དེ་རིང་ནི2025ལོའི་ཟླ05པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་ཞིང་ལས་རྒྱུ་ཆའི་དག་རྫུན་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ།

2024-03-13 16:42:08   |   533

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས11ཉིན་མདའ་བཞི་རྫོང་ཞིང་ཕྱུགས་ཐོན་རྫས་སྤུས་ཚད་བདེ་འཇགས་ཞིབ་བཤེར་ཚད་ལེན་ལྟེ་གནས་ཀྱིས་མཚོ་བྱང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་དང་། མདའ་བཞི་རྫོང་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། མཚོ་བྱང་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། མདའ་བཞི་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ། མདའ་བཞི་རྫོང་གི002རྟགས་ཅན་གྱི་ཚན་རྩལ་ཆེད་མངགས་པའི་ལས་དོན་ས་ཚིགས་བཅས་དང་མཉམ་འབྲེལ་བྱས་ཏེ། མཁར་ཟུར་གསུམ་གྲོང་རྡལ་གྱི་མཉམ་འབྲེལ་སྡེ་བ་གསུམ་དུ་ཞིང་ལས་རྒྱུ་ཆའི་དག་རྫུན་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་བྱ་འགུལ་སྤེལ།

微信图片_20240313163106.jpg

བྱ་འགུལ་ཁྲོད་། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་སྤུས་ཚད་བདེ་འཇགས་འགན་ལེན། རྨོ་འདེབས་ཀྱི་ཐོན་སྐྱེད་བདེ་བླག་ཡོང་བར་འགན་ལེན་བྱ་ཆེད། སྡེ་ཚན་ཁག་གིས་ལྟ་སྐུལ་དོ་དམ་གྱི་ལས་སྒོའི་ཁྱབ་ཁོངས་ལ་གཞིགས་ནས་འགྲེལ་བཤད་དང་མཛུབ་ཁྲིད་བྱེད་ཐབས་སྣ་མང་སྤྱད་དེ་འདེབས་འཛུགས་གསོ་སྤེལ་གྱི་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དང་། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ། ཞིང་ལས་རྒྱུ་ཆ་རྫུན་མ་ཉོ་འཚོང་བྱེད་པར་རྡུང་རྡེག་གཏོང་བ་སོགས་ཕྱོགས་མང་པོའི་ཐད་ནས་དྲིལ་སྒྲོག་བྱེད་སྒོ་སྤེལ་བར་མ་ཟད། མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ལེན་བྱས་ཤིང་། ཡུལ་དངོས་སུ་སྡེ་ཚན་ཁག་གིས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་བསལ་རོགས་བྱས། མང་ཚོགས་ཁག་ཅིག་གིས་རྨོ་འདེབས་མ་བྱས་གོང་གི་གྲ་སྒྲིག་ལས་དོན་སྔར་བས་ཡག་པོ་སྤེལ་ཆེད། ལག་རྩལ་མི་སྣར་འབྲེལ་ཡོད་ཞིང་ལས་འདེབས་འཛུགས་ཐད་ཀྱི་ཚན་རྩལ་ཤེས་བྱ་བློ་འདྲི་བྱས་ནས་སེམས་ཀྱི་ཚོར་སྣང་དང་བདེ་སྣང་ཇེ་མཐོར་བཏང་།

རྗེས་ཕྱོགས་སུ་རྫོང་ཞིང་ཕྱུགས་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱིས་མུ་མཐུད་དུ་སྐྱེ་ལྡན་ལུད་དང་ས་བོན། ཞིང་སྨན།    ཕྱུགས་སྨན། གཟན་ཆས་སོགས་ལ་ལྟ་སྐུལ་དོ་དམ་བྱས་ཏེ། ཐབས་ལམ་མང་པོ་སྤྱད་ནས་མང་ཚོགས་ལ་ཞིང་ལས་རྒྱུ་ཆའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་དང་རྫུན་འབྱེད་རྒྱུན་ཤེས་ཁོང་དུ་ཆུད་པར་བྱེད་པ། མང་ཚོགས་ཀྱིས་བདེ་འཇགས་ངང་སྨན་བཀོལ་བ་དང་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་ལྟར་སྤུས་ཚད་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཁྲིད་སྟོན་བྱེད་པ། སྤུས་ཚད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཞིང་ཕྱུགས་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྫོང་གི་ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ཐད་ཀྱི་དོན་རྐྱེན་འབྱུང་བ་སྔོན་འགོག་བྱ་རྒྱུ་རེད། 


མཉམ་སྤྱོད།
Loading...