དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་མཐོར་འདེགས་སུ་བཏང་།

2024-03-18 11:47:07   |   267

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོ་ནས་བཟུང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནས《ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བའི་སྲོལ་ཡིག》དོན་འཁྱོལ་བྱས་ནས།“དགོས་མཁོ་ཆེ་བ་དང་སྤྱོད་གོ་ཆོད་པ། ཕན་འབྲས་ཐོན་པ”བཅས་བརྒྱུད་དེ་ལས་བྱེད་པའི་དཔུང་སྡེའི་གཞི་སྤུས་དང་ནུས་པ་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བས་རྫོང་ཡོངས་ཀྱི་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་བྱ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།

དགོས་མཁོ་ཆེ་བ་དེ“འཚེམ་ཁབ”ཏུ་བརྩིས་ནས་གསོ་སྦྱོང་གི་ནང་དོན་གནད་ལ་འཁེལ་བར་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། ཁྲིད་ཚན་སྤུས་ལེགས་ཁག་གསུམ་གསར་དུ་བཏོད་དེ་ཞིང་ཆེན་དང་ཁུལ་གྱི་ཆེད་མཁས་དགེ་རྒན་ཆེན་མོ10རྐང་ཚ་རུ་གདན་དྲངས་ནས་འཆད་ཁྲིད་བྱས་པ་དང་། ལས་བྱེད་པ30དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དུ་སློབ་སྦྱོང་བྱེད་པར་བདམས་མངགས་བྱས། བདམས་མངགས་གསོ་སྦྱོང་བྱ་ཡུལ་གནད་དུ་འཁེལ་ཞིང་རྩ་འཛུགས་ཀྱི་གསོ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས། རིམ་རྩིས་བྱས་ན་རྩ་འཛུགས་སྡེ་ཁག་གི་གསོ་སྦྱོང་ཐེངས12ལ་མི25དང་ལས་སྒོ་གཙོ་གཉེར་སྡེ་ཁག་གི་གསོ་སྦྱོང་ཐེངས10ལ་མི32དང་ཁུལ་རིམ་པའི་གསོ་སྦྱོང་ཐེངས5ལ་མི20བཅས་ཞུགས་ཡོད།    

སྤྱོད་གོ་ཆོད་པ་དེ“ཁྲིད་སྐུད”དུ་བརྩིས་ནས་གསོ་སྦྱོང་གི་རྣམ་པ་གསར་བ་བཙུགས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སོགས་ཐེངས3ལ་གཉེར་ཞིང་།    ཁྱོན་སྡོམ་མི300ལྷག་ཞུགས་ཡོད། ཞིང་ཆེན་དང་ཁུལ་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་གདན་དྲངས་ཏེ་གྲོང་གསེབ་དར་སྤེལ་སོགས་ཀྱི་འཆད་ཁྲིད་བྱས་ཤིང་། རིམ་རྩིས་བྱས་ན་ཐེངས14ལ་སྒྲོག་འགྲེལ་བྱས་པར་མི329གསོ་སྦྱོང་ལ་ཞུགས་ཡོད།   རྫོང་ཕྱིའི་ཏང་གི་སློབ་གྲྭར་མཉམ་འབྲེལ་བྱས་ནས་གསོ་སྦྱོང་འཛིན་གྲྭ་བསྡུས་ཤིང་། ཏང་གཤིས་སློབ་གསོ་ཐེངས52ལ་སྤེལ་བར་ཁྱོན་སྡོམ་མི2068ཟིན་ཡོད། དྲ་བའི་གསོ་སྦྱོང་ཐེངས5ལ་སྤེལ་བར་མི1239ཞུགས་ཏེ་ཁའོ་རིམ་པའི་ལས་བྱེད་པའི་གསོ་སྦྱོང་གིས་ཁྱབ་ཚད100%ཟིན་ཡོད།

ཕན་འབྲས་ཐོན་པ་དེ“མཐིལ་རས”སུ་བརྩིས་ནས་གསོ་སྦྱོང་སྤུས་ཚད་ཇེ་ལེགས་སུ་བཏང་།  “སྒྲིག་འཛུགས་པ་དང་  ལྟ་སྐུལ་པ། འཛིན་བདག”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད་དོ་དམ་ལམ་ལུགས་བཙུགས་ནས“ལས་བཤེར་དང་གྲལ་འབྲངས”ཀྱི་སློབ་མའི་དོ་དམ་བྱེད་སྟངས་སྤྱད་དེ། ནན་ཏན་སྒོས《གསོ་སྦྱོང་སློབ་མའི་ཐོ་འགོད་རེའུ་མིག》བྲིས་ནས《སློབ་མའི་ཁས་ལེན་ཡི་གེ》ཁག621ལ་མིང་རྟགས་བཀོད་པ་དང་། གསོ་སྦྱོང་སྒྲིག་ཁྲིམས་ཀྱི་དྲན་སྐུལ་ཚོགས་འདུ་ཐེངས12འཚོགས་ཏེ་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་གི་ཚད་ལྡན་ཅན་དང་ཚན་རིག་ཅན། ནུས་ལྡན་ཅན་བཅས་ཀྱི་འཁོར་བསྐྱོད་ལ་སྐུལ་འདེད་བཏང་ཡོད།


མཉམ་སྤྱོད།