དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

«འབྲོང་གླིང་སྲིད་པའི་གནའ་སྒྲུང»དངོས་སུ་པར་འགྲེམས་བྱས།

2024-03-18 08:32:08   |   5576

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་སྔོན་ཞིང་ཆེན་གླིང་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་ལེགས་སྒྲིག་དང་རྩོམ་སྒྲིག་བྱས་པའི《འབྲོང་གླིང་སྲིད་པའི་གནའ་སྒྲུང་ལྡོང་ལྷ་སྨུག་པོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ》ཞེས་པ་དེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་།  《འབྲོང་གླིང་སྲིད་པའི་གནའ་སྒྲུང་ལྡོང་ལྷ་སྨུག་པོའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ》ཞེས་པ་དེ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་སྒྲུང་པ་བློ་བསྟན་འཛིན་ཉི་མས་རྩོམ་འབྲི་བྱས་པ་དང་། ཁྱོན་ལེའུ8དང་ཡིག་འབྲུ་ཁྲི24ཡོད་ཅིང་། དེའི་ནང་སྲིད་པའི་ཆགས་རབས་དང་གླིང་གི་བྱུང་རབས་སོགས་ནང་དོན་ཕུན་སུམ་ཚོགས་པོ་ཡོད།

微信图片_20240318103418.jpg

སྲོལ་རྒྱུན་གྱི《གླིང་སྒྲུང》སྒྱུ་རྩལ་པའི་སྒྲུང་གཏམ་དང་མི་འདྲ་བར། དཔེ་དེབ་འདིའི་ནང་ལོ་རྒྱུས་དང་ངག་རྒྱུན་ཟུང་དུ་འབྲེལ་ནས་གླིང་གི་བྱུང་རབས་ཀྱི་དོན་རྐྱེན་གཙོ་བོ་ཁག་གཅིག་བརྗོད་ཡོད་པ་དང་། ཚིག་ཉུང་ལ་དོན་གསལ་བ་དང་། གོ་རིམ་གསལ་ཆེ་ལ་གྲུབ་གཞི་ཚགས་དམ་པ། འཚོ་བའི་ཉམས་འགྱུར་དང་ཡུལ་སྲོལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ལས་ལོ་རྒྱུས་སྙན་ངག་ཁྱབ་གདལ་ས་ཁོངས་ཀྱི་རིག་གནས་ཁྱད་ཆོས་མངོན་གསལ་དོད་པ་དང་། ལེའུ་དང་ས་བཅད་དབྱེ་བ་འབྱེད་པའི་དེ་སྔའི《གླིང་སྒྲུང》དང་བསྡུར་ཚེ་ཞིབ་འཇུག་བྱེད་པའི་ཐད་ཁ་གསབ་ཀྱི་དོན་སྙིང་ངེས་ཅན་ལྡན་ཡོད།

微信图片_20240318103425.jpg


མཉམ་སྤྱོད།