དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-14 07:52:22   |   329

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་བར་རྟེན་འབྲེལ་ཞུ་དུས། རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་དཔྱད་འདེམས་གནང་རྒྱུ་ཡིན་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་འབུལ་མཁན་གྱི་བྱས་རྗེས་དཔེ་བཟང་མི་སྣ་ཁག་གཅིག་ལ་གཟེངས་བསྟོད་གཟབ་རྒྱས་བྱ་རྒྱུ་གཏན་འབེབས་བྱས།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཇུས་གཞི》པར་འགྲེམ་བྱས།

  • ཚོང་དོན་པུ་སོགས་སྡེ་ཚན9ཡིས་ཡིག་ཆ་བཀྲམ་སྟེ། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་རྫོང་ཁོངས་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་རྟེན་གཞི་གཏོད་པ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས14བཏོན།

  • ནོར་སྲིད་པུ་དང་ཞིང་ལས་གྲོང་གསེབ་པུས་ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་གྱི་མ་དངུལ་སྒོར་དུང་ཕྱུར8.3གཤམ་སྤྲོད་བྱས་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། སྐྱོན་ཡོད་ཐོན་རྫས་ཚུར་བསྡུའི་ལམ་ལུགས་རང་རྒྱལ་དུ་ལོ20རིང་ལ་ལག་བསྟར་བྱས་ཤིང་། རིམ་རྩིས་བྱས་ན་རླངས་འཁོར་ཚུར་བསྡུ་བྱེད་ཚད་དུང་ཕྱུར1ལས་བརྒལ་ཡོད་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གྲོང་ཁྱེར་བརྒྱའི་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ཀྱི་ཚད་ལེན་དཔྱད་བསྡུར་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། ཝུའུ་ཞི་དང་། ཧང་ཀྲོའུ། ཧྥོ་ཧྲན་བཅས་ས་ཁུལ་གསུམ་གྱི་འཛད་སྤྱོད་པའི་བློ་ཡིད་ཚིམ་ཚད་ཕྱོགས་བསྡུས་སྐར་གྲངས་མཐོ་ཤོས་ཡིན་པ་རེད།

  • རང་རྒྱལ་གྱི་ཁག་བཞི་པའི་འཇིག་རྟེན་འཕུར་སྐྱོད་པའི་གྲ་སྒྲིག་མི་སྣ་འདེམས་སྒྲུག་བྱས་ཚར་ནས་གྲལ་དུ་ཞུགས་གྲབས་ཡོད།

  • ཚེས13ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་དམངས་གཙོ་ཡར་སྐུལ་ཚོགས་པའི་དབང་འཛིན་ལས་ཁུངས་ཀྱིས་གནད་དོན་ཐག་གཅོད་བྱེད་པའི་ལྷག་བསམ་བཏོན་ཚེ། “2·14”གྲུ་གཟིངས་གདོང་གཏུག་ཚབས་ཆེན་བྱུང་བའི་དོན་རྐྱེན་གྱི་རྗེས་འཇུག་གྲོས་མོལ་གཞི་ནས་བསྐྱར་དུ་བྱེད་ཐུབ་ཅེས་བཤད།

  • ཉེ་ཆར་ཀྲུང་གོ་དང་། ཐེ་ལན་དི། འབར་མ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་མོལ་དང་མོས་མཐུན་བྱུང་སྟེ། འབར་མའི་མའོ་ཝ་ཏི་ས་ཁུལ་གྱི་ཀྲུང་གོ་བའི་རྒྱན་འཛུགས་འབྲེལ་ཡོད་མི་སྣ800ལྷག་ཙམ་ཐེ་ལན་དི་བརྒྱུད་ནས་རང་རྒྱལ་དུ་ཕྱིར་སྐྱེལ་བ་རེད།

སྤྱི་ཚོགས།

图片1.jpg

  • ཚེས14ནས17ཉིན་བར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་གྱིས་བྱང་ཕྱོགས་ས་ཁུལ་དུ་ད་ལོའི་དཔྱིད་ཀར་བྱེ་རླུང་གི་གནམ་གཤིས་ཐོག་མ་འཕྲད་རྒྱུ་རེད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་བཅུ་ཡིས་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། སྨན་བཅོས་མངགས་བཅོལ་དང་། ཨང་རྟགས་ཁེ་ཚོང་རྒྱག་མཁན། ནག་སྲུང་ལས་བཟོ་པ་སོགས་ཀྱི་བྱ་སྤྱོད་མཉམ་འབྲེལ་ཐོག་བཅོས་སྒྲིག་བྱ་རྒྱུ་གཏན་འབེབས་བྱས།

  • ཧྲང་ཧའེ་ཡིས་ཟླ5པའི་ཟླ་དཀྱིལ་དུ་སྐབས་དང་པོའི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་གཉེར་རྒྱུ་ཡིན་ཏེ། དེའི་ནང་རང་མོས་རྣམ་པའི་འཁོར་ལོ་ཆུང་གྲས་དང་། ཤུད་པང་ལུས་རྩལ། ཕི་ལི་ཞབས་བྲོ། བྲག་འཛེག་བཅས་རྣམ་གྲངས་བཞི་ཚུད་ཡོད།

  • སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ལ་ཁ་ཕྱོགས་ནས་ཚོགས་རྟགས་དང་། བཀྲ་ཤིས་མཚོན་རྟགས་ཇུས་འགོད་ཇུས་གཞི། བརྗོད་དོན་གཙོ་བོའི་འབོད་ཚིག རོལ་དབྱངས་བརྩམས་ཆོས་བཅས་བསྡུ་རུབ་བྱེད་བཞིན་ཡོད།

  • ཧྲེན་ཀྲེན་གྱིས་རྒྱལ་ཡོངས་ཀྱི་གློག་གསོག་ཆས་ལས་རིགས་ཀྱི་རང་གཅུན་སྤྱི་ཆིངས་ཐོག་མ་དེ་བཏོན་ནས་གློག་གསོག་རིན་མི་དགོས་པའི་དུས་ཚོད་གཅིག་གྱུར་ཐོག་སྐར་མ5ཡིན་པའི་གྲོས་གཞི་བཏོན།

图片2.jpg

  • ཉེ་ཆར། ཅང་སུའུ་ཅིན་ཐན་སན་ཞིང་གྲོང་ཚོའི་གནའ་ཤུལ་ནས་བསྐལ་བ་ཡ་ཐོག་གི་ཉར་ཚགས་ཡག་པོ་བྱུང་བའི་རྡོ་རྒྱ་ཆེ་ཤོས་རྙེད་ཅིང་། ཞེང་ཚད་ལི་སྨི36ཙམ་ཡོད་པ་རེད།

  • ཧྲན་ཏུང་ཧོ་ཙེ་ཉེན་རྟོག་ཕྱོགས་ཀྱིས་རྫུན་མ་འཚོང་བའི་གྱོད་གཞི་ཞིག་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན་གྱིས “ལག་བརྒྱུད་བྱི་ལ” གསར་དུ་བསྒྱུར་ཏེ་སྤུས་རྟགས་གསར་པར་བརྫུས་ནས་དྲ་ཐོག་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི1200ལས་བརྒལ་ཡོད་པ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཐོག་མའི་དངུལ་སྤྲོད་བསྡུར་ཚད་ལེགས་སྒྲིག་བྱས་ཏེ། ཁང་པ་དང་པོ་དང་ཁང་པ་གཉིས་པ་སོ་སོར20%དང30%ལས་མི་དམའ་བ་བྱས་ཡོད།

  • ཧྲང་ཧའེ་ཡིས་རེས་སྐོར་གསར་པའི་ཁ་གསབ་སྲིད་ཇུས་ཁྱབ་བསྒྲགས་བྱས་ཏེ། འཛད་སྤྱོད་པས་འབར་སྣུམ་རླངས་འཁོར་གསར་པའམ་ཡང་ན་ནུས་རྒྱུ་གསར་པའི་གློག་འཁོར་བརྗེས་ཚེ་ཐེངས་གཅིག་ལ་སྒོར2800འམ་ཡང་ན་སྒོར10000ཡི་རླངས་འཁོར་ཉོས་པའི་ཁ་གསབ་རེ་ཞུ་བྱེད་ཆོག

  • ཧྲེན་ཀྲེན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ཏེ། བདེ་སྡོད་རྣམ་པའི་ཚོང་ཟོག་སྡོད་ཁང་གི་རིན་གོང་གསབ་འཇལ་གྱི་ཇུས་གཞི་ཁ་གསལ་བཟོས་པ་དང་། རིན་གོང་གི་ཧེ་བག་གསབ་རྗེས་ཁྲོམ་རར་བཏོན་ནས་ཉོ་ཚོང་བྱེད་ཆོག་པ་རེད།

དེ་རིང་གི་གནམ་གཤིས།

图片3.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་དབུས་བྱང་རྒྱུད། ཞིན་ཅང་གི་ལྷོ་རྒྱུད་ཀྱི་གཞོང་ས། བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཞིན་ཅང་གི་ཇུན་གར་གཤོང་ས་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། སུའུ་ཝན་གྱི་བྱང་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།