དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི་ཡུལ་ཚོ་གཉིས་ལ《སྐྱེ་ལྡན་ཐོན་རྫས་ཀྱི་ངོས་ལེན་དཔང་ཡིག》བསྟུད་མར་ཐེངས་བརྒྱད་ལ་ཐོབ།

2024-03-12 17:45:55   |   245

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། རྐང་ཚ་རྫོང་གི་སྐྱིད་སྨོན་ཡུལ་ཚོ་དང་གཡུ་དཀར་འོམ་ལུང་ཡུལ་ཚོ་གཉིས་ལ“སྐྱེ་ལྡན་ཐོན་རྫས་ཀྱི་ངོས་ལེན་དཔང་ཡིག”བསྟུད་མར་ལོ་བརྒྱད་ལ་ཐོབ། ངོས་ལེན་བྱས་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི360ཟིན་པ་དང་། ཚད་ལྡན་གྱི་ནོར48208དང་ལུག229493ཟིན་པ་དང་། ངོས་ལེན་བྱས་པའི་སྐམས་ཤ་ཏུན1253.9  དང་ལུག་ཤ་ཏུན2381.72 ཟིན་ཡོད། སྐྱེ་ལྡན་གསོ་སྤེལ་ནང་དུད་ཁྱིམ3000ལྷག་ཙམ་ཞུགས་ཅིང་། ངོས་ལེན་རེ་ཞུ་བྱས་པའི་སྐམས་ལུག་ཤ་སྣ་ཁ19ལ་ཡུལ་དངོས་སུ་འཐེན་བཤེར་བྱས་ནས་ཚང་མ་ཚད་ལ་ལོངས་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ལྡན་སྐམས་ལུག་ཤའི་ཞིང་ལས་ཐོན་རྫས་ཀྱི་ཚད་གཞིར་སླེབས་ཡོད། འདི་ནི་རྐང་ཚ་རྫོང་གིས་སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་དུ་བླངས་པའི་ཐོལ་བརྒལ་གལ་ཆེན་ཞིག་ཡིན་ལ། རྐང་ཚ་རྫོང་གིས་སྐྱེ་ཁམས་གསོ་སྤེལ་མཐུན་ཚོགས་དང་སྐྱེ་ཁམས་མཉམ་ལས་ཁང་། སྐྱེ་ལྡན་གསོ་སྤེལ་འབྲོག་ཁྱིམ་བཅས་ཀྱི་སྐྱེ་ལྡན་དོ་དམ་རྣམ་པ་ལ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པར་ཁས་ལེན་བྱས་པའི་མཚོན་རྟགས་ཤིག་ཡིན་ཞིང་། རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཁུལ་བསྐྲུན་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།

微信图片_20240312175035.jpg


མཉམ་སྤྱོད།