མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས13ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་འབྲེལ་བའི་བརྡ་ཐོ་ཞིག་བཏང་འདུག

2024-03-14 10:14:47   |   173

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར། སློབ་གསོ་པུ་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ། རྒྱལ་ཁབ་རིམས་ནད་ཚོད་འཛིན་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། 2024ལོའི་ཟླ3པར“རྒྱང་སྒྲིབ་ཆགས་ཚད་ཉུང་དུ་ནུས་ལྡན་བཏང་ནས། འོད་སྣང་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་སྲུང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་སློབ་གསོའི་ཟླ་བའི་བྱེད་སྒོ་ཐེངས8པ་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

微信图片_20240314105556.jpg

བརྡ་ཐོའི་ནང་། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སློབ་གསེང་གི་རྒྱུན་གཏན་བྱེད་སྒོ་འགན་ལེན་བྱས་ནས་སློབ་མ་རྣམས་ཕྱི་རོལ་དུ་བྱེད་སྒོ་སྤེལ་བ་དང་རྒྱང་ཐག་རིང་པོར་རྒྱང་ལྟ་བྱེད་པའི་དུས་ཚོད་དེ་བས་མང་བ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་བྱས་འདུག
     བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་གི་སློབ་ཚན་རེ་རེའི་བར་གསེང་དུ་སློབ་མ་སློབ་ཁང་ནས་ཐོན་ཏེ་བྱེད་སྒོ་འོས་འཚམ་སྤེལ་རྒྱུ་དང་ལྷོད་ལྷོད་ངང་སྡོད་རྒྱུ་བཀོད་སྒྲིག་བྱེད་དགོས་པ་དང་། ཉིན་ལྟར་སློབ་གསེང་གི་ལུས་རྩལ་བྱེད་སྒོ་སྐར་མ30ཡན་བཀོད་སྒྲིག་བྱས་ཏེ་མིག་གི་ངལ་དུབ་སེལ་དགོས་ཞེས་བཏོན་པ་རེད།
      སློབ་གྲྭ་འབྲིང་ཆུང་གིས་དྲིལ་སྒྲོག་སློབ་གསོའི་ཟླ་བའི་རིང་མིག་ཤུགས་ལྟ་ཞིབ་ཚད་ལེན་ཐེངས1བྱས་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་དགུན་ཁའི་གུང་གསེང་ཚར་ནས་སློབ་གྲྭར་ཕྱིར་ལོག་བྱས་རྗེས་ཀྱི་མིག་ཤུགས་འགྱུར་ལྡོག་འགྲོ་ཚུལ་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཏེ། མིག་ཤུགས་ལྟ་ཞིབ་ཚད་ལེན་བྱས་འབྲས་དུས་ཐོག་ཏུ་སློབ་མ་དང་ཁྱིམ་བདག་ལ་ལན་སྤྲོད་བྱས་ཡོད། བརྡ་ཐོའི་ནང་། སློབ་གསོ་པུ་མིང་བཏགས་པའི་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བསྒྱུར་བཅོས་ཚོད་ལྟའི་ཁུལ་དང་ཚོད་ལྟའི་རྫོང(གྲོང་ཁྱེར་དང་ཆུས)གིས་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་བསྒྱུར་བཅོས་ཚོད་ལྟའི་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་དུ“འཛིན་གྲྭ་རེར་ཚད་ལྡན་གྱི་མིག་ཤུགས་དཔྱད་རིས་རེ་སྦྱར་བ་དང་། སློབ་གྲྭ་འབྲིང་ཆུང་སློབ་མས་ཉིན་རེའི་སྔ་དྲོ་དང་ཕྱི་དྲོར་མིག་སྲུང་རྩལ་སྦྱོང་ཐེངས་རེ་སྤེལ་བ། འཛིན་གྲྭའི་ནང་ཟླ་བ་རེར་མིག་ཤུགས་རང་དཔྱད་ཐེངས་རེ་སྤེལ་བ། དུས་ཚིགས་རེར་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཁྱབ་གདལ་གྱི་དྲིལ་སྒྲོག་སློབ་གསོ་ཐེངས་རེ་སྤེལ་བ། སློབ་སྐབས་རེའི་དུས་འགོར་ཆེད་དོན་བཀོད་འདོམས་ཐེངས་རེ་སྤེལ་བ། ལོ་རེར་སློབ་གྲྭའི་སློབ་མ་ཡོངས་ཀྱི་མིག་ཤུགས་གནས་ཚུལ་ལ་རྗེས་འདེད་དཔྱད་བསྡུར་དབྱེ་ཞིབ་ཐེངས་རེ་སྤེལ་བ་བཅས་“གཅིག་བྱས་པ་དྲུག”གི་རྒྱང་སྒྲོག་སྔོན་འགོག་ཚོད་འཛིན་གྱི་ཚོད་ལྟའི་ས་ཚུགས་བཙུགས་ནས། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་གསར་པ་དང་ཐབས་ལམ་ནུས་ལྡན་འཚོལ་ཞིབ་དང་ཕྱོགས་བསྡོམས་བྱེད་དགོས་ཞེས་བཏོན་ཡོད།
     ས་གནས་ཁག་གི་སློབ་གསོ་དང་། འཕྲོད་བསྟེན་བདེ་ཐང་། རིམས་ནད་ཚོད་འཛིན་སོགས་སྡེ་ཚན་གྱིས་སྨན་བཅོས་དང་སློབ་གསོ་ཟུང་འབྲེལ་དང་། སྨན་ཁང་དང་སློབ་གྲྭས་མཐུན་སྦྱོར་བྱས་ཏེ་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་སྒྲོག་འགྲེལ་ཚོགས་པ་དང་། མིག་ནད་ཚན་ཁག བྱིས་པའི་མིག་བདེ་སྲུང་བཅས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་སློབ་གྲྭ་འབྲིང་ཆུང་དང་། བུ་བཅོལ་ཁང་། སྡེ་ཁུལ་བཅས་སུ་བསྐྱོད་དེ་རྒྱང་སྒྲིབ་སྔོན་འགོག་དང་ཚོད་འཛིན། མིག་ཤུགས་བདེ་ཐང་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ་བ་དང་མིག་ནད་ཚན་པའི་འོས་འགན་སྨན་བཅོས་བྱེད་སྒོ་བཅས་སྤེལ་ནས་ཚན་རིག་དང་མཐུན་པའི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དང་ཚད་མཐོའི་རྒྱང་སྒྲིབ་ཀྱི་གནོད་འཚེ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། བྱིས་པ་ཚོར་མིག་སྤྱོད་པའི་གོམས་གཤིས་བཟང་པོ་ཆགས་པར་རོགས་རམ་དང་། སྨན་བཅོས་ཚན་པས་སློབ་གྲྭའི་སློབ་མའི་མིག་ཤུགས་བརྟག་དཔྱད་དང་འདྲི་རྩད་ཁྲིད་སྟོན་འདེགས་སྐྱོར་བྱེད་པར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་པ་དང་། མི་ཤུགས་ཞན་པའི་སློབ་མས་དུས་ཐོག་ཏུ་ཡོ་བསྲང་སྨན་བཅོས་བྱ་རྒྱུར་མཛུབ་ཁྲིད་བཅས་བྱས་ནས། རྒྱང་སྒྲིབ་སྔ་ཙམ་ནས་སྔོན་འགོག་དང་སྔ་ཙམ་ནས་ཤེས་རྟོགས། སྔ་ཙམ་ནས་ཐེ་ཇུས། སྔ་ཙམ་ནས་ཡོ་བསྲང་སྨན་བཅོས་བཅས་ཐུབ་པ་བྱེད་དགོས།

     བརྡ་ཐོའི་ནང་། ས་གནས་ཁག་གི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་ལ་མིག་ཤེལ་བཟོ་སའི་ཚད་འཇལ་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཐོན་རྫས་ཀྱི་སྤུས་ཚད་ཐད་ཁྲིམས་འཛིན་གཏིང་ཟབ་བྱེད་པ། རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་དྲིལ་སྒྲོག་རྫུན་མ་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་ཐོན་རྫས་ཀྱི་ནོར་ཁྲིད་རང་བཞིན་གྱི་གཉེར་ཚོང་དྲིལ་སྒྲོག་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།


མཉམ་སྤྱོད།