དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་རིགས་དམག་མི་ཟླ་བ་སྒྲོལ་དཀར་ལ་ལས་གནས་གསར་བ་སྤྲད་འདུག

2024-03-12 16:54:45   |   2407

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་དྲ་བ་བོད་ཡིག་པར་མ། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱ་སྐད་ཡག་པོ་བཤད་མི་ཤེས་པའི་བོད་རིགས་དམག་མི་གསར་བ་ནས། བརྒྱབ་ཚད་ཕོག་ཐུབ་མཁན་དམིགས་བསལ་དམག་འཐབ་བུད་མེད་དུ་གྱུར་པས། ཁོ་མོའི་གཏམ་རྒྱུད་དྲ་བ་ཡོངས་སུ་སྐད་གྲགས་ཆོད། 

 ད་ཆ། ཁོ་མོར་ལས་གནས་གསར་བ་ཡོད་ཅིང་། 

སྦྱོང་བརྡར་གསར་པའི་སྦྱངས་འབྲས་དམའ་ཤོས་ཡིན་པའི་ཁོ་མོ། མདའ་བརྒྱབ་ཚད་འབེན་ལ་ཕོག་མཁན་དུ་གྱུར། 

དྲག་ཤུགས་ལ་རྒོལ་བའི་སྦྱོང་བརྡར་བྱེད་ཐེངས་ཤིག་ལ། འགོག་རྡུང་མཁན་བུད་མེད་ཅིག་གིས་མེ་མདའ་རྒྱག་ཐེངས་གཅིག་ལ་སྦི་སྡིར་གནད་འཁེལ་བརྒྱབ་ནས། འབར་གས་ཞིག་དུས་ཐོག་ཏུ་སྔོན་འགོག་བྱས་པ་རེད།

微信图片_20240312172437.jpg

ཁོ་མོའི་མིང་ལ་ཟླ་བ་སྒྲོལ་དཀར་ཞེས་འབོད་ཅིང་། 1994ལོའི་ཟླ11པར་བོད་ལྗོངས་གོང་དཀར་དུ་སྐྱེས་པ་རེད། 2013ལོའི་ཟླ9པར། ཁོ་མོས་དམག་གོས་གོན་ནས་དམག་ལ་ཞུགས་པ་དང་། ཐོག་མའི་སྐབས་སུ་ཁོ་མོའི་སྦྱངས་འབྲས་དམའ་ཤོས་ཡིན་ཞིང་། རྒྱ་སྐད་ཧ་ལམ་ཤེས་ཀྱི་མེད་པ་རེད།

微信图片_20240312172443.jpg

ཁོ་མོས་གསར་འགྱུར་ལ་བལྟ་ཞིང་། ཚིག་མཛོད་ལ་བལྟ་བ། ཡིག་གཟུགས་སྦྱོང་བ། ཚགས་པར་ཀློག་པ་བརྒྱུད། ལོ་གཉིས་རིང་རྒྱ་སྐད་ཡག་པོར་སྦྱངས་པ་རེད།


微信图片_20240312172447.jpg

ཁོ་མོས་སྦྱོང་བརྡར་བྱེད་སྐབས། དཀའ་བ་སྣ་ཚོགས་ཁྱད་དུ་བསད་མཐར་མེ་མདའ་སྣ་ཚོགས་ཀྱི་འགོག་རྡུང་པ་གནད་འཁེལ་རྒྱག་ཐུབ་མཁན་དུ་གྱུར་པ་རེད།

微信图片_20240312172451.jpg

ཉེ་བའི་ལོ་ཤས་ནང་ཁོ་མོས་བྱས་རྗེས་རིམ་པ་དང་པོ་དང་། གཉིས་པ། གསུམ་པ་བཅས་བཞག་ནས། ཕུལ་བྱུང་གི་དམག་མི་ཞིག་གི་ངོས་ནས་འོས་སྐྱེལ་སློབ་ཞུགས་བྱས་པ་དང་། “ཀྲུང་གོའི་དྲག་ཆས་ཉེན་རྟོག་གི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཆེན་པོ་བཅུ་” རུ་བདམས་པ་རེད། ད་ལོ། ཟླ་བ་སྒྲོལ་དཀར་ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མཚན་སྙན་ཐོབ།

微信图片_20240312172457.jpg

སློབ་མཐར་ཕྱིན་རྗེས་སུ་ལས་ཀར་ཞུགས། ཁོ་མོ་ནི་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་འཕྲུལ་སྒུལ་ཡན་ལག་རུ་ཁག་ག་གེ་མོའི་རུ་དཔོན་ཡིན་ཞིང་། རང་ཉིད་ཀྱི་སྦྱངས་པའི་ཤེས་བྱ་དག་བེད་སྤྱད་ནས་སྦྱོང་བརྡར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་དཔུང་སྡེ་ལ་གསོན་ཤུགས་གསར་བ་བསྣན་ཡོད།

ཁོ་མོས་དམག་མི་ནས་དམག་དཔོན་བར། གསོ་སྐྱོང་མང་ཙམ་བྱེད་འདོད་ཡོད།
   “སྔོན་ཆད་ང་རང་འཐབ་འཛིང་པ་ཞིག་ཡིན། འཛིན་གྲྭའི་འགོ་འཛིན་གྱི་བླང་བྱ་ལྟར། རང་ཉིད་ཀྱི་དམག་དོན་བྱང་ཚད་སྦྱོང་བརྡར་བྱས་ན་འགྲིག་པ་རེད། འོན་ཀྱང་། ད་ལྟ་ཚར་ལོངས་བྱུང་ནས་རུ་དཔོན་དུ་གྱུར་རྗེས། འགན་འཁྲི་མི་འདྲ་བ་རེད། སྐད་ཆ་དྲང་མོར་བཤད་ན་གནོན་ཤུགས་ཅུང་ཆེ་ཙམ་འདུག་”ཅེས་ཟེར། ཟླ་བ་སྒྲོལ་དཀར་གྱིས་དམག་མི་ནས་དམག་དཔོན་བར། ཐོབ་ཐང་གི་འགྱུར་ལྡོག་ཙམ་མ་ཟད། འགན་འཁྲིར་འགྱུར་ལྡོག་བྱུང་བའང་གསལ་པོར་ཤོས་ཀྱི་ཡོད།

微信图片_20240312172501.jpg

“མ་གཞི་ང་དམག་མིར་ཞུགས་ནས་ལོ10ལྷག་མོད། འོན་ཀྱང་། རང་ཉིད་ལ་ཐོག་མཐའ་བར་གསུམ་དུ་དངངས་སྐྲག་གི་སྣང་བ་ཞིག་ཡོང་གི་འདུག” “དངངས་སྐྲག་”དེ་དཔུང་སྡེའི་སྦྱོང་བརྡར་བྱེད་སྟངས་ཀྱི་འགྱུར་ལྡོག་ལས་ཡོང་གི་འདུག་ཟེར། 
    སྲོལ་རྒྱུན་གྱི་སྦྱོང་བརྡར་བསམ་བློ་དང་སྦྱོང་བརྡར་བྱེད་ཐབས་ཏེ་དཔུང་སྡེའི་སྦྱོང་བརྡར་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་ཚོད་འཛིན་ཐེབས་བཞིན་ཡོད་པས། ཇི་ལྟར་བྱས་ནས་སྦྱོང་བརྡར་གྱི་ཚན་རིག་རང་བཞིན་མཐོ་རུ་གཏོང་བ་ནི་སེམས་ཁུར་བྱེད་པའི་བྱ་བ་ཞིག་ཏུ་གྱུར་ཡོད་པ།

微信图片_20240312172506.jpg

 རི་འཛེག་དང་། ཐག་འཁྱུད། འཇབ་རྒོལ་བཅས་ཀྱི་སྦྱོང་བརྡར་རྩ་གནད་ཀྱི་འབྲེལ་ཡོད་བླང་བྱ་བརྩི་སྲུང་ཞུ་དགོས་པ་ཟླ་བ་སྒྲོལ་དཀར་གྱིས་གསལ་པོར་ཤེས་ཀྱི་ཡོད།

微信图片_20240312172510.jpg

 ཟླ་བ་སྒྲོལ་དཀར་གྱིས་ཚན་རིག་དང་མཐུན་པའི་སྦྱོང་བརྡར་གྱི་འཆར་གཞི་ཞིག་བཟོས་ནས། རང་ཉིད་ཀྱིས་ཚད་ལེན་ཚོད་ལྟ་བྱས་ཤིང་། སྦྱོང་བརྡར་སློབ་ཚན་ཞིག་ལ་འཇབ་རྒོལ་མཁན་གྱིས་སྨི50ཡི་སར་འཇབ་རྒོལ་མྱུར་པོ་བྱས་རྗེས་སྒུལ་བདེའི་དམིགས་ཚད་ལེགས་གྲུབ་བྱ་རྒྱུ་དང་། ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད་ཁོ་མོས་སྦྱོང་བརྡར་གྱི་དཀའ་ཚད་ཇེ་ཆེར་བཏང་བས། འཇབ་རྒོལ་མཁན་གྱི་གཡུལ་སའི་འཚོ་ནུས་ཇེ་ཆེར་སོང་བ་རེད།

微信图片_20240312172515.jpg


མཉམ་སྤྱོད།