དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མདོ་ལའི་སྟོང་སོ་ནགས་ཀླུང་གི་ཁ་བའི་མཛེས་ལྗོངས་པིར་གྱིས་བྲིས་པ་ལྟར་མཛེས་ཤིང་སྡུག

2024-03-18 15:08:53   |   2620

སྒྲིག་སྒྱུར།  དམ་ཆོས་བསམ་འགྲུབ།     ཡོང་ཁུངས།   ཀྲུང་དབྱང་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་མཐའ་ཡས་པའི་སྟོང་སོའི་ནགས་ཀླུང་ཁ་བའི་འདབ་མས་གཡོགས་འདུག་པ་དང་། ཀྲོང་ངེར་འགྱིང་བའི་ཐང་ཤིང་རེ་རེ་ནི་མཛེས་ཤིང་ཡིད་དུ་འོང་བའི་དངུལ་དཀར་གྱི་བརྐོས་བརྙན་དུ་གྱུར། ས་ངོས་ནི་འཇམ་ཞིང་མཉེན་པའི་ས་གདན་ནགས་ཚལ་ཧྲིལ་པོར་བཏིང་བ་དང་ཀུན་ནས་མཚུངས་ཤིང་། ས་འདམ་གྱི་ཚབ་ཏུ་ཁ་བའི་ས་གདན་གྱིས་གཡོགས་འདུག ཉི་མ་སྤྲིན་གསེབ་ནས་གངས་ཀྱིས་གཡོགས་པའི་འཇིག་རྟེན་འདིར་འཕྲོས་པ་ན། འཇམ་ཞིང་མཉེན་པའི་སྣང་བ་ཞིག་སྒོ་ཀུན་ནས་འཆར་ཡོང་ངོ་།


མཉམ་སྤྱོད།