མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-18 08:48:23   |   1262

སྒྲིག་སྒྱུར།  སངས་རྒྱས་སྐྱིད།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་དཔར་འགྲེམས་བྱས་ཏེ། 2025ལོར་སླེབས་སྐབས་སྐྱེ་ཁམས་ཁོར་ཡུག་ཁུལ་གྱི་དོ་དམ་ཚོད་འཛིན་ལམ་ལུགས་གཞི་རྩའི་ཆ་ནས་ཆགས་དགོས་ཟེར།

  • 2024ལོར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་ཐོན་སྐྱེད་ཀྱི་མགོ་ཡག་པོ་ཞིག་བཙུགས་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་གཉིས་པར་རྒྱལ་ནང་གི་ཁྲོམ་རའི་སྐྱེལ་འདྲེན་གཞི་ཁྱོན་དུས་མཚུངས་ལས30.5%འཕར་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། “གྲགས་གསལ་ལེགས་གསར”བཅས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི15ལྷག་ཙམ་ཚོད་ལྟ་བྱས་ནས་སྐྱེད་སྲིང་བྱས་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་དུ་ཕྱིར་གཏོང་ནང་འདྲེན་གྱི་ཟིན་ཐོ་ཡོད་པའི་ཕྱི་ཕྱོགས་ཉོ་ཚོང་གཉེར་སྐྱོང་བྱེད་པོ་ཁྲི60ལས་ཐོག་མར་བརྒལ་ཡོད།

  • ད་ལོའི་ཟླ་དང་པོ་ནས་གཉིས་པའི་བར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་ཀྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་གྱི་གྲངས་གནས་གཉིས་འཕར་ནས་ཕྱི་ཕྱོགས་ཚོང་དོན་ཐད“མགོ་ཡག་པོ་ཚུགས”ཐུབ་པ་བྱུང་ཡོད།

1.jpg

  • ཚེས17ཉིན། ཟླ་དཔྱད་ལས་གྲྭའི་དུས་ཐེངས་བཞི་པའི་སྐྱ་ཟམ་ཨང་གཉིས་པའི་བར་མཐུད་སྲུང་སྐར་དང་རྒྱང་སྐྱོད་རྟགས་ཅན་བརྒྱད་པའི་རྒྱང་ཚོར་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀྲུང་གོའི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་ལག་རྩལ་ཁུལ་གྱི་འབྲེལ་ཡོད་ལས་དོན་ལེགས་འགྲུབ་བྱུང་བ་དང་། སྐར་མདའ་མཉམ་སྒྲིག་གཟུགས་ཐད་ཀར་འཕེན་གཏོང་ཁུལ་དུ་བརྒྱུད་འདྲེན་བྱས་ནས་ཉེ་ཆར་གོ་སྐབས་བདམས་ནས་འཕེན་གཏོང་བྱ་རྩིས་ཡོད་པ་རེད།

2.jpg

  • ཚེས17ཉིན། ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པར་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་ཨང2000པ་བཏང་ཞིང་། ཉིན14ཡི་སྔོན་ལ་དུས་ཚིགས་དང་པོའི་དུས་གཏན་མེ་འཁོར་གཏོང་བའི་ལས་འགན་ལེགས་འགྲུབ་བྱས།

  • ས་གནས་དེ་གའི་ཚེས17ཉིན། ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་དོན། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཅ་ཧྲའི་མི་ཁྲི3.16ལྷག་ཙམ་རྐྱེན་ལམ་དུ་ཤོར་དུ་བཅུག་ཡོད་ཟེར།

    སྤྱི་ཚོགས།

  • ཆུ་བེད་པུའི་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། རིམ་རྩིས་བྱས་ན་རྨ་ཆུའི་རྒྱ་ཁྱོན་ལས་སྟོང་སྨི418.9ཙམ་གྱི་དར་ཁ་ཕྱེས་ཟིན་པ་དང་། སྔོན་དཔག་བྱས་ན་ཚེས22ཉིན་ཡས་མས་སུ་བཞུར་རྒྱུན་ཧྲིལ་བོའི་དར་ཁ་ཕྱེས་ཚར་རྒྱུ་རེད།

  • ཚེས16ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་ཧྲ་ཏེ་གྲོང་རྡལ་དུ་ནགས་ཚལ་མེ་སྐྱོན་ཐོན་ཞིང་། ཚེས17ཉིན་གྱི་ཆུ་ཚོད15བར་ཡུལ་དངོས་ཀྱི་རླུང་ཤུགས་ཅུང་ཆེ་བས་མེ་གསོད་ཀྱི་ཆ་རྐྱེན་འཛོམས་མེད་པས་འཐབ་ཕྱོགས་ཁག་གི་མེ་གསོད་དཔུང་ཁག་རི་འདབས་ཀྱི་བདེ་འཇགས་ས་ཁོངས་སུ་ཕྱིར་འཐེན་བྱས་ནས་བཀའ་སྒུག་བྱས་ཡོད།

  • ཚེས16ཉིན་གྱི་ཆུ་ཚོད23ཙམ་ལ། ཡུན་ནན་ལིན་ཚང་རི་བོའི་མེ་བསད་ཟིན། མེ་གསོད་པའི་བརྒྱུད་རིམ་ཁྲོད་མེ་གསོད་མི་སྣ་གསུམ་གྱི་རང་སྲོག་ཤོར་བ་དང་མི་གཅིག་ལ་རྨས་སྐྱོན་ཕོག

  • ཧེ་ལུང་ཅང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ལི་ཞན་ཀང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

3.jpg

  • ཚེས17ཉིན། ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་ཝང་ཁྲུའུ་ཆིན་དང་ཝང་མན་ཡུས་ལWTTསིང་ཀ་ཕོར་གྱི་སྐྱེས་པའི་རྐྱང་རྒྱག་དང་བུད་མེད་རྐྱང་རྒྱག་གི་ཨང་དང་པོ་སོ་སོར་ཐོབ་ཡོད།

4.jpg

  • སི་ཁྲོན་གཤོང་སའི་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་སྟོང་ཟིན་པའི་རླངས་ཞིང་གཞན་ཞིག་སྟེ་ཁྲོན་ནུབ་རླངས་ཞིང་ཕྱོགས་ཡོངས་ནས་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན་ལོའི་ཐོན་ནུས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར20ཟིན་རྒྱུ་རེད།

  • ཚེས10ཉིན། ཧོ་པེ་ཧན་ཏན་གྲོང་ཁྱེར་ཧྥེ་ཤང་ཆུའི་དམའ་འབྲིང་དང་པོའི་སློབ་མ་ཝང་ཆེ་གེ་མོ་མི་གཞན་གྱིས་བསད། ས་གནས་དེ་གས་བརྡ་ཁྱབ་བཏང་བར་གཞིགས་ན། གྱོད་འབྲེལ་ཉེས་གསོག་དོགས་ཅན་ཚང་མ་འཛིན་བཟུང་བྱས་པ་དང་ད་ཆ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད།

  • ཚེས16ཉིན། བྱིས་པ་ཞིག་གིས་ཁྲེང་ཏུའུ་དོམ་ཁྲའི་རྟེན་གཞིར་ལྟ་སྐོར་བྱེད་སྐབས་དོམ་ཁྲའི་སྟེང་ལ་ཚ་ལུ་མའི་ཤུན་པགས་གཡུགས་པས། དེའི་ལྟ་སྐྱོང་བྱེད་མཁན་ལ་ལོ་ལྔའི་ནང་སླར་ཡང་དོམ་ཁྲའི་རྟེན་གཞིར(དོམ་ཁྲའི་གྲོག་རོང)ལྟ་སྐོར་བྱེད་མི་ཆོག་པའི་ཆད་པ་བཅད།

  • ཏ་ལེན་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཉེན་བརྡ་བཏང་དོན། ཚེས17ཉིན་གྱི་ཆུ་ཚོད16ནས་ཚེས24ཉིན་གྱི་ཆུ་ཚོད16བར་པོ་ཧའེ་མཚོ་འགག་གི་ཧོང་ཧའེ་བྱང་རྒྱུད་དུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་མཚོ་བསྐྱོད་བྱེད་མི་ཆོག

    སྲིད་ཇུས།

  • ཧྲང་ཧའེ་ཡིས་ཡིག་ཆ་བཀྲམ་སྟེ། སློབ་གྲྭས་སློབ་ལོ་རེར་སེམས་ཁམས་བདེ་ཐང་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་དཀའ་ངལ་ཡོད་པའི་བྱིས་པར“སློབ་མ་གཅིག་ལ་ཐབས་ཇུས་གཅིག”གི་སེམས་ཁམས་བདེ་ཐང་ཡིག་ཚགས་བཟོ་དགོས་པའི་བླང་བྱ་བཏོན།

  • ཨན་ཧུའེ་ཡིས་ཡིག་ཆ་བཀྲམ་སྟེ། 2025ལོར་ཞང་གྲོང་འཕྲོད་བསྟེན་ཁང་རེར་ཉུང་མཐར་ཡང་ཆེད་བསྐོས་ཀྱི་སྤྱི་པའི་འཕྲོད་བསྟེན་སྨན་པ་རེ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

  • ཅང་སུའུ་ཁྲང་ཀྲོའུ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་གིས“ཐོ་འགོད་ཐེངས་གཅིག་བྱེད་པ་དང་ཉིན་གསུམ་ནང་བསྐྱར་དུ་སྨན་བཅོས་བྱེད་པར་ཨང་རྟགས་འགོད་མི་དགོས་པའི་”སྲིད་ཇུས་ལག་བསྟར་བྱེད་དགོས་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ཡི་ཤར་ལྷོའི་རྒྱུད། ཧོ་པེའི་བྱང་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ནུབ་བྱང་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཧོང་ཧོའེ་ཡི་ནུབ་རྒྱུད། ཅང་ཧོའེ་ཡི་ནུབ་རྒྱུད། ཅང་ཧན། འབྲི་ཆུའི་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ལྷོའི་ས་ཆ་མང་ཆེ་བ། ཐའེ་ཝན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད།


མཉམ་སྤྱོད།