དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་པོད་དང་པོ་དང་གཉིས་པའི་དབྱིན་ཡིག་གི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས།

2024-03-12 10:49:15   |   2569

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་པོད་དང་པོ་དང་གཉིས་པའི་དབྱིན་ཡིག་གི་པར་གཞི་ཉེ་ལམ་ཕྱི་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་ལ་འགྲེམས་སྤེལ་བྱས།

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་པོད་དང་པོ་དང་གཉིས་པའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2022ལོའི་ཟླ10པའི་བར་གྱི་གསུང་རྩོམ་གལ་ཆེན་དག་བསྡུས་ཡོད་ཅིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་གནང་བའི། 《ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པ་དེབ་ཀྱི་འགོར་བཞག་ཡོད་ཅིང་། དེ་མིན་གྱི་གསུང་རྩོམ་གཞན་དག་དུས་ཚོད་ཀྱི་གོ་རིམ་ལྟར་བསྒྲིགས་ཡོད།

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ནང་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་འགོ་ཁྲིད་དེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བསྐྲུན་པ་དང་། རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པའི་རླབས་ཆེན་གྱི་ལོ་རྒྱུས་བརྒྱུད་རིམ་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་སྡུད་སྒོས་མཚོན་ཡོད་པར་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་སྣེ་འདོམས་བྱེད་པའི་བདེན་དོན་སྟོབས་ཤུགས་དང་ལག་ལེན་སྟོབས་ཤུགས་གཅིག་སྡུད་སྒོས་མངོན་ཡོད། དེ་མིན་ད་དུང་ཕྱོགས་ཡོངས་ཀྱི་སྒོ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་རྩེ་གཅིག་ཏུ་གཞོལ་བའི་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་འགན་འཁྲི་འཁུར་སེམས་མཚོན་ཡོད་ལ། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་མཚོན་ཐུབ་ཡོད་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།

《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་ཀློག》ཅེས་པའི་པོད་དང་པོ་དང་གཉིས་པའི་དབྱིན་ཡིག་གི་པར་གཞི་ཕྱི་ཕྱོགས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་མ་ལག་ཚང་བའི་སྒོ་ནས་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་རིག་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བར་དོན་སྙིང་གལ་ཆེན་ལྡན།


མཉམ་སྤྱོད།