མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-03-19 07:44:12   |   1928

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ3པའི་ཚེས18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུའུ་ཅིང(普京)ལ་གློག་འཕྲིན་བཏང་ནས་ཁོང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ལ་བསྟུད་མར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་དང་གཉིས་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར14870ཟིན། དུས་མཚུངས་ལས8.3%འཕར་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཚེས18ཉིན《ཁྲལ་བསྡུའི་དོ་དམ་ལ་གནོད་འཚེ་གཏོང་བའི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་བྱེད་པར་སྤྱོད་རྒྱུའི་བཅའ་ཁྲིམས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་འགྲེལ་བཤད》ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་དུ“སྲིབ་ཉིན་གན་རྒྱ”འཇོག་པ་ནི་ཁྲལ་གཡོལ་བྱེད་ཐབས་ཡིན་པ་གསལ་པོར་བཀོད་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ནང་སོག་དང་། ཀྲེ་ཅང་། སི་ཁྲོན་བཅས་ཞིང་ཆེན་གསུམ་སྨན་བཅོས་ཞབས་ཞུའི་རིན་གོང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཚོད་ལྟའི་ཞིང་ཆེན་དུ་བཞག་ནས་ཞིང་ཆེན་ཡོངས་སུ་ཚོད་ལྟ་བྱ་རྒྱུ་རེད།

  • ད་ལོའི་ཟླ་དང་པོ་དང་གཉིས་པར་རང་རྒྱལ་གྱིས་འཕྲུལ་གློག་ཐོན་རྫས་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི2.22ཕྱིར་གཏོང་བྱས་ཤིང11.8%འཕར་ཡོད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་དུས་ཀྱི་སློབ་དུས་མགོ་ཚུགས་ཚུན་ས་གནས་ཁག་གི་མཐོ་སློབ་ཁག་གིས་རིམ་རྩིས་བྱས་ན་ལས་གནས་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས8403སྤེལ་ཞིང་ལས་གནས་ཆ་འཕྲིན་ཁྲི185.4ལྷག་ཙམ་མཁོ་འདོན་བྱས་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རང་རྒྱལ་གྱིས་རྒྱལ་ཁབ་བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ལྟེ་གནས29བསྐྲུན་ཡོད།

11.jpg

  • མིག་སྔའི་བར་ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭས་རིམ་རྩིས་བྱས་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར700དྲངས་པ་དང་། མི་འབོར་དུང་ཕྱུར1.76ལ་ཕན་ཐོགས་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་གཉིས་པར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར339ཡིPM2.5ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ45ཡིན་པ་དང་། དུས་མཚུངས་ལས2.2%ཆག་ཡོད།

    སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་དབང་གིས་ཚེས18ཉིན་གྱི་མཚན་མོ་ནས་ཚེས19ཉིན་བར་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ཧྭ་བྱང་གི་ལྷོ་རྒྱུད་སོགས་སུ་དྲོད་ཚད4~6℃དམའ་རུ་འགྲོ་བ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་གི་བྱང་རྒྱུད་དང་ནུབ་རྒྱུད་སོགས་སུ་ས་རྡུལ་འཐིབ་པའི་གནམ་གཤིས་ཡོད།

  • རོགས་སྐྱོབ་སྟོབས་ཤུགས1200ལྷག་ཙམ་གྱིས་ཛ་དྲག་ངང་མེ་གསོད་བྱས་པ་བརྒྱུད། ཚེས18ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་གི་ནགས་ཚལ་མེ་སྐྱོན་བདེ་བླག་ངང་ཞི་ཐབས་བྱས་ཤིང་། མེ་ཁུངས་ཨང་དང་པོའི་མེ་བསད་ཐུབ་པ་བྱུང་།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཉེ་དུས་བཟའ་བཅའི་བདེ་འཇགས་ལྟ་སྐུལ་འཐེན་བཤེར་སྒྲིག་འཛུགས་བྱས་ཏེ། དངོས་དཔེ་ཁག1187ཞིབ་བཤེར་བྱས་པ་ལས་དངོས་དཔེ་ཁག19ཚད་གཞིར་ལོན་མེད། ཞིབ་འཕྲིན།

    22.jpg

  • ས་གནས་དེ་གའི་ཚེས17ཉིན། ལིན་ཞའོ་ཡུས་དང་། ལིའུ་ཧྲའོ་ལིན། ལིའུ་ཧྲའོ་ཨང་། སུན་ལུང་བཅས་ལས་གྲུབ་པའི་ཀྲུང་གོའི་རུ་ཁག་གིས་ལམ་ཐུང་མྱུར་ཤུད་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་སྐྱེས་པའི་སྨི5000ཡི་རྒྱུག་མཐུད་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ4བླངས་ཏེ་ད་ཐེངས་ཀྱི་འཛམ་གླིང་ལེགས་སྐྱེས་འགྲན་སྡུར་གྱི་རྒྱང་སྐྱོད་མཇུག་གྲིལ།

  • རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་ལིའུ་ཧྥེང་(པུ་ཀྲང་གཞོན་པ་)ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཧྲའན་ཞི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་རེན་གཞོན་པ་ལི་ཅིན་ཀྲུའུ་ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཚེས18ཉིན། ཧེང་ཏ་ས་ཁང་བདག་ཁོངས(恒大地产)ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གསུམ་ལ་དམིགས་ནས་ཀྲུང་གོ་དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཞུས་ཅ་དབྱིན་དང་ཞ་ཧའེ་ཅུན་སོགས་ལ་ཚེ་གང་ལ་དངུལ་འཛིན་ཁྲོམ་རར་ཞུགས་མི་ཆོག་པའི་བྱ་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས།

    33.jpg

  • ཚེས18ཉིན། རང་རྒྱལ་གྱི་པོ་ཧའེ་དབུས་བྱང་རྒྱུད་ཀྱི་མཚོ་ཁོངས་སུ་སླར་ཡང་ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་སྟེ། ཆིན་ཧོང་ཏོ་གླིང་ཕྲན་གྱི27-3སྣུམ་ཞིང་ཤེས་རྟོགས་བྱུང་ཞིང་། རྡོ་སྣུམ་གྱི་ས་གཤིས་གསོག་ཚད་ཏུན་དུང་ཕྱུར1.04ཟིན་ཡོད།

    4.gif

  • ཀྲེ་ཅང་ལི་ཧྲུའེ(浙江丽水)ཡི་སྐྱེས་པ་ཞིག་ཟ་ཁང་དུ་ཟ་མ་ཟ་སྐབས་གློ་བུར་དུ་མགོ་ཡོམ་འཁོར་ནས་ལོག་པ་ན། ཁྱིམ་མཚེས་ཀྱི་སྨན་པ་ལིའུ་ཁྲི་ཡིས་མྱུར་དུ་པུས་མོ་སར་བཙུགས་ནས་སྐྱོབ་ཐབས་བྱས་པ་དང་འབྲེལ120ལ་ཁ་པར་བཏང་ནས་དུས་ཐོག་ཏུ་བསྐྱབས། སྐྱེས་པ་དེ་ད་ལྟ་ཚེ་སྲོག་ལ་ཉེན་ཁ་མེད།

    སྲིད་ཇུས།

  • ཀོང་ཏུང་གིས་ད་ལོའི་འབྲིང་རྒྱུགས་སུ་གཞུང་བཙུགས་སྤུས་ལེགས་མཐོ་རིམ་སློབ་འབྲིང་རེར་ཉུང་མཐར་ཡང་སློབ་བསྡུའི་མི་གྲངས50%བགོས་ཏེ་ས་ཁོངས་ནང་གི་དམའ་རིམ་སློབ་འབྲིང་ཁག་ལ་ཐད་ཀར་བགོ་བཤའ་རྒྱག་རྒྱུ་དང་འབྲེལ་དམའ་རིམ་སློབ་འབྲིང་དང་གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང་ལ་འོས་འཚམ་ཕྱོགས་རྒྱུ་ཁ་གསལ་བཏོན།

  • ཧོ་ནན་གྱིས་བྱེད་ཐབས་བཀྲམ་ནས་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་ཁུལ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ཆོག་མཆན་ཐོབ་པའི་གླིང་ཁུལ་རེར་སྒོར་ཁྲི200ལས་མི་བརྒལ་བའི་བྱ་དགའ་དང་ཁ་གསབ་སྤྲོད་རྒྱུ་རེད།

  • ཧྲན་ཏུང་གིས་སྲིད་ཇུས་བཏོན་པ་སྟེ། རིན་མེད་ཁྲག་འབུལ་རིམ་རྩིས་བྱས་ན་ཧའོ་ཧྲེང1000ཡན་ཟིན་པར་ཚེ་གང་རིང་ཚད་མེད་པའི་ནད་ཐོག་སྨན་བཅོས་ཀྱི་ཁྲག་སྤྱོད་འགྲོ་གྲོན་མར་གཅོག་དང་རྩ་ཆག་གཏོང་རྒྱུ་ཡོད།

    དེ་རིང་གི་གནམ་གཤིས།

    55.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ལེའོ་ཉིང་གི་ས་ཆ་མང་ཆེ་བ། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་བོད་ལྗོངས་ཤར་རྒྱུད་ཀྱི་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ། ཧྭ་ནན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།