མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-13 09:37:02   |   187

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུ་ལྟར། ཨན་ཀོ་ལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་རུའོ་ཨང·མན་ནུའུ་ཨེར·ཀུང་སར་ཝུའེ་སི·ལུའོ་ལུན་སུའོ་ཡིས་ཟླ3ཚེས14ནས་ཚེས17ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་ཡོངས་སྔོ་འགྱུར་ཨུ་ལྷན་གཞུང་དོན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་སུ་ནགས་བཟོ་སྤྱི་ཆིང་ཁྲི399.8བྱས་པ་དང་། རྒྱལ་ཁབ་ས་ཆ་ལྗང་འགྱུར་རྒྱ་ཁྱོན་སྤྱི་ཆིང་ཁྲི800ལས་བརྒལ་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། སྙིང་གི་འདེགས་སྒྲོམ་ནི་རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་སྤྱོད་ཡོ་བྱད་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་ཆོག་པའི་སྣ་ཁ་དང་པོ་ཡིན་པའི་ཆ་ནས། 2021ལོ་ནས2023ལོའི་བར་རིམ་རྩིས་བྱས་ན་ནད་པ་ཁྲི370ལྷག་ཙམ་གྱིས་སྙིང་གི་འདེགས་སྒྲོམ་ནང་བཅུག་ཡོད་པ་རེད།

12.jpg

  • ཚེས12ཉིན། 2024ལོའི་ཞིབ་འཇུག་སློབ་མའི་ཡིག་རྒྱུགས་ཀྱི་རྒྱལ་ཁབ་སྐར་གྲངས་ཚད་ཐིག་ཁྱབ་བསྒྲགས་བྱས།

  • ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས30%ལྷག་ཙམ་འཕར།

  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། 2023ལོའི་རྒྱལ་ཡོངས་ཀྱི་གཅེས་སེམས་གསོ་སྐྱོང་མི་སྤྱོད་སྡེ་ཚན100ཡོངས་བསྒྲགས་བྱེད་རྩིས་ཡོད་པ་རེད།

  • ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཚད་ཡོད་སྤྱི་གཉེར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚོང་ལས་དང་འཇིག་རྟེན་འཕུར་སྐྱོད་ཁྲོམ་རའི་དགོས་མཁོ་དང་འཚམ་པ་བྱ་ཆེད། རང་རྒྱལ་གྱིས་སྨི4དང་སྨི5རིམ་པའི་མེ་ཤུགས་འཕུར་མདའ་བསྐྱར་དུ་ཞིབ་བཟོ་བྱེད་བཞིན་ཡོད།

1.jpg

  • ཚེས12ཉིན། ཀྲུང་གོའི་མཚོ་སྣུམ་གྱིས་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་ཨེ་ཤེ་ཡའི་ཆུ་གཏིང་ཟབ་འདྲེན་སྦུ་གུ་དང་པོ“མཚོ་གཞི་ཨང་གཉིས་པ”བསྐྲུན་ཚར་བ་ཁྱབ་བསྒྲགས་བྱས།

  • འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས2023ལོའི་གོ་ལ་ཧྲིལ་པོའི་ཤེས་བྱའི་བདག་དབང་རེ་ཞུའི་སྡོམ་རྩིས་གྲངས་གཞི་ཁྱབ་བསྒྲགས་བྱས་ཏེ། ཀྲུང་གོ་ནི་སྔར་བཞིན་གོ་ལ་ཧྲིལ་པོའིPCTརྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུའི་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཡིན་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ3ཚེས12ཉིན། ཀྲུང་གོས་ཐོན་སྐྱེད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་C919མ་ལེ་ཞི་ཡའི་སོ་པང་གནམ་ཐང་དུ་འབྱོར་ཞིང་། དེ་ནི་གནམ་གྲུ་དེ་མ་ལེ་ཞི་ཡར་འབྱོར་ཐེངས་དང་པོ་ཡིན་པ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་བར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཡར་འཕར་བ་དང་། བྱང་ཕྱོགས་ཀྱི་ས་ཆ་མང་པོའི་དྲོད་ཚད་གཅིག་རྗེས་གཉིས་མཐུད་ངང་མཐོ་རུ་འགྲོ་རྒྱུ་རེད། དེ་རིང་ནས་བཟུང་ལྷོ་ཕྱོགས་ཀྱི་ཆར་ཆུ་སླར་ཡང་མང་དུ་འགྲོ་རྒྱུ་རེད།

  • སློབ་གསོ་པུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ། སློབ་གྲྭ་འབྲིང་ཆུང་ལ་ཉིན་ལྟར་སྐར་མ30ཡི་རིང་གི་སློབ་གསེང་དབར་གྱི་ལུས་རྩལ་བྱེད་སྒོ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

  • བཟོ་འཕྲིན་པུའི་མགོ་སྐོར་གཡོ་ལེན་ལ་ངོ་རྒོལ་བྱེད་པའི་ཆེད་དོན་འཛིན་གྲྭས་ཉེ་ཆར“རྒྱལ་ཁབ་ཀྱི་རྒྱབ་སྐྱོར་རྣམ་གྲངས”སོགས་ཀྱི་དར་ཆ་བསྒྲེངས་ཏེ། གཡོ་སྒྱུ་དང་འབྲེལ་བའི་ཉེན་ཁ་ཆེ་བའིAPPཡོངས་བསྒྲགས་བྱས་ནས་སྤྱི་དམངས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས།

2.jpg

  • ཚེས12ཉིན། པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཁུལ་གྱིས་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ལྟེ་གནས་ཀྱི་དྲིལ་བསྒྲགས་དམ་འཇོག་ཚོམས་ཆེན་དུ་རང་རྒྱལ་གྱིས་མིག་སྒྲིབ་མི་སྣར་གཉེན་སྒྲིག་ཐོ་འགོད་ཀྱི་ཐོགས་མེད་རྣམ་པའི་ཡིག་ཆ་ཐོག་མར་མཁོ་འདོན་བྱས་པ་རེད།

3.jpg

  • ཉེ་ཆར། ཀྲུང་གོའི་བུད་མེད་ཨར་གྲུག་རུ་ཁག་གིས་ཐེངས་དྲུག་ལ་རྒྱལ་ཁ་ཐོབ་སྟེ། 2024ལོའི་འཛམ་གླིང་གི་མི་བདུན་ཨར་གྲུག་ཚན་ཁག་གི་ཝུ་ར་ཀུའེ་མོང་ཏེ་ཝུའེ་ཡི་ས་ཚིགས་ཀྱི་ཨང་དང་པོ་བླངས་པ་རེད།

  • པེ་ཅིང་ཞིབ་དཔྱོད་ཁོངས་གཏོགས་ཀྱིས་ཉེ་དུས་དམིགས་བསལ་ལས་སྒྲུབ་ལག་ཁྱེར་རྫུན་བཟོ་བྱས་པའི་གྱོད་གཞི་ཚབས་ཆེན་ཞིག་ཞིབ་གཅོད་བྱས་ལ། མི་ཁྲི1.9ལྷག་ཙམ་གྱིས་རྫུན་བཟོ་བྱས་པའི་དམིགས་བསལ་ལས་སྒྲུབ་ལག་ཁྱེར་ཉོས་ཡོད།

6.gif

  • ཀྲེ་ཅང་ཉིང་པོའི་བུ་ཞིག་ཆུ་ནང་དུ་ལྷུང་བ་དང་། ལོ་བདུན་ཅུ་ལོན་པའི་ཅང་གོ་ཧྥེ་མྱུར་དུ་མདུན་དུ་བསྐྱོད་དེ། འཁྱེར་བའི་ཉ་འཛིན་དབྱུག་པ་དེ་བྱིས་པའི་ཕྱོགས་སུ་བསྲིངས་ནས་གྲོང་མིའི་རོགས་རམ་འོག་བདེ་བླག་ངང་བྱིས་པ་བསྐྱབས།

སྲིད་ཇུས།

  • ཧོ་པེས་ཧོ་པེའི་རྨང་གཞིའི་ཞིབ་འཇུག་དང“སྐེ་འགག”གི་འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་ལ་དམིགས་ནས་འབུམ་རམས་པའི་ཚན་ཞིབ་རྣམ་གྲངས་ལེགས་འདེམས་ཀྱིས་རོགས་སྐྱོར་བྱེད་དེ། རྣམ་གྲངས་རེར་གཙོ་གནད་ཐོག་སྒོར་ཁྲི5རོགས་སྐྱོར་བྱེད་པ་དང་། སྤྱིར་བཏང་རྣམ་གྲངས་རེར་སྒོར་ཁྲི1ནས3བར་རོགས་སྐྱོར་བྱ་རྒྱུ་བཅས་ཁ་གསལ་བཏོན་ཡོད།

  • ཀུའེ་ཀྲོའུ་ཡིས་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་སློབ་ཚན་གྲོལ་བའི་ཞབས་ཞུའི་དུས་ཚོད་སྤྱད་དེ་ལུས་རྩལ་སློབ་ཚན་མེད་པའི་ཉིན་དེར་གཟུགས་པོའི་བྱང་ཚད་དམ་ཡང་ན་ཆེད་དོན་རྩལ་ནུས་སྦྱོང་བརྡར་སློབ་ཚན་གཅིག་སྒྲིག་འཛུགས་བྱེད་དགོས་པའི་བླང་བྱ་བཏོན།

  • ཧྥུ་ཅན་གྱིས་དུས་ཆེན་དང་གུང་གསེང་རིང་གློག་གསོག་སྒྲིག་བཀོད་གཉེར་སྐྱོང་ཚོང་པས་འགྲིམ་འགྲུལ་རྒྱུག་ཚད་ཅུང་ཆེ་བའི་ཞབས་ཞུའི་ཁུལ་དུ་སྒུལ་བདེའི་འཕྲལ་སྡོམ་གློག་གསོག་སྒྲིག་ཆས་གཏོང་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

4.jpg

  •  ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་རི་ཁུལ། དབྱི་ལི་ལུང་གཞུང་གི་ས་བབ་མཐོ་བའི་ས་ཁུལ། ཞིན་ཅང་ལྷོ་རྒྱུད་ཀྱི་ནུབ་རྒྱུད་རི་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་རི་ཁུལ། དབྱི་ལི་ལུང་གཞུང་གི་ས་བབ་མཐོ་བའི་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་པ་དང་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ཞིན་ཅང་གི་དབྱི་ལི་ལུང་གཞུང་དང་། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཧྲའན་ཞིའི་དབུས་ལྷོའི་རྒྱུད། ཧོ་ནན་གྱི་དབུས་ནུབ་རྒྱུད་དང་ཧུའུ་པེ་ཡི་ས་ཁུལ་མང་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད། དེའི་ནང་ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་ཏུ་ཆར་པ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།