དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིན་ཡོན་གྱིས་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱིA5རིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་།

2024-03-15 15:48:42   |   633

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིན་ཡོན་གྱིས་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱིA5རིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་པའི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། གསར་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། ཚད་གཞི་གཏོད་པའི་བྱ་བའི་མཉམ་ཤུགས་ཆགས་པ། ཞན་ཆ་ཁ་གསབ་དམ་འཛིན་བཅས་བྱས་ནས་སྔ་མོ་ནས་གསར་གཏོད་ཀྱི་ལས་འགན་ལེགས་སྒྲུབ་བྱ་དགོས་པ་ནན་བཤད་གནང་།

1.jpg

ཀྲང་ཧྲིན་ཡོན་འཁོར་དང་བཅས་པ་སྔ་རྗེས་སུ་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱི་གནས་སྐོར་ཞབས་ཞུ་ལྟེ་གནས་དང་ཀྲུང་གོའི་རྡུལ་ཕྲན་མཁར་རིག་གནས་གསར་གཏོད་ལྟེ་གནས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། ཡན་ལག་བཟོ་གྲྭ་དང་པོ། མདེལ་འཇོག་ས་ཚིགས། འགད་གཏོར་ཚོད་ལྟ་ར་བའི་སྒྲིག་བཀོད། འཁོར་སྐྱོར་ཞབས་ཞུའི་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་ཤིང་། A5རིམ་པའི་ལྗོངས་ཁུལ་གཏོད་པའི་ཁྲོད་འབྱུང་བཞིན་པའི་གནད་དོན་ལ་བརྟག་ཞིབ་བྱས་ནས་ཡུལ་དངོས་སུ་འགན་འཁྲི་ཁག་བགོས་ཁ་གསལ་དང་དུས་བཅད་ནང་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

222.jpg

ཀྲང་ཧྲིན་ཡོན་གྱིས་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱིA5རིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་པའི་ལས་དོན་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ལ་སྐུལ་འདེད་དང་། དག་སྣང་མཚོ་བྱང་གི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་བ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གཏོད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ལྗོངས་ཁུལ་བདག་གཉེར་མཁན་གྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱིA5རིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་པའི་ལས་དོན་དེ་མིག་སྔའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་རང་འགན་རང་འཁུར་དང་གཞོགས་འདེགས་གང་ལེགས་བྱས་ཏེ་ལས་དོན་ཁག་སོ་སོར་ཕན་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ལྗོངས་ཁུལ་གྱི་མཉེན་ཆས་དང་མཁྲེགས་ཆས་སྤྱི་ཡོངས་ནས་ལེགས་སུ་གཏོང་དགོས། ཡན་ལག་བཟོ་གྲྭ་དང་དྲན་གསོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ཏེ་གསར་བརྗེའི་རྡུལ་ཕྲན་མཁར་དང་འཆར་ཡན་གསེར་དངུལ་ཐང་གི་རྩེར་སོན་གནས་སྐོར་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ནས་ལྗོངས་ཁུལ་གྱི་ནང་དོན་མུ་མཐུད་དུ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། A5རིམ་པ་གཏོད་པའི་ལས་འགན་དུས་བཅད་ལྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མདའ་བཞི་རྫོང་དང་འབྲེལ་ཡོད་སྡེ་ཁག་གིས་ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་གྱི་ཆེད་དོན་བརྟག་ཞིབ་དང་ །ཞིང་ཆེན་དང་ཁུལ་ཨུ། ཁུལ་སྲིད་གཞུང་གིས་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱིA5རིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་རྒྱུའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་དགོས། ཞིང་ཆེན་དང་ཁུལ་གྱིས་གཏན་འབེབས་བྱས་པའི་གསེར་དངུལ་ཐང་རྡུལ་ཕྲན་མཁར་གྱི5Aརིམ་པའི་གནས་སྐོར་ལྗོངས་ཁུལ་གཏོད་པའི་ལས་བགོས་ལས་འགན་དོན་འཁྱོལ་ནན་ཏན་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། རིམ་པ་བཞིན་འགན་འཁྲི་དབྱེ་འབྱེད། ལས་རྣམ་གསར་གཏོད་དང་ཉམས་ལེན་ཕུན་ཚོགས་སུ་གཏོང་དགོས། 5DདངVRསོགས་ཉམས་ལེན་རྣམ་གྲངས་ནང་འདྲེན་བྱས་ནས་གནས་སྐོར་བས་ཚན་རྩལ་གྱི་བྱེད་ཐབས་བརྒྱུད221བཟོ་གྲྭའི་བཟོ་ཁུལ18ཀྱི་གསར་བརྗེའི་ནང་དོན་སོགས་མཚོ་བྱང་གི་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ལ་ཉམས་ལེན་གང་ལེགས་བྱས་ཏེ་ལྟ་སྐོར་མང་བ་དང་ཉམས་ལེན་ཉུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། མདའ་བཞི་རྫོང་དང་གསེར་དངུལ་ཐང་གནས་སྐོར་སྤྱི་གཉེར་གྱིས་ཁེ་ལས་དང་མང་ཚོགས་བར་གྱི་འབྲེལ་གཏུག་ལས་དོན་ཡག་པོ་བསྒྲུབ་དགོས། ལྗོངས་ཁུལ་གྱི་ཨར་སྐྲུན་ལས་དོན་གང་མགྱོགས་ངང་གཅིག་གྱུར་ཡོང་བ་བྱས་ཏེ་ཡན་ལག་བཟོ་གྲྭ་དང་པོའི་མཐའ་སྐོར་ཁེ་ལས་ཀྱི་ཁོར་ཡུག་བཅོས་སྒྲིག་དང་འགད་གཏོར་ཚོད་ལྟ་ར་བ་སོགས་མཛེས་ལྗོངས་ཁུལ་གྱི་ཉེ་འཁོར་གྱི་རོང་འབྲོག་པའི་སྡོད་ཁང་ལེགས་སུ་གཏོང་བའི་ལས་དོན་ལེགས་པར་བསྒྲུབ་ནས་ཁེ་ལས་ཀྱི་བཟོ་གྲྭའི་ཁུལ་དང་། རོང་འབྲོག་པའི་སྡོད་ཁང་དང་མཛེས་ལྗོངས་ཁུལ་ཕན་ཚུན་མཐུན་སྦྱོར་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་རྣམ་གསར་གཏོད་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་རོགས་འདེགས་བྱ་དགོས་པ་ནན་བཤད་གནང་།

3.jpg

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་དང་ཁུལ་ཨུའི་དྲིལ་སྒྲོག་པུ། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན། ཁུལ་དང་རྫོང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མཚོ་སྔོན་གསེར་དངུལ་ཐང་གནས་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་ལེན་སྤྱི་གཉེར་དང་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་བརྟག་ཞིབ་ལ་འགྲོ་རོགས་བྱས།


མཉམ་སྤྱོད།