དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཕུའུ་ཅིང་ཨུ་རུ་སུའི་ཙུང་ཐུང་ལ་བདམས་ཐོན་བྱུང་།

2024-03-18 10:39:54   |   2541

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240318150715.jpg

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་སྤྱོད་སྣེ་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཨུ་རུ་སུའི་ཀྲུང་དབྱང་འདེམས་བསྐོ་ཨུ་ཡོན་ལྷན་ཁང་གིས་ས་གནས་དེ་གའི་དུས་ཚོད་ཚེས17ཉིན་གྱི་དགོང་མོར་བསྡོམས་རྩིས་བྱས་ཟིན་པའི་ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་འདེམས་ཤོག60.01%ནང་ད་ལྟའི་ཙུང་ཐུང་ཕུའུ་ཅིང་ལ་འདེམས་ཤོག་ཐོབ་ཚད87.26%ཟིན་པ་ཁྱབ་བསྒྲགས་བྱས་པ་རེད། ཨུ་རུ་སུའི་ཙུང་ཐུང་འདེམས་བསྐོའི་བཅའ་ཁྲིམས་ལ་གཞིགས་ན་འདེམས་ཤོག་ཕྱེད་ཀ་ཡན་ཐོབ་མཁན་བདམས་ཐོན་བྱུང་བ་རེད།

ཨུ་རུ་སུའི་ད་ལྟའི་ཙུང་ཐུང་ཕུའུ་ཅིང་གིས་ས་གནས་དེ་གའི་དུས་ཚོད་ཚེས18ཉིན་གྱི་ཐོ་རེངས་སུ་གསར་འགོད་པའི་ཚོགས་འདུ་འཚོགས་ནས་འདེམས་དམངས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་འགན་ཡུན་གསར་པའི་ནང་རྒྱལ་ཁབ་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།


མཉམ་སྤྱོད།