མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཉག་ཆུ་རྫོང་གི་མེ་སྐྱོན་སྐོར་གྱི་གནས་ཚུལ་གསར་པ།

2024-03-19 09:25:10   |   251

རྩོམ་སྒྲིག དོན་འགྲུབ་མཚོ། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


20240318fd97934a3a3450a929f23eae97567900.jpg

ཟླ་བ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གསར་འགོད་པས་སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རོགས་སྐྱོབ་སྟོབས་ཤུགས་མི་ཆིག་སྟོང་ཉིས་བརྒྱ་ལྷག་གིས་ཛ་དྲག་ངང་མེ་བསད་པ་བརྒྱུད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་མགར་ར་གྲོང་རྡལ་གྱི་ནགས་ཚལ་མེ་གསོད་ལས་ཀ་བདེ་བླག་སྒྲུབ་བཞིན་ཡོད་ལ། མེ་ཤོར་ས་དང་པོའི་མེ་བསད་ཐུབ་ཡོད་པ་རེད། མེ་ཤོར་ས་དང་པོར་མེ་གསོད་ལས་འགན་འཁུར་མཁན་གྱི་དཀར་མཛེས་ཁུལ་ནགས་ཚལ་ཡན་ལག་རུ་ཁག་གིས་དེ་མ་ཐག་དུ་བ་ཡོད་ས་དང་སྡོང་རྐང་། ཡལ་ཀའི་ཆག་རོ་སོགས་ཀྱི་མེ་རོ་གཙང་སེལ་བྱེད་བཞིན་ཡོད། མེ་ཤོར་ས་གཉིས་པ་དང་གསུམ་པ་ཡང་འཆར་གཞི་ལྟར་ལས་འགན་བདེ་བླག་ངང་སྒྲུབ་བཞིན་ཡོད། 

སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་དང་དེ་བཞིན་ཉག་ཆུ་དང་བརྒྱད་ཟིལ། དར་མདོ། རོང་བྲག་བཅས་ཀྱི་ཆེད་ལས་མེ་གསོད་རུ་ཁག་གིས་ཐང་མདའ་གྲོང་ཚོའི་མེ་མཚམས་ནས་བརྒལ་རྗེས། མེ་ཤོར་ས་གཉིས་པ་བྱང་ཤར་ཕྱོགས་སུ་མཆེད་པར་བཀག་འགོག་བྱས་པས་མེ་སྐྱོན་རྒྱ་ཆེར་འགྲོ་རྒྱུར་ཚོད་འཛིན་ཡང་དག་ཐུབ་ཡོད།

རོགས་སྐྱོར་བྱེད་མཁན་སི་ཁྲོན་ཞིང་ཆེན་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ཕན་ཀྲི་ཧྭ་ཡན་ལག་རུ་ཁག་དང་རྔ་བ་ཡན་ལག་རུ་ཁག ལེའང་ཧྲན་ཡན་ལག་རུ་ཁག་བཅས་ཀྱང་ཉག་ཆུ་ཁར་འབྱོར་ཏེ་དེ་རིང་ཐོ་རེངས་དུས་ལ་མེ་ཤོར་ས་གཉིས་པ་ནས་མེ་གསོད་པར་བསྐྱོད།

གསར་འགོད་པས་དཀར་མཛེས་ཁུལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་མེ་སྐྱོན་ཤོར་ས་དང་པོ་ཉག་ཆུ་རྫོང་གྲོང་གི་ལྷོ་ནུབ་ཕྱོགས་སུ་ཡོད་པ་དང་། མེ་ཤོར་ས་གཉིས་པ་དེ་ཉག་ཆུ་རྫོང་གྲོང་གི་བྱང་ཤར་ཕྱོགས་སུ་ཡོད། མེ་ཤོར་ས་གསུམ་པ་དེ་ཉག་ཆུ་རྫོང་གྲོང་གི་ནུབ་བྱང་ངོས་སུ་ཡོད་ལ། མིག་སྔར་རིམ་རྩིས་བྱས་ན་མེ་གསོད་སྟོབས་ཤུགས་མི་གྲངས་ཉིས་སྟོང་སུམ་བརྒྱ་ཉེར་དྲུག་མེ་གསོད་ལས་ཀའི་ནང་ཞུགས་ཡོད།

མེ་སྐྱོན་དབང་གིས་ཉག་ཆུ་རྫོང་གིས་ཁྱོན་བསྡོམས་མང་ཚོགས་དུད་ཚང1360དང་མི་གྲངས5908གནས་སྤོ་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་ཆུ་ཁ་གྲོང་རྡལ་གྱི་དུད་ཚང435དང་མི་གྲངས1873དང་། མཁར་རིང་པོ་ཞང་གི་དུད་ཚང183དང་མི་གྲངས1380དང་། མགར་ར་གྲོང་རྡལ་གྱི་དུད་ཚང742དང་མི་གྲངས2655བཅས་འདུས་ཡོད།


མཉམ་སྤྱོད།