དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧོ་པེའི་འབར་གས་དོན་རྐྱེན་ཁྲོད་མི7ཤི་བ་དང་མི27ལ་རྨས་སྐྱོན་ཕོག

2024-03-14 08:47:47   |   262

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཧོ་པེ་ཞིང་ཆེན་སན་ཧོ་གྲོང་ཁྱེར་མཁོ་བསྟུན་དོ་དམ་ཅུ་ཡིས་ཚེས14ཉིན་གྱི་ཐོ་རེངས་ཆུ་ཚོད1ཙམ་ལ་གནས་ཚུལ་ཁྱབ་བརྡ་བཏང་བ་ལྟར་ན། ཚེས13ཉིན་གྱི་ཆུ་ཚོད7དང་སྐར་མ54སྟེང་། ཡན་ཅའོ་གྲོང་རྡལ་གྱི་ཚོང་ཁང་ཞིག་ལ་འབར་རླངས་ཕྱིར་ཤོར་བ་ལས་བྱུང་བའི་འབར་གས་དོན་རྐྱེན་བྱུང་སྟེ་མི7རྐྱེན་ལམ་དུ་ཤོར་བ་དང་མི27ལ་རྨས་སྐྱོན་ཕོག མིག་སྔའི་བར། གཞི་རྩའི་ཆ་ནས་ཡུལ་དངོས་གཙང་བཤེར་ལེགས་གྲུབ་ཟིན་པ་དང་རྨས་མ་ཚང་མ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ། དེའི་ཁྲོད་མི14སྨན་ཁང་ནས་ཕྱིར་བུད། དོན་རྐྱེན་གྱི་རྒྱུ་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་པའི་སྒང་རེད།


མཉམ་སྤྱོད།