མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས28ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་འགྲམ་རྒྱུད་ཀྱི་རྩི་ཤིང་སྣ་ཚོགས།

2024-03-14 10:17:50   |   368

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་དབུས་མཐོ་སྒང་ནི་སའི་གོ་ལའི་གླིང་སྣེ་གསུམ་པ་ཡིན་པའི་ཆ་ནས། ཡུལ་འདིའི་མཚོ་འཕགས་མཐོན་པོས་རྒྱ་ཁྱོན་ཆེ་བའི་མཐོ་སྒང་གི་འཁྱགས་ཀླུང་འགྲམ་རྒྱུད་ཅིག་གྲུབ་ཡོད་ལ། ཚེ་སྲོག་གི་རྒྱུད་འདི་ནི་མཚོ་འཕགས་སྨི3900ནས་སྨི5200ཡི་བར་དུ་ཁྱབ་ཡོད་པ་དང་། སྐམ་སའི་རྩི་ཤིང་སྣ་མང་རང་བཞིན་དར་ཁྱབ་ཆེ་སའི་མཚོ་འཕགས་ཆེས་མཐོ་བའི་ཁོར་ཡུག་མཐར་ཐུག་པ་ཞིག་ཡིན། གནས་འདིའི་སྐྱེ་ཁམས་མ་ལག་ནི་འཁྱགས་ཀླུང་གི་སྨད་འགྲམ་དང་མཐོ་རི་སྤང་སའི་སྟོད་འགྲམ་དུ་ཡོད་པས། མཐོ་རིའི་འཁྱགས་ཀླུང་འགྲམ་རྒྱུད་ཅེས་འབོད། གནས་འདིར་གྲང་ངར་དང་ཐན་སྐམ། སྨུག་ཕྱིའི་འོད་བཅས་འགོག་པའི་ནུས་པ་ཆེས་ཆེར་ལྡན་པའི་མཐོ་སྒང་གི་ཁྱད་ལྡན་རྩི་ཤིང་དཀོན་གྲས་མང་པོ་ཡོད་ལ། སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པ་དང་། ལྡོག་སྲོན་གཞི་རྒྱུ་དང་སྐྱེ་དངོས་ཐོན་ཁུངས་ཀྱི་གཏེར་མཛོད་ཅིག་ཡིན་པས། འདི་ལ“སྦས་པའི་རྩི་ཤིང་གི་རྒྱལ་ཁབ”ཅེས་ཀྱང་འབོད།

༡ བྱ་རྒོད་སུག་པ།

1.png
སྤྲིན་དབྱིབས་བྱ་རྒོད་སུག་པ། པར་ཁུངས། ཞིན་ཅིན་ཚགས་པར།

 འཁྱགས་ཀླུང་འགྲམ་རྒྱུད་ཀྱི་གདུག་རྩུབ་ཆེ་བའི་ནམ་ཟླའི་ཁྱད་ཆོས་དང་བསྟུན་ཆེད། གནས་འདིའི་རྩི་ཤིང་ལ་ཚ་ནུས་དམའ་མོའི་ཆ་རྐྱེན་འོག་འཚར་སྐྱེ་བྱེད་པའི་ནུས་པ་ཁྱད་པར་བ་ཞིག་ཡོད་པར་མ་ཟད། གྲང་ངར་འགོག་པའི་ཁྱད་ཆོས་ཀྱང་ཡོད།

གངས་འཁྱགས་ཀྱིས་བསྡམས་པའི་རྡོ་ཧྲུག་ཐང་ན་ཐར་ཐོར་དུ་སྐྱེས་པའི་རྩི་ཤིང་ཁྲོད་དུ་བྱ་རྒོད་སུག་པ་ལ་རང་ཉིད་ཀྱི“བྱ་སྤུའི་གྱོན་ཆས”ལྡན་པས་གངས་རླུང་ཁྲོད་ཞུམ་པ་མེད་པར་འགྱིངས་ཡོད་ཅིང་། དེའི་གཞུང་རྟ་དང་ལོ་མ། མེ་ཏོག་སོགས་ཀུན་ལ་མདོག་དཀར་པོ་ཅན་གྱི་སྤུ་རིང་བོས་ཁེངས་ཡོད་པ་དང་། སྡོང་རྐང་དམའ་ལ་སྦོམ་པས། རྒྱང་ནས་བལྟས་ན་སྤུ་སོབ་སོབ་ཀྱི་རི་བོང་དཀར་པོ་ཞིག་དང་འདྲ་ལ། ཁོ་ཚོའི་ལུས་ཀྱི་སྤུ་ནི་ཁོ་ཚོ་མཐོ་རིའི་འཁྱགས་ཀླུང་འགྲམ་རྒྱུད་ནས་བདེ་འཇགས་ངང་འཚོ་ཐུབ་པའི་མ་རྩ་ཡིན།

2.png

བྱ་རྒོད་སུག་པའི་སྤུའི་ཆགས་ཚུལ།

༢ གངས་ལྷ་མེ་ཏོག  

3.jpg

བྱ་རྒོད་སུག་པ་ལ་ཚང་མ་ཆ་རྒྱུས་ཆེན་པོ་མེད་ནའང་། ཁོའི“ཤ་ཉེ”སྟེ་གངས་ལྷ་མེ་ཏོག་ནི་མི་ཀུན་ལ་གོ་ཐོས་ཡོད་ངེས་ཏེ། གངས་ལྷ་མེ་ཏོག་དང་བྱ་རྒོད་སུག་པ་གཉིས་ཀ་ལུག་མིག་རྩི་ཤིང་གི་ཚན་དང་སྤུ་ལྡན་ལུག་མིག་གི་ཁོངས་སུ་གཏོགས་ནའང་། ཁོངས་ཕལ་བ་མི་འདྲ་བ་གཉིས་སུ་གཏོགས། གངས་ལྷ་མེ་ཏོག་གི་རྩེ་མོའི་བང་རིམ་དུ་སྐྱི་མོ་དང་འདྲ་བའི་འདབ་མ་ཆེན་པོ་ཞིག་གིས་བཏུམས་ཡོད་ལ། འདབ་མ་ཡོངས་སུ་གྲོལ་ན་རྣམ་པར་བཞད་པའི་མེ་ཏོག་པད་མ་ཞིག་དང་འདྲ། ཡིན་ནའང་བྱ་རྒོད་སུག་པ་ལ་སྐྱི་མོ་དང་འདྲ་བའི་འདབ་མ་དེ་མེད་པར། ལོ་མའི་སྟེང་དུ་རྫོང་མཐུག་པའི་སྤུ་དཀར་པོ་སྐྱེས་ཡོད། གངས་ལྷ་མེ་ཏོག་ལ་ཁོངས་ཕལ་བ་རིགས23ཡོད་པ་དང་། རང་རྒྱལ་དུ་ཁོངས་ཕལ་བ་འདིའི་ཁྲོད་ཀྱི་རྩི་ཤིང་མང་ཆེ་བ་ཡོད། བྱ་རྒོད་སུག་པས་རང་ཉིད་ལ“སྲིང་བལ་གྱི་ལྭ་བ”བཟོས་ཏེ་གྲང་ངར་འགོག་བཞིན་ཡོད་ལ། གངས་ལྷ་མེ་ཏོག་གིས་རང་ཉིད་ལ“ཉི་ཁང”བཟོ་བ་ལ་བརྟེན་ནས་གྲང་ངར་འགོག་བཞིན་ཡོད་པས། གངས་ལྷ་མེ་ཏོག་ལ“དྲོད་ཁང་རྩི་ཤིང”ཞེས་ཀྱང་འབོད།

4.png

གཟའ་བདུད་མགོ་དགུ།


མཉམ་སྤྱོད།