོ་དང་རྒྱ་གར་གྱི་མཐའ་མཚམས་སུ་དམག་མི་ཁྲི1བཀོད་སྒྲིག་བྱས་པ་དེ་ཀྲུང་གོ་ཕྱོགས་ཀྱིས་ཉེན་ཁ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་དམ། ཀྲུང་གོའི་དམག་ཕྱོགས་ཀྱིས་འཁོན་ལན་སློག་རྩིས་ཡོད་དམ། དོན་འདི་ཁོ་བོས་འདྲི་རྩད་བྱེད་འདོད་ཡོད་ཟེར། 

མའོ་ཉིང་གིས། ཀྲུང་གོ་ཕྱོགས་ཀྱིས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱེད་ཀྱིན་ཡོད། རྒྱ་གར་ཕྱོགས་ཀྱི་བྱ་སྤྱོད་དེ་མཐའ་མཚམས་ཀྱི་ཞི་བདེ་དང་བདེ་འཇགས་ལ་ཕན་ཐོགས་མེད་ལ་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་མཐའ་མཚམས་ཀྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་བའི་ཐུན་མོང་གི་ངོས་འཛིན་དང་ཡང་མཐུན་གྱི་མེད་ཅེས་བཤད།


མཉམ་སྤྱོད།